རྡོ་ཁོག་སྟོད་ཀྱི་དགའ་ལོ།

ཧོར་བུ་ཀར་བསམ།(པདྨ) 琼迈文学网 2026-01-16
རྩོམ་པ་པོ་ངོ་སྤྲོད།
ཧོར་བུ་ཀར་བསམ་ནི་མགོ་ལོག་པདྨ་རྫོང་ནས་སྐྱེས། དགའ་ཕྱོགས་ཀྱི་དབང་གིས་སྙན་ངག་གཙོ་བྱས་རྩོམ་ལུས་འགའ་སྤྱད་དེ།བྱིས་སྒྲུང་དང་བྱིས་པའི་སྙན་ངག  ལྷུག་རྩོམ། ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་སོགས་བརྩམས་ཆོས་སུམ་ཅུ་རྩ་གྲངས་ཤིག་ཀློག་མཁན་དག་གི་སྤྱན་ལམ་དུ་« གངས་རྒྱན་མེ་ཏོག » དང་« གངས་རྒྱན་ན་ཆུང་ཚགས་པར »  « གངས་དཀར་རི་བོ »   མགོ་ལོག་ཁུལ་«ཤྭ་སྐྱ »  དུས་དེབ།«  ཀླུ་ཆབ་སྔོན་མོ »  « གུར་ཀུམ་གསར་བའི་ཆུན་པོ »  རྔ་བ་ཁུལ་«ཉིན་རེའི་ཚགས་པར » « མཚོ་སྔོན་བོད་ཡིག་ཚགས་པར » བོད་ལྗོངས་« གཞིས་ཀ་རྩེའི་ཉིན་རེའི་ཚགས་པར » བོད་ལྗོངས་« ཉིང་ཁྲིའི་བོད་ཡིག་ཚགས་པར » «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ »སོགས་ནས་བཀོད་མྱོང་ཡོད།ད་དུང་ཉེར་གཅིག་ལོར་མགོ་ལོག་ཁུལ་གྱི་« ཤྭ་སྐྱ་དུས་དེབ » འདོན་ཐེངས་གསུམ་པའི་སྟེང་ན།རྩོམ་པ་པོ་དམིགས་བཀར་འོས་སྦྱོར་བྱས་མྱོང་ཡོད།གཞན་ད་ལམ་མགོ་ལོག་ཁུལ་རྩོམ་རིག་བྱ་བའི་བསྐོས་མི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན།


 
མགོ་ལོག་ཨ་སྐྱོང་ཡུལ་གྱི་བུ་དོན་འགྲུབ་དང་པདྨ་འབུམ་གྱི་བུ་མོ་ཟླ་དཀར་ཚེ་སྒྲོན་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཞས་ཚན་སོ་བདུན་ཅན།
༡  ཕོ
ཕོ་བཟང་བོ་ཨ་སྐྱོང་དོན་འགྲུབ། །
མ་བཟང་མོ་ཟླ་དཀར་ཚེ་སྒྲོན། ། 
འདི་གཉིས་ཀ་མཐུན་ཚུལ་བཤད་ན། །
བུ་དོན་འགྲུབ་རྟ་ཚོང་སོང་ནས། །
ལོ་གཅིག་དང་ཟླ་བ་དྲུག་འགོར། །
དེའི་རིང་ལ་སྣང་བ་མཐུན་སོང་། །
སྤྱིར་མགོ་ལོག་འབུམ་པ་ཁག་གསུམ། །
ཕ་མེས་དབོན་གཅིག་གིས་བསྐྱངས་ཀྱང་། །
བུ་དོན་འགྲུབ་ཨ་སྐྱོང་མྱི་རེད། །
མ་ཟླ་དཀར་པད་མ་འབུམ་གྱི། །
ས་རྡོ་ཁོག་སྟོད་ཀྱི་འབྲོག་མོ། །
འདི་གཉིས་ཀ་ཆུང་འདྲིས་རོགས་རེད། །
ངོ་ཐུག་ནོ་སྔོན་གྱི་ལས་རེད། །
ན་སེར་ཆེན་གསེར་ལུང་ཁུག་ནས། །
ཁ་བགད་ནས་སྣང་བ་མཐུན་ཞིག །
རྟགས་ཕུ་རུང་ནང་ནས་བརྗེས་ཏེ། །
ཚིག་གོང་བའི་ཁ་ནས་བཤད་ཀྱང་། །
རོགས་མཐུན་པ་སྡེ་བས་མ་ཤེས། །
ཚིག་བཤད་ནོ་ན་ཟླས་མ་གོ །
སྡེ་མི་གཅིག་ཞེ་མཐུན་འདི་གཉིས། །
སའི་ཁ་ཐག་གནམ་གྱིས་ཕྱེས་ནོ། །
སེམས་གངས་དཀར་སྨྲེང་བའི་གཞི་རེད། །
དེ་ཡིན་པས་འབྲལ་རྒྱུ་དཀའ་ཁུ། །
བུ་དོན་འགྲུབ་རྟ་ཚོང་ཚར་ན། །
ཕྱིར་འཁོར་ནས་ཡུལ་ལ་ལོག་དགོས། །
མ་ཟླ་དཀར་ཚེ་སྒྲོན་ཀན་གྱིས། །
རོགས་མི་སྒུག་ཐབས་ཤིག་མེད་ཁུ། །
དེ་ཡིན་ཡང་མིག་མཆི་མ་གཏོང་། །
སྲོག་དམར་པོ་བར་ཆད་མེད་ན། །
ལུས་ཕྲ་མོར་རྒས་ཆ་དོད་ཀྱང་། །
ཞེ་གཏིང་མཐུན་ཆུང་ལོ་མིན་ནས། །
ནང་ཁ་ཡ་ན་ཟླའི་གྲས་ནས། །
ཁ་ལ་གཞས་གཞན་ལ་མི་ལེན། །
 
༢ ཕོ།
 
རྟ་འདོ་བ་སྙིང་ལ་རྗེ་བོ། །
རྟ་ཁྱོད་ཀྱི་རྔོག་མའི་ནང་ལ། །
ངས་དར་ཚོན་སྣ་ལྔ་བཏགས་ཡོད། །
རྟ་གཡང་ལ་ཅན་ཞིག་ཡིན་ན། །
སྒ་གང་ཡིན་རྒྱབ་ལ་མ་ལེན། །
 
༣ མོ།
 
ཞེ་གཏིང་མཐུན་བྱུང་སའི་དགའ་ལོ། །
ས་ཐག་རིང་ཡུལ་གྱི་མྱི་རེད། །
དུ་ཡིན་རུང་སྔོན་གྱི་ལས་རེད། །
དྲིན་ཕ་མ་བྱམས་སེམས་ཆེ་རུང་། །
ཚིག་གོང་ཞུ་བྱེད་རྒྱུ་དཀའ་ཁུ། །
དེ་ལོས་དཀའ་ཆུང་འདྲིས་ངེད་གཉིས། །
སྡེ་མི་གཅིག་གནམ་སའི་བར་རེད། །
བར་ཨ་སྐྱོང་ཁག་གསུམ་ཟེར་ན། །
རྟ་འདོ་བས་ཉིན་ལམ་བཅོ་བརྒྱད། །
རྫ་རི་གསུམ་འགག་འཕྲང་དོག་ས། །
སྨན་བུ་མོའི་གནས་ལམ་མ་དགོས། །
སྟག་ཤར་བས་ཚོང་ལམ་དཀའ་ས། །
ང་ཉམ་ཆུང་བཅོ་བརྒྱད་བུ་མོ། །
གནས་སྟེར་རྒྱུའི་སྲོལ་ག་མེད་པས། །
དྲིན་ཕ་མར་ཞུ་རྒྱུ་སྐྲག་གི །
དེ་ཡིན་ཡང་ཆུང་འདྲིས་དགའ་ལོ། །
འུ་གཉིས་ཀའི་བརྩེ་དུང་མི་འགྱུར། །
སྲོལ་གསར་བའི་ལམ་ཆུང་དོད་དེ། །
སྡེ་ཨ་སྐྱོང་ཁོག་ལ་ང་ཡོང་། །
 
༤ ཕོ།
 
བྱ་རྨ་བྱའི་རྒྱབ་ཀྱི་སྒྲོ་ཐིག། །
རྫ་རི་གསུམ་རྩེ་ཡི་ཀུ་ཤ །
གནས་གཅིག་ནས་སྐྱེ་ནི་མིན་རུང་། །
གསེར་བུམ་པའི་ཁ་ནས་འཛོམས་ནོ། །
ལས་སྨོན་ལམ་འགྲིག་ནི་ལོས་ཡིན། །
 
སྡེ་ཨ་སྐྱོང་ཡུལ་གྱི་དོན་འགྲུབ། །
སྨད་པད་མ་འབུམ་གྱི་ཟླ་དཀར། །
སྡེ་གཅིག་ནས་སྐྱེ་ནི་མིན་རུང་། །
ཞེ་བསམ་པ་གཅིག་ལ་མཐུན་ནོ། །
སྐྱེ་སྔོན་མའི་ལས་དབང་ལོས་ཡིན། །
 
༥ མོ།
 
བྱ་ཁུ་ལོ་སྙིང་ལ་རྗེ་བོ། །
ཟླ་བཞི་བའི་སྦྲང་ཆར་མ་འབབ། །
གསུང་སྙན་མོ་གོ་རྒྱུ་མེད་ཁུ། །
ཟླ་བདུན་པའི་སྟོན་སྤྲིན་རྒྱུ་དུས། །
ང་གཤོག་མཐུན་འཇོལ་མོ་བསྐྱུར་ནས། །
བྱ་མི་འཕུར་ཐབས་ཤིག་ཨེ་ཡོད། །
 
རོགས་ཆུང་ལོ་སྙིང་ལ་རྗེ་བོ། །
རུ་སྡེ་བ་གཅིག་གི་མིན་པས། །
ཚིག་བཤད་ནས་འགྲོགས་ཁོམ་མེད་ཁུ། །
ཚོང་ཚར་ན་ཕྱིར་ལ་འགྲོ་དགོས། །
ང་ཞེ་མཐུན་རོགས་ལོ་བསྐྱུར་ནས། །
རོགས་མི་འགྲོ་ཐབས་ཤིག་ཨེ་ཡོད། །
 
༦ ཕོ།
 
ནགས་ལྗང་ལོའི་ཡལ་གའི་སྟེང་གི །
གསུང་སྙན་པའི་བྱེའུ་ཆུང་འཇོལ་མོ། །
བྱ་འཕུར་ནས་མོན་ལ་འགྲོ་ཁར། །
ཞེ་སྨྲེང་བའི་གྲེ་འགྱུར་མ་སྒྲོག །
ཟླ་བཅུ་བའི་ཁངས་རྒན་ཞུ་ན། །
དབྱར་ར་བའི་སྦྲང་ཆར་འབབ་དུས། །
ནགས་རྒྱ་རྫོང་དཀྱིལ་ནས་འཛོམས་འོང་། །
 
ས་རྡོ་ཁོག་སྟོད་ཀྱི་དགའ་ལོ། །
ངའི་ཆུང་འདྲིས་ཞེ་མཐུན་ལོ་ལོ། །
རོགས་མི་འདུག་ཡུལ་ལ་འགྲོ་ཁར། །
ཞེ་སྡུག་ནས་མིག་མཆི་མ་གཏོང་། །
སྲོག་དམར་པོར་བར་ཆད་མེད་ན། །
ལོ་གསར་བའི་ཟླ་སྟོད་ཅིག་ལ། །
ང་མི་འགོར་ཕྱིར་ལ་ཐོན་འོང་། །
 
༧ ཕོ།
 
ལོ་ཉི་ཤུའི་རྩེ་ཡ་དགོད་རོགས། །
ས་རྡོ་ཁོག་སྟོད་ཀྱི་དགའ་ལོ། །
མ་བཟང་མོ་ཟླ་དཀར་ཁྱོད་ནི། །
དབྱར་དྲུག་པའི་མེ་ཏོག་བཞད་འདྲ། །
ཚེས་བཅོ་ལྔའི་ཟླ་བ་ཚེས་འདྲ། །
བློ་ཤེས་རྒྱ་ཅན་གྱི་རོགས་ལོ། །
ང་མི་འདུག་ཕྱིར་ལ་སོང་རྗེས། །
ཞེ་དམ་ཚིག་མ་འགྱུར་སྡོད་དང་། །
སྡེ་ཨ་སྐྱོང་ཡུལ་གྱི་དགའ་ལོ། །
ཅང་མི་འགོར་ཕྱིར་ལ་ཐོན་འོང་། །
ལུག་འཚོ་སའི་རྫ་སྒང་དེ་ནས། །
རོགས་འུ་གཉིས་བསྐྱར་ཐུག་བྱས་ཆོག །
དེའི་བར་དུ་དགའ་ལོ་བདེ་མོ། །
 
༨ མོ།
 
ངའི་འདང་ཆེན་སྙིང་གི་དགའ་ལོ། །
ཁྱོད་མིན་ན་རུ་སྡེ་འདི་ནས། །
རོགས་གཞན་ལ་འགྲོགས་རྒྱུའི་དཔེ་མེད། །
ཁྱོད་མ་འགོར་ཕྱིར་ལ་ཤོག་དང་། །
ལུག་འཚོ་སའི་རྫ་སྒང་འདི་ནས། །
ཞེ་བསམ་པ་རོགས་ལ་ཆགས་པའི། །
མ་གཉོམ་ཆུང་ཟླ་དཀར་ང་ཡིས། །
སྟོད་ཨ་སྐྱོང་ཡུལ་གྱི་དགའ་ལོ། །
ཕོ་སྐྱེ་སྒོ་འཛོམས་པའི་ཆུང་འདྲིས། །
རོགས་ཡག་པ་དོན་འགྲུབ་ཁྱོད་རང་། །
ཕྱིར་འཁོར་ནས་ཐོན་རྒྱུར་སྒུག་འདུག །
 
༩ མོ།
 
རོགས་འདང་ཅན་སྙིང་ཆུང་འདྲ་བོ། །
ཁྱོད་མི་འདུག་ཕྱིར་ལ་འགྲོ་ན། །
ལམ་སྐྱ་མོ་ཁ་ཐག་རིང་གི །
དགྲ་ཇག་པ་གར་ཡོད་མི་ཤེས། །
དེའི་བར་གྱི་དབང་ཆེན་སྟོད་སྨད། །
ཕྱི་ཁྲམ་ཁ་རྒོད་ས་ཡིན་པས། །
ཚེ་རིང་རྒྱུའི་ཆུང་དུས་དགའ་ལོ། །
བྱ་ཧོར་བ་འདྲ་ཡི་བློ་སྒྲིམས། །
ཟླ་རྗེས་མའི་ཁུ་བྱུག་གྲག་དུས། །
ངའི་ཕྱོགས་ལ་སྐོར་ཞིག་གནོངས་དང་། །
ཡུལ་ཕ་མ་ཉི་ཟླ་ཟུང་ལ། །
ཚིག་འཇམ་པོས་ཞུ་བ་ངས་བྱེད། །
 
༡༠ མོ།
 
སྟོན་བརྒྱད་པའི་ཤིང་ལོ་འཐོར་དུས། །
བྱ་ཁུ་བྱུག་གྲེ་འགྱུར་ཅན་པོ། །
ལྷོ་མོན་ལ་འགྲོ་རན་ཐོན་པས། །
སྔོ་ལྡེམ་མེའི་གཙང་མཐའ་བརྒྱུད་དེ། །
དགུང་གནམ་འཕང་བཅད་ནས་འཕུར་དུས། །
ཤིང་ཚེར་མའི་ཡལ་གའི་སྟེང་ན། །
གཉོམ་དུང་ངེ་ལྷག་ནོ་འཇོལ་མོ། །
དེ་ཡིན་ཡང་གཤོག་མཐུན་འཕུར་ཡ། །
དབྱར་རྗེས་མར་ཕྱིར་ལ་ཤོག་དང་། །
ནགས་ལྗང་ལོའི་མཐའ་ནས་སྒུག་ཨ། །
 
རྟ་འདོ་བའི་ཚོང་ཁ་རྫོགས་དུས། །
རོགས་འདང་ཆེན་ལྷ་སྐུ་འདྲ་བོ། །
ཕྱིར་འཁོར་ནས་རང་སྡེར་འགྲོ་དགོས། །
རྫ་ཁྲ་ཡག་སྐྱ་ལམ་འཐེན་ནས། །
རོགས་མི་འདུག་ཡུལ་ལ་འགྲོ་དུས། །
རུ་སྡེ་བའི་བཤད་ཁའི་བར་ན། །
གཉོམ་དུང་ངེ་ལྷག་ནོ་ང་རེད། །
དེ་ཡིན་ཡང་འདང་ཆེན་དགའ་ལོ། །
ཁྱོད་མ་འགྱིང་ཕྱིར་ལ་ཤོག་དང་། །
ལུག་གཡང་དཀར་མཐའ་ནས་སྒུག་ཨ། །
 
༡༡ མོ།
 
སྡེ་མི་གཅིག་ཞེ་མཐུན་དགའ་ལོས། །
སེམས་གངས་དཀར་སྨྲེང་བ་ཤར་ལེ། །
མིག་ཁྲ་ཆུང་མཆི་མས་ཁེངས་ཀྱང་། །
གྲོགས་རྟ་ཚོང་སྐོར་དང་ལྷན་དུ། །
སྡེ་ཨ་སྐྱོང་ཕྱོགས་ལ་བུད་ཐལ། །
མིག་མཆི་མས་གོང་བ་བརླན་ཡང་། །
རོགས་འདང་ཆེན་ལམ་ལ་ལང་ན། །
ཕྱི་འཛུམ་དཀར་སོ་ཕྲེང་བར་ནས། །
ཚེ་རིང་རྒྱུའི་རོགས་ལོ་ལོ་ལོ། །
ཁྱོད་ཚེ་རིང་ལོ་བརྒྱ་ཤོག་ཅེས། །
རོགས་ཆུང་ལོ་སྐྱེལ་མ་བྱས་ཡོད། །
 
༡༢ ཕོ།
 
སྔོན་སྨོན་ལམ་བཏབ་ནི་མིན་རུང་། །
ཚེ་གཅིག་ལ་མཉམ་འགྲོགས་འདོད་ནོ། །
སྐྱེ་སྔོན་མའི་ལས་དབང་ལོས་ཡིན། །
ས་གླིང་ཤུལ་གཡུ་སྔོན་ཐང་གི །
རོགས་ཡག་པ་མེ་ཏོག་འདྲ་བོ། །
སའི་ཁ་ཐག་རི་ཆུས་ཕྱེས་ཀྱང་། །
ཞེ་བསམ་པ་རོགས་ལ་འཁོར་ཡོད། །
ངའི་ལྷོ་རི་དར་དཀར་སྣང་རྩེ། །
རི་སྨུག་པ་ཅན་པོའི་མགོ་ནས། །
རོགས་ས་ཡི་རི་རྒྱུད་བཙལ་ཡང་། །
སྟོད་དབང་ཆེན་གོང་འོག་བར་གསུམ། །
རི་མཐོན་པོ་གཅིག་རྒྱབ་གཉིས་རེད། །
རོགས་ཆུང་ལོའི་སྐྱེ་ལྷ་སྨུག་པོ། །
མཇལ་འདོད་ཀྱང་རི་ཚོགས་རྒྱབ་རེད། །
 
༡༣ ཕོ།
 
མཚོ་སྔོན་པོ་སྔོ་མཚོའི་ཁ་ན། །
བྱ་ངུར་བས་ངུར་མ་ཁྲིད་ནས། །
མཚོ་ལྗང་ལོའི་མཐའ་ནས་བསྐོར་དུས། །
ངས་གཤོག་མཐུན་འཕུར་རོགས་དྲན་ནས། །
མཚོའི་ཁ་མཐའ་སྟོང་སྐོར་ཤོར་ཁུ། །
 
སྡེ་ཆེན་པོའི་རྩེ་རའི་དཀྱིལ་གྱི། །
ནང་ན་ཟླ་གཞོན་ཤ་ཅན་ཚོས། །
ཁ་ལ་གཞས་ངག་ལ་འགུགས་དུས། །
ང་ཁྲ་ཡག་རྫ་ལ་བུད་ནས། །
ས་ཐག་རིང་རྒྱང་བལྟ་ཤོར་ཁུ། །
 
༡༤ མོ།
 
རི་ཡག་པ་བུམ་ཆུང་འདྲ་བོ། །
རྩྭ་མེད་རུང་ས་དྲི་ཞིམ་ཁུ། །
སྔོ་རྩེ་དམར་ས་ཁར་འབུད་ན། །
ལུག་འཚོས་ནས་བསྡད་ན་འདོད་ཁུ། །
 
རོགས་ཡག་པ་ལྷ་སྐུ་འདྲ་བོ། །
ཐག་རིང་ཡང་བརྗེད་རྒྱུ་མེད་ཁུ། །
ཕྱིར་འཁོར་ནས་ཐུག་གི་ཡོང་ན། །
རོགས་དྲན་ཚུལ་བཤད་ན་འདོད་ཁུ། །
 
༡༥ མོ། 
 
དགོང་མུན་ནག་ས་རྩ་རུབ་དུས། །
གནམ་སྔོན་པོར་མིག་གིས་བལྟས་ན། །
ཁྲ་ཆེམ་མེའི་སྐར་ཚོགས་མཐོང་སའི། །
ཕྱོགས་བཞི་ལས་བྱང་གི་ནམ་མཁའི། །
མདངས་གཞན་ལྷག་སྐར་མ་མེ་བདུན། །
འོད་ལམ་མེ་འཆར་ནོ་རིག་ན། །
རོགས་ཆུང་ལོའི་ཡུལ་ཕྱོགས་བསམ་ནས། །
དགུང་སྐར་མ་རོགས་ལོ་མིན་རུང་། །
འདང་ཞེ་རྩིས་གཞན་གྱི་ལྷག་རེད། །
འོད་ཉི་མས་ས་གཞིར་ཁེབས་ཀྱང་། །
ཡུལ་བྱང་ཕྱོགས་ནམ་མཁའི་དབྱིངས་སུ། །
མིག་ཁྲ་མོས་ཡང་བལྟ་ཤོར་ཁུ། །
ཞེ་བསམ་པ་བྱང་ལ་ཐོགས་ཁུ། །
 
༡༦ ཕོ།
 
རི་སྨུག་པོ་སྨུག་པ་ཅན་པོ། །
ལྷ་གོང་མ་གཉན་པོ་གཡུ་རྩེ། །
འབྲོང་བྲེ་ལོས་རྫ་ལམ་དོད་ས། །
ཆབ་ཆུ་བོས་ཡོལ་བ་འཐེན་ས། །
ཕོ་ང་ཡི་སྐྱེས་ལྷ་ཕྱུག་མོ། །
གནས་བདེ་ལྡན་ཞིང་གི་འདབས་ནས། །
ལ་མང་བོའི་ཕ་མཐར་འཚོ་བའི། །
རོགས་ཆུང་ལོ་གཏིང་ནས་དྲན་ཁུ། །
ངོ་མ་ཐུག་ཞེ་རྩ་སྨྲེང་གི །
སེམས་སྐྱ་མོ་སྐྱོ་བས་མནར་ཁུ། །
 
༡༧ མོ།
 
ཟླ་དྲུག་པའི་ཡར་ཚེས་དང་པོ། །
བཀྲ་ཤིས་པའི་དགའ་བ་དང་པོའི། །
དགུང་ཉི་རྩེ་རི་ལ་འཕྲོ་དུས། །
རྫ་ཁྲ་ཡག་གཏན་བརླིང་ཅན་པོས། །
སེར་ལམ་མེ་གསེར་ཞྭ་མནབ་སྐབས། །
ཁྱིམ་ཡར་ཕུགས་ནོར་བུ་ཆ་འགྲིག །
དྲིན་གཞལ་མེད་ཕ་ལོ་མ་ལོར། །
ལུས་གུས་པས་ཕྱག་གསུམ་འཚལ་ཏེ། །
ངག་འཇམ་པོས་ཞུ་བ་བྱས་ནོ། །
 
༡༨ མོ།
 
ངའི་དྲིན་ཆེན་ཕ་ལོ་མ་ལོ། །
ཐུགས་མ་སུན་ཞུ་བར་གསན་རོགས། །
དོན་བཟང་བོ་ཞུ་རྒྱུ་མེད་ཀྱང་། །
གལ་ཆེ་བའི་ཚིག་གསུམ་ངས་ཞུ། །
ཆུང་བཅོ་བརྒྱད་བུ་མོ་ཟེར་ཡང་། །
སྨན་ཅོ་ཐོགས་འགྲོ་ས་གནས་རེད། །
འདི་ཡོད་ཚད་སྔོན་མའི་སྲོལ་རེད། །
སྲོལ་དེ་ལ་ང་ཡང་ལོས་འཇུག །
ལོ་སྔོན་མའི་ལོ་སྟོད་ཅིག་ལ། །
སྡེ་མི་གཅིག་ཨ་སྐྱོང་ཁོག་གི །
ཕོ་འདང་ཆེན་དོན་འགྲུབ་ངེད་གཉིས། །
བློ་མི་འགྱུར་དམ་བཅའ་བཞག་ཡོད། །
ཚིག་བཤད་པ་མནའ་ཡིས་དགག་ཡོད། །
སྡེ་ཨ་སྐྱོང་ཁ་ཐག་རིང་ཡང་། །
སྦྲ་མཐིང་སྨུག་གཅིག་གི་འོག་ནས། །
མཉམ་གཅིག་ལ་འདུག་ཐག་བཅད་ཡོད། །
ཚེ་གང་གི་སྐྱ་ཡ་བྱེད་ཅེས། །
ལྷ་དཀོམ་མཆོག་དཔང་ལ་བཞག་ཡོད། །
 
༡༩  ཨ་ཕས།
 
ཆུང་བཅོ་བརྒྱད་བུ་མོ་ཟླ་དཀར། །
ཁྱོས་རང་སྡེ་ཁྲ་མོ་བསྐྱུར་ནས། །
ས་ཐག་རིང་གནམ་སའི་འདྲེས་མདོར། །
གནས་འགྱོ་རྒྱུ་ཟེར་དོན་ཅི་ཡིན། །
གནས་འགྱོ་བསམ་བྲེལ་བ་མི་དགོས། །
གནས་འགྱོ་ས་ཕ་མས་བཙལ་ཡོད། །
སྡེ་ཞོལ་མའི་དཔོན་པོ་ཚང་གི །
བུ་ཆུང་བར་འགྱོ་རྒྱུ་བྱས་ཡོད། །
ས་ཨ་སྐྱོང་གོང་འོག་བར་གསུམ། །
གནས་འགྱོ་འདོད་ཡིད་ལ་མ་འཁོར། །
ཕྱི་སྡེ་བས་གོ་ན་འཕྱ་ལ། །
ནང་བཟའ་བས་གོ་ན་སུན་ཁུ། །
ཟླ་རྗེས་མའི་ཚེས་བཟང་ཉིན་བཟང་། །
སྐྱེ་གདོང་རྒྱུད་ཅན་གྱི་དཔོན་ཚང་། །
ཁྱོད་སྔོན་མར་ལེན་ཁུ་ཡོང་ཟེར། །
ལོ་རྗེས་མའི་ལོ་སྟོད་ཅིག་ལ། །
ནང་ཕུ་ནུས་སྐྱེལ་མ་བྱེད་ལ། །
ནོར་རོག་པོས་རྫོང་པ་བྱེད་ལ། །
གཡུ་བྱུ་རུའི་རྒྱན་ཆ་བསྒྲིགས་ནས། །
གོས་ཚ་རུར་སྲམ་ཁ་སྤྲད་ལ། །
དེའི་བར་དུ་དྲན་རྒྱུ་མ་མང་། །
ཚིག་དེ་འདྲ་གོ་ན་སུན་ཁུ། །
 
༢༠ ཨ་མས།
 
ངའི་བུ་མོ་ཟླ་དཀར་ཚེ་སྒྲོན། །
མྱི་ཆ་མེད་ཞེ་སེམས་གཏད་ནས། །
ས་ཐག་རིང་འགྱོ་རྒྱུ་ཟེར་ན། །
ང་ཨ་མའི་ཞེ་རྩ་འཁྲུག་གི །
ངའི་གཅེས་ཕྲུག་ཟླ་དཀར་ཚེ་སྒྲོན། །
ཕོ་དོན་འགྲུབ་ཟེར་བའི་འཁྱམ་པོ། །
རྟ་འཚོང་གི་ཚོང་བ་ཟེར་ཡང་། །
དོན་རྟ་འདེད་ཁྲམ་པ་ཅི་ཤེས། །
ཡང་རྟ་བརྒྱའི་ཚོང་བ་ཡིན་ཡང་། །
སྡེ་ཨ་སྐྱོང་གང་གི་གང་རེད། །
རྟ་འདོ་ཆེན་ཉིན་ལམ་བརྩི་ས། །
དགྲ་ཇག་པས་བུ་ཡུག་འཚུབ་ས། །
སྡེ་མི་གཅིག་སྡེ་ལུང་དེ་རུ། །
ཆུང་བཅོ་བརྒྱད་བུ་མོ་མ་དགོས། །
སྟག་ཤར་ལུས་ཆོད་རྒྱུ་དཀའ་སའི། །
ས་ཐག་རིང་གནམ་སའི་འདྲེས་མདོར། །
ཆུང་ན་ཟླ་གཡོན་དུ་བསྐྱུར་ནས། །
དྲིན་ཕ་མ་རྒྱབ་ལ་བསྐྱུར་ཏེ། །
ཁྱོད་སོང་ན་རུ་སྡེ་ཁྲ་མོའི། །
གཉེན་ཕུ་ནུས་སྡིག་དམོད་བྱེད་ལ། །
བུ་དོན་འགྲུབ་ཟེར་བར་མ་སྒུག །
རང་མ་སྒུག་ཟེར་ནི་མིན་ཡང་། །
ཕོ་ཤེས་རྒྱ་ཅན་ཞིག་ཡིན་ན། །
དཔོན་མི་གཅིག་ལྷ་སྡེའི་བར་ནས། །
རྟ་འདོ་བ་ཉིན་ཞག་བྱས་ནས། །
སྨན་ཤེས་མེད་བཅོ་བརྒྱད་བུ་མོ། །
ཁྱོད་བསུ་མ་ཡོང་གི་དཔེ་མེད། །
སྐྱེ་སྔོན་མའི་ལས་དབང་ཡོད་ས། །
སྡེ་ཞོལ་མའི་དཔོན་པོ་ཚང་རེད། །
མ་བསོད་ནམས་ཅན་ཟིག་མིན་ན། །
གོང་དཔོན་པོར་གཉེན་ཡ་མི་ཟིན། །
ཁྱོད་ཤེས་རྒྱ་ཅན་ཟིག་ཡིན་ན། །
ཚིག་དོན་མེད་གླེང་གི་མ་འདུག །
རུ་སྡེ་བས་གོ་ན་འཕྱ་ལ། །
དཔོན་ཆེན་པོས་གོ་ན་གནོད་འགྲོ། །
 
༢༡ མོ།
 
ངའི་འདང་ཆེན་དགའ་ལོ་དོན་འགྲུབ། །
ཕྱིར་འཁོར་ནས་ཡོང་གི་ཨེ་ཡོད། །
དྲིན་ཕ་མ་ཁ་བཙན་ཆེ་ཁུ། །
སྡེ་ཞོལ་མར་གནས་ལ་སྦྱིན་ཐལ། །
དེ་ཡིན་ཡང་བུ་མོ་མི་འགྲོ། །
ཕོ་བསམ་པ་ཅན་ཟིག་ཡིན་ན། །
ངའི་ཕྱོགས་ལ་སྐོར་ཞིག་རྒྱག་རོགས། །
རོགས་མ་ཐུག་འགྲོ་དགོས་བྱུང་ན། །
གསོན་ས་སྟེང་འདི་ནས་མི་འདུག །
ངའི་ཆུང་འདྲིས་ཞེ་མཐུན་དགའ་ལོ། །
སྨན་ང་ལ་ཐུག་གི་འོང་རོགས། །
 
༢༢ མོ།
 
ས་གླིང་ཤུལ་གོང་འོག་བར་གསུམ། །
ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། །
རྐྱང་ཁ་དཀར་ཁྱུ་བྱས་གཤར་ས། །
ནང་ན་ཟླས་ལུག་ཆུང་འཚོ་ས། །
མཛོ་གྭ་བས་རྭ་རྩེ་བྱེད་ས། །
ངས་ཆུང་འདྲིས་རོགས་ལ་སྒུག་ས། །
རོགས་མ་ཐུག་ཞེ་རྩ་གཉོམ་ནས། །
མིག་ཁྲ་ཆུང་མཆི་མ་འཁོར་ས། །
རོགས་འདང་ཆེན་སྙིང་ཆུང་འདྲ་བོ། །
ཕྱིར་འཁོར་ནས་ཡོང་གི་ཨེ་ཡོད། །
 
༢༣  ཕོ།
 
ས་རྡོ་ཁོག་གང་གི་གང་ན། །
ཆུ་རྡོ་ཆུ་ལྷུང་ལྷུང་འབབ་ས། །
བྱ་ངུར་བས་ངུར་མ་ཁྲིད་ས། །
ན་མེ་ཏོག་འདབ་མ་ཡག་ས། །
རྫ་ཁྲ་ཡག་ལུག་གིས་གང་ས། །
ས་བཅུ་འཛོམས་གཡང་གི་ཕ་ས། །
སྔོ་ལྡེམ་མེ་ལྗང་ལོ་རྒྱས་སར། །
ངའི་འདང་ཆེན་སྙིང་གི་རོགས་ལོས། །
གཉོམ་དུང་ངེ་སྒུག་ཡོད་བསམ་ན། །
སེམས་སྐྱ་མོ་བྲེལ་བ་ལང་གི །
སེམས་ལོས་བྲེལ་ཆུང་འདྲིས་ངེད་གཉིས། །
ངོ་མ་ཐུག་ཟླ་བ་བཅུ་གཉིས། །
ཚིག་མ་བཤད་ཟླ་བ་བཅུ་གཉིས། །
ཟླ་བདུན་པར་ཐུག་འཆར་ཡོད་ཀྱང་། །
ཁྱིམ་ཡར་ཕུགས་དྲིན་ཆེན་ཕ་ལོས། །
ཟླ་བདུན་པར་ལྷ་སར་འགྱོ་ཟེར། །
ང་ཉི་མ་ལྷ་སར་སོང་ན། །
རོགས་ཆུང་ལོ་ཐུག་ཐབས་མེད་ཁུ། །
ཕ་ཨ་ཁུས་འགྱོ་ཆས་སྒྲིག་ཡོད། །
ང་མི་འགྱོ་ཟེར་རྒྱུ་དཀའ་ཁུ། །
རོགས་འདང་ཆེན་མ་ཐུག་བསྡད་ན། །
སེམས་གངས་དཀར་སྐྱོ་བ་ཆེ་ཁུ། །
དེས་ཕྱིར་ན་ཐབས་ཤིག་བཙལ་ཏེ། །
ཡུལ་ཕ་དང་ཨ་ཁུ་ཨ་མར། །
ང་སྟོད་ལ་རྟ་འདེད་བུད་ཐལ། །
ནམ་ཕྱིར་ལ་ཐོན་འདུག་མི་ཤེས། །
དེའི་བར་དུ་ལྷ་སར་སོང་ཞེས། །
ངའི་ནུ་བོ་ཚེ་རིང་ཀན་ལ། །
ཆ་བཞག་སྟེ་གཡང་འཛི་ཞོན་ནས། །
རོགས་ཆུང་ལོའི་ཕྱོགས་ལ་ལམ་ལངས། །
 
༢༤  ཕོ།
 
ཕར་བལྟས་ན་རྫ་ཞིག་རིག་ནོ། །
རི་མཐོན་པོ་ཀུན་ཀྱི་གོང་མ། །
སྤྲིན་སྨུག་པའི་ལ་ཐོད་ཅན་པོ། །
སྐྱེ་དར་མས་དགྲ་ལྷ་བསྟོད་ས། །
ལྷ་གོང་མས་མགོན་སྐྱབས་གནང་ས། །
སྡེ་སྐར་ཚོགས་འདྲ་བོའི་བླ་རི། །
ངའི་ཆུང་འདྲིས་རོགས་ལོའི་རྒྱབ་རི། །
ཡུལ་རྡོ་སྟོད་རྡོ་སྙིང་རལ་བ། །
རི་སྨུག་པོ་རྒྱང་ནས་རིག་དུས། །
རོགས་རིག་འདོད་བྲེལ་བ་ལངས་ཀྱང་། །
སྡེ་དབང་ཆེན་འབུམ་གྱི་འབྲོག་ས། །
ཐང་ཆེན་པོ་གོས་ཆེན་ལྟེབ་འདྲ། །
རི་མཐོན་པོ་གཅིག་རྒྱབ་གཉིས་ལངས། །
རི་རིག་རུང་ཁ་ཐག་རིང་གི །
རོགས་ཆུང་ལོའི་སྐྱེ་ལྷ་མཐོན་པོ། །
སྤྲིན་སྨུག་པའི་ནབ་བཟའ་ཅན་པོ། །
ཐག་རིང་བོའི་ས་ནས་རིག་ཀྱང་། །
ཞེ་བསམ་པའི་གཏིང་ནས་དུང་གི །
ཡང་ལོས་དུང་ཆུང་འདྲིས་རོགས་དང་། །
ངོ་ཐུག་གི་ཉི་མ་ཤར་རེད། །
 
༢༥ ཕོ།
 
ས་ཡར་སྟོད་རེ་ཆུའི་ཁུག་མགོ །
འབྲོང་མ་བརྒྱས་བུ་བརྒྱ་ཁྲིད་ས། །
ན་མེ་ཏོག་སེར་ཆེན་བཞད་ས། །
རི་སྨུག་པོ་སྨུག་སྤྲིན་ཅན་པོ། །
ས་རྡོ་སྟོད་རལ་བ་རྩེ་དགུ། །
རོགས་ཆུང་ལོའི་སྐྱེ་ལྷ་མཐོན་པོ། །
རོགས་རིག་ན་སྣང་བ་ལོས་དུང་། །
རི་རིག་ན་ཡིད་སེམས་སྐྱིད་ཁུ། །
ས་མར་བལྟས་གླིང་ཤུལ་གོང་འོག །
ལུག་གཡང་དཀར་རྩྭ་ལ་བཀྲམ་ས། །
སྡེ་མཐིང་སྨུག་ཅན་པོའི་སྟོན་ས། །
རོགས་ཆུང་ལོས་ལུག་ཁྱུ་འཚོ་ས། །
རོགས་ཐུག་ན་སྨྲེང་བ་ལོས་སངས། །
ས་རིག་ན་སྐྱོ་བ་སངས་ཁུ། །
 
༢༦ མོ།
 
ནགས་ཙན་དན་ལོ་མའི་སྟེང་གི །
བྱ་ཁུ་ལོ་གྲེ་འགྱུར་ཅན་པོ། །
རི་མཐོ་སར་ཁ་བ་ཆེ་རུང་། །
ང་བྱིའུ་ཆུང་འཚོ་སའི་རྫ་རེད། །
རྫ་འདི་ལ་སྐོར་ཞིག་རྒྱག་རོགས། །
བྱ་མ་གྲག་བསྡད་ན་ཆེ་ཉན། །
སྟོན་བདུན་པའི་བར་ཆད་ཆེ་ཁུ། །
 
སྡེ་བཙན་ཕྱུག་འཛོམས་པའི་གླིང་གི །
ཕོ་སྐྱེ་ཡག་བརྩེ་འདང་ཅན་པོ། །
རྫ་རི་གསུམ་ཉག་ཐག་རིང་ཡང་། །
སྨན་བུ་མོས་ལུག་ཆུང་འཚོ་ས། །
གནས་འདི་ལ་སྐོར་ཞིག་རྒྱག་རོགས། །
རོགས་མ་ཡོང་བསྡད་ན་ཆེ་ཉན། །
འུ་གཉིས་ཀ་བར་ཆད་ཆེ་ཁུ། །
 
༢༧ ཕོ།
 
རོགས་ངེད་གཉིས་སྙིང་གཏམ་བཤད་སའི། །
རྫ་ཁྲ་ཡག་སྤེན་མའི་ཁུག་ནས། །
སྔོ་ལྡེམ་མེ་དུ་བ་འཐེན་བཞིན། །
རོགས་ཆུང་ལོ་སྒུག་ནས་བསྡད་དུས། །
ནོར་གཤར་ནས་ཉག་གར་ཐོན་ཡང་། །
མ་ཟླ་དཀར་ཡོང་རྒྱུ་མེད་ཁུ། །
ངས་རྒྱབ་རིའི་རྐེད་ནས་བལྟས་ཀྱང་། །
ནོར་འདེད་ནོ་རོགས་ལོ་མ་རེད། །
དགུང་ཉི་མ་ནུབ་རིར་ཡལ་ཐལ། །
སྲོད་གྲིབ་ཆེན་ཤར་རིར་ཕོག་གི །
ཡུལ་ཆ་མེད་རྫ་རྐེད་འདི་ནས། །
ང་གར་འགྲོ་འདིར་འདུག་མེད་ཁུ། །
སྟོད་གོས་ཚང་ལུང་ཆུང་མདོ་ཡི། །
ངའི་ཤག་བཟང་རྡོར་ཁོའི་ཕྱོགས་སུ། །
རྟ་སྔོ་ཆུང་ཁྲིད་ནས་སོང་ངོ་། །


༢༨ མནའ་ཡ།
 
ཨ་སྐྱིད་ལ་ཐོན་ནོ་འགྲིག་ཐལ། །
ངའི་མནའ་ཤག་དོན་འགྲུབ་ལོ་ལོ། །
མ་ཟླ་དཀར་ཚེ་སྒྲོན་ཀན་ནི། །
སྡེ་ཞོལ་མར་གནས་ལ་སྦྱིན་ནས། །
རྒྱུ་ནོམ་པ་འདོམ་ལ་འཇལ་ཐལ། །
ངས་ཅི་དགོས་འདི་དགོས་མ་ཤེས། །
མ་ཟླ་དཀར་ཁྲིད་ནས་ཡོང་ན། །
སྡེ་དཔོན་པོའི་ཁྲིམས་ཁ་བཙན་ཁུ། །
ཕྱི་རུ་སྡེ་བཤད་ཁ་ཚ་ཁུ། །
ཡང་བསྐྱུར་ན་ཟླ་དཀར་ཀན་གྱིས། །
ཆུ་སྔོན་མོའི་ནང་ལ་ལྕེབས་ནས། །
སྲོག་དམར་པོ་གཅོད་རྒྱུ་ཟེར་བས། །
ཐབས་གོར་མོའི་སྐོར་མགོ་མ་རྙེད། །
ཁྱོད་ཡོང་རྒྱུར་རེ་བ་བྱས་ཡོད། །
 
༢༩ ཕོ།
 
གནམ་སྔོན་པོ་འཁོར་ལོ་རྩིབས་བརྒྱད། །
ས་དོག་མོ་པདྨ་འདབ་བརྒྱད། །
ཞེ་བསམ་པ་ཅན་ཟིག་མིན་རུང་། །
དགུན་ཁ་བ་ལྷགས་རླུང་བཙན་པས། །
ཆར་ཟིལ་མས་ས་གཞི་བརླན་ནས། །
དབྱར་དྲུག་པའི་རང་མདངས་སྟོན་ཁུ། །
 
རྗེ་བླ་མ་བྱམས་བརྩེ་ཅན་པོ། །
ལྷ་གོང་མ་ཁ་འཛིན་ཅན་པོས། །
རོགས་ངེད་གཉིས་བར་ཆད་ཆེ་བ། །
མཚན་རྨི་ལྟས་ངན་ནི་མེད་རུང་། །
ངའི་བློ་ཁ་རོགས་ལ་ཕྱོགས་ནས། །
རོགས་ངེད་གཉིས་ཐུག་ཐབས་བྱས་ཟིག །
 
༣༠ གནའ་ཡ་རྡོར་ཁོ།
 
ཕོ་བཟང་བོ་དོན་འགྲུབ་ལོ་ལོ། །
རྟ་འདོ་བ་སྔོ་ཆུང་གཡང་འཛིའི། །
ལུས་རྨིག་བཞི་བརྩེད་ལ་འཁོར་བས། །
ས་བྱང་ལམ་ཆོད་རྒྱུ་མ་རེད། །
ངའི་རྟ་ར་གོང་མའི་ནང་གི། །
རྟ་འདོ་ཆེན་གྱོ་ཁྲ་ཐིག་མང་། །
རྫ་རི་གསུམ་ཆོད་པའི་རྟ་ཡིན། །
རྟ་ཀན་ལ་སྒ་སྲབ་ཚར་ན། །
ངའི་རྟ་ར་ཞོལ་མའི་ནང་གི། །
རྟ་དཀར་ཆུང་དུང་ལེ་འདྲ་བོ། །
ནང་རྟ་བརྒྱའི་གོང་གི་རྟ་ཡིན། །
རྟ་ཀན་ལ་སྒ་ཆས་རྒྱོབ་དང་། །
ངའི་མཛོད་ཁང་བར་མའི་ནང་ན། །
རྟ་འདོ་བའི་སྒ་སྲབ་བཞག་ཡོད། །
རྟ་དཀར་དཀར་གོང་གི་བག་མ། །
ལས་འདོད་དགུ་འགྲུབ་པའི་ལྷ་མོ། །
ཚེ་གཅིག་གི་སྐྱ་ཡ་བཟང་མོ། །
མ་སྐྱེ་ཡག་ཟླ་དཀར་ཚེ་སྒྲོན། །
བར་ཨ་སྐྱོང་ཕྱོགས་སུ་ཁྲིད་ན། །
ཡུལ་ཆ་མེད་རུ་ཁ་འདི་ནས། །
ཕྱི་སྡེ་སྔུན་མིག་སྔུན་མ་འབུད། །
དགོང་མུན་ནག་ས་རྩ་མ་རུབ། །
ཁྱིམ་ཡ་ཕུག་ཀན་ནས་སྡོད་དང་། །
ངས་རག་ཆུང་གོམ་ལག་ཅན་པོར། །
ཡང་སྒ་ཆ་སྲབ་མདའ་བྱས་ནས། །
མ་ཟླ་དཀར་བསུ་མ་སོང་རྗེས། །
འོད་ལམ་མེ་ཟླ་བ་འཆར་དུས། །
ས་གླིང་ཤུལ་བར་མའི་མདོ་ན། །
རྟ་འདོ་བ་སྒྲོག་ལ་ཆུག་སྟེ། །
སྨན་ཟླ་དཀར་ཐོན་པར་སྒུགས་དང་། །
ངས་མ་བཟང་ཟླ་དཀར་ཚེ་སྒྲོན། །
ཕོ་ཁྱོད་ཀྱི་འགྲམ་ལ་ཁྲིད་འོང་། །
རོགས་ཁྱེད་གཉིས་ལམ་ལ་ལོངས་དང་། །
ནང་རུ་སྡེའི་གར་སོང་མི་ཤེས། །
བར་ལ་ཨ་སྐྱང་ཁོག་ལ་ཐོན་དུས། །
ཚིག་འཇམ་པོས་མགོ་རྐང་སྒྲིགས་དང་། །
གོང་དཔོན་པོ་ཁ་བཙན་ཆེ་རུང་། །
སྡེ་མི་གཅིག་གནམ་གྱི་འོག་རེད། །
ལམ་ཡག་པོའི་ལུགས་ཁ་འཁོར་ན། །
ང་རྡོར་ཁོ་བར་ནས་བསྡད་དེ། །
གྱོད་ཁ་མཆུ་འགྲིག་ལ་སྐོར་ཨ། །
 
༣༡ མོ།
 
སྦྲ་མཐིང་སྨུག་ཁ་ཚུབ་ནང་ན། །
ཁྲ་ལམ་མེའི་སྐར་ཚོགས་འཆར་སྐབས། །
རླུང་བསེར་མས་གུར་སྒོ་རྡེབ་ཁུ། །
ཁྱི་རྒྱ་བོས་ངར་སྐད་སྒྲོག་དུས། །
གུར་དཀར་པོའི་ས་འཇུའི་བར་ནས། །
མ་ཟླ་དཀར་ཟེར་ནས་འབོད་ཁུ། །
རྣ་གོར་མོས་ཕར་ལ་ཉན་ནས། །
ངག་དམའ་མོས་ཨ་ལན་སྦྱིན་དུས། །
ངའི་རོགས་ལོའི་ཤག་བཟང་རྡོར་ཁོས། །
ད་མ་ཉལ་ཡར་ལ་ལོངས་དང་། །
ཕོ་དོན་འགྲུབ་ཐོན་ཐལ་ཟེར་ཁུ། །
 
༣༢ མོ། 
 
ཨ་སྐྱིད་ལ་དགུང་སྔོན་ནམ་མཁའ། །
དུང་ཟླ་བ་སྙིང་རྗེ་ཅན་པོ། །
ངའི་ཞེ་མཐུན་རོགས་ལོ་དོན་འགྲུབ། །
མ་ང་རང་བལྟ་རུ་ཐོན་ནོ། །
རྣ་གོར་མོས་གོ་ན་དགའ་བས། །
ལྷམ་ཡ་གཅིག་ལག་ཏུ་བཟུང་ནས། །
གུར་དཀར་ཆུང་སྒོ་ལ་ཐོན་དུས། །
རྟ་རག་དཀར་སྲབ་མདའ་འཛིན་ནོ། །
ཕོ་ཡ་རབས་རྡོར་ཁོ་ཀན་གྱིས། །
ཁྱོའི་རོགས་ལོ་སྟོད་ན་ཐོན་ཡོད། །
རྟ་ཞོན་དང་ཐུག་གི་འགྱོ་ཟེར། །
སེམས་སྐྱ་མོ་དགའ་བ་སྐྱེས་ཁུ། །
 
༣༣ ཕོ།
 
ས་གླིང་ཤུལ་བར་མའི་མདོ་ནས། །
རྟ་འདོ་བ་སྒྲོག་ལ་བཅུག་སྟེ། །
ངས་རུམ་ནས་ར་ཙེ་བླངས་ནས། །
སྔོ་ཐུལ་ལུར་དུ་བ་འཐེན་སྐབས། །
རྟ་འདོ་བའི་རྨིག་སྒྲ་ཐོས་ཐལ། །
ཞེ་བསམ་པ་དྲོད་ཅིག་རྒྱས་ནོ། །
མེ་དམར་པོའི་འགྲམ་གྱི་ལྷག་རེད། །
སེམས་སྐྱིད་ནས་སྐྱོ་བ་སངས་ནོ། །
དགུང་ཉི་མའི་འོད་ཀྱི་ཡན་རེད། །
 
༣༤  མོ།
 
རོགས་འདང་ཆེན་དོན་འགྲུབ་ལོ་ལོ། །
ཁྱོད་བསྒུགས་ནས་ཐུག་ནོ་འདི་རེད། །
རོགས་དྲན་ནས་རིག་ནོ་དོ་ནུབ། །
ཁྱོད་ཐོན་ནོ་རིག་ནོ་བཟང་ཐལ། །
ཁྱོད་མ་ཐོན་ད་རུང་ལྷག་ན། །
རོགས་འུ་གཉིས་བར་ཆད་ཆེ་ཁུ། །
ཨ་སྐྱིད་ལ་འདང་ཆེན་རོགས་ལོ། །
ཁྱོད་ཐོན་ནོ་ངོ་མ་ཨེ་ཡིན། །
ཁྱོད་ཐོན་པ་ངོ་མ་བདེན་ན། །
མ་ང་ཡི་རེ་བ་གྲུབ་ནས། །
ཨ་སྐྱིད་ལ་དཀོམ་མཆོག་གསུམ་པོ། །
 
༣༥ མོ།
 
དུང་ཟླ་བ་ཉི་མ་མིན་རུང་། །
གསེར་ཉི་མ་སེར་པོའི་ལྷག་རེད། །
འོད་ཉི་མ་འདྲ་ཟིག་མེད་རུང་། །
རོགས་འདང་ཆེན་ཡིན་པ་ཤེས་ཐལ། །
རྟ་རག་དཀར་གོང་ནས་བབས་ཏེ། །
ང་གོམ་གསུམ་ཕར་ལ་འགྱོ་དུས། །
འདི་རྨི་ལམ་ཡིན་མིན་བསམས་ཏེ། །
ངས་འགྲམ་ཤ་སྐོར་གཅུ་བྱས་པས། །
དོན་ངོ་མ་ཡིན་ནོ་ཤེས་ཐལ། །
ཨ་སྐྱིད་ལ་དགུང་སྔོན་ནམ་མཁའ། །
 
༣༦ མནའ་ཡ།
 
ངའི་ཤག་བཟང་དོན་འགྲུབ་ལོ་ལོ། །
གཏམ་མ་བཤད་འདོ་བ་ཞོན་མིན། །
ས་གླིང་ཤུལ་སྡེ་འདིའི་སྟོན་ས། །
མཚན་སྨག་ནག་ཁ་མཐའ་རྣ་རེད། །
ཕྱི་སྡེ་བས་གོ་ན་མི་བཟང་། །
རོགས་ཁྱེད་གཉིས་བར་ཆད་ཆེ་བས། །
ས་འདི་ནས་མ་འདུག་ལམ་ལོངས། །
གཏམ་སྐད་ཆ་རྗེས་ནས་བཤད་ལ། །
 
༣༧ ཕོ།
 
བུ་སྐྱེ་རྒྱུད་ཅན་གྱི་རྡོར་ཁོ། །
འགྲོས་གོམ་ལག་ཅན་གྱི་གྱོ་ཁྲ། །
ཁྱེད་མི་རྟ་གཉིས་ཀའི་དྲིན་གྱིས། །
སྦྲ་མཐིང་སྨུག་ས་ཁར་ཆགས་སོང་། །
ཕྱུགས་དཀར་ནག་ལྷས་ན་ཐོགས་སོང་། །
གྱོད་ཁ་མཆུ་འགྲིག་ལ་འཁོར་ན། །
རྟ་འདོ་ཆེན་གྱོ་ཁྲ་གཡང་འཁོར། །
ཕྱིར་འཁོར་ནས་སྐྱེལ་མ་ངས་བྱེད། །
དེའི་བར་དུ་མནའ་ཡ་བདེ་མོ། །
ཚེ་རིང་རྒྱུའི་མནའ་ཤག་རྡོར་ཁོ། །
མནའ་གཏན་ཚིགས་ཅན་གྱི་ཤག་ཁོ། །
ལས་དབང་ཐང་དར་བའི་སྨོན་ལམ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྡོ་ཁོག་སྟོད་ཀྱི་དགའ་ལོ།

2026-01-16 ཧོར་བུ་ཀར་བསམ།(པདྨ) ཀློག་གྲངས། མཆན ཡོད།
རྩོམ་པ་པོ་ངོ་སྤྲོད།
ཧོར་བུ་ཀར་བསམ་ནི་མགོ་ལོག་པདྨ་རྫོང་ནས་སྐྱེས། དགའ་ཕྱོགས་ཀྱི་དབང་གིས་སྙན་ངག་གཙོ་བྱས་རྩོམ་ལུས་འགའ་སྤྱད་དེ།བྱིས་སྒྲུང་དང་བྱིས་པའི་སྙན་ངག  ལྷུག་རྩོམ། ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་སོགས་བརྩམས་ཆོས་སུམ་ཅུ་རྩ་གྲངས་ཤིག་ཀློག་མཁན་དག་གི་སྤྱན་ལམ་དུ་« གངས་རྒྱན་མེ་ཏོག » དང་« གངས་རྒྱན་ན་ཆུང་ཚགས་པར »  « གངས་དཀར་རི་བོ »   མགོ་ལོག་ཁུལ་«ཤྭ་སྐྱ »  དུས་དེབ།«  ཀླུ་ཆབ་སྔོན་མོ »  « གུར་ཀུམ་གསར་བའི་ཆུན་པོ »  རྔ་བ་ཁུལ་«ཉིན་རེའི་ཚགས་པར » « མཚོ་སྔོན་བོད་ཡིག་ཚགས་པར » བོད་ལྗོངས་« གཞིས་ཀ་རྩེའི་ཉིན་རེའི་ཚགས་པར » བོད་ལྗོངས་« ཉིང་ཁྲིའི་བོད་ཡིག་ཚགས་པར » «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ »སོགས་ནས་བཀོད་མྱོང་ཡོད།ད་དུང་ཉེར་གཅིག་ལོར་མགོ་ལོག་ཁུལ་གྱི་« ཤྭ་སྐྱ་དུས་དེབ » འདོན་ཐེངས་གསུམ་པའི་སྟེང་ན།རྩོམ་པ་པོ་དམིགས་བཀར་འོས་སྦྱོར་བྱས་མྱོང་ཡོད།གཞན་ད་ལམ་མགོ་ལོག་ཁུལ་རྩོམ་རིག་བྱ་བའི་བསྐོས་མི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན།


 
མགོ་ལོག་ཨ་སྐྱོང་ཡུལ་གྱི་བུ་དོན་འགྲུབ་དང་པདྨ་འབུམ་གྱི་བུ་མོ་ཟླ་དཀར་ཚེ་སྒྲོན་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཞས་ཚན་སོ་བདུན་ཅན།
༡  ཕོ
ཕོ་བཟང་བོ་ཨ་སྐྱོང་དོན་འགྲུབ། །
མ་བཟང་མོ་ཟླ་དཀར་ཚེ་སྒྲོན། ། 
འདི་གཉིས་ཀ་མཐུན་ཚུལ་བཤད་ན། །
བུ་དོན་འགྲུབ་རྟ་ཚོང་སོང་ནས། །
ལོ་གཅིག་དང་ཟླ་བ་དྲུག་འགོར། །
དེའི་རིང་ལ་སྣང་བ་མཐུན་སོང་། །
སྤྱིར་མགོ་ལོག་འབུམ་པ་ཁག་གསུམ། །
ཕ་མེས་དབོན་གཅིག་གིས་བསྐྱངས་ཀྱང་། །
བུ་དོན་འགྲུབ་ཨ་སྐྱོང་མྱི་རེད། །
མ་ཟླ་དཀར་པད་མ་འབུམ་གྱི། །
ས་རྡོ་ཁོག་སྟོད་ཀྱི་འབྲོག་མོ། །
འདི་གཉིས་ཀ་ཆུང་འདྲིས་རོགས་རེད། །
ངོ་ཐུག་ནོ་སྔོན་གྱི་ལས་རེད། །
ན་སེར་ཆེན་གསེར་ལུང་ཁུག་ནས། །
ཁ་བགད་ནས་སྣང་བ་མཐུན་ཞིག །
རྟགས་ཕུ་རུང་ནང་ནས་བརྗེས་ཏེ། །
ཚིག་གོང་བའི་ཁ་ནས་བཤད་ཀྱང་། །
རོགས་མཐུན་པ་སྡེ་བས་མ་ཤེས། །
ཚིག་བཤད་ནོ་ན་ཟླས་མ་གོ །
སྡེ་མི་གཅིག་ཞེ་མཐུན་འདི་གཉིས། །
སའི་ཁ་ཐག་གནམ་གྱིས་ཕྱེས་ནོ། །
སེམས་གངས་དཀར་སྨྲེང་བའི་གཞི་རེད། །
དེ་ཡིན་པས་འབྲལ་རྒྱུ་དཀའ་ཁུ། །
བུ་དོན་འགྲུབ་རྟ་ཚོང་ཚར་ན། །
ཕྱིར་འཁོར་ནས་ཡུལ་ལ་ལོག་དགོས། །
མ་ཟླ་དཀར་ཚེ་སྒྲོན་ཀན་གྱིས། །
རོགས་མི་སྒུག་ཐབས་ཤིག་མེད་ཁུ། །
དེ་ཡིན་ཡང་མིག་མཆི་མ་གཏོང་། །
སྲོག་དམར་པོ་བར་ཆད་མེད་ན། །
ལུས་ཕྲ་མོར་རྒས་ཆ་དོད་ཀྱང་། །
ཞེ་གཏིང་མཐུན་ཆུང་ལོ་མིན་ནས། །
ནང་ཁ་ཡ་ན་ཟླའི་གྲས་ནས། །
ཁ་ལ་གཞས་གཞན་ལ་མི་ལེན། །
 
༢ ཕོ།
 
རྟ་འདོ་བ་སྙིང་ལ་རྗེ་བོ། །
རྟ་ཁྱོད་ཀྱི་རྔོག་མའི་ནང་ལ། །
ངས་དར་ཚོན་སྣ་ལྔ་བཏགས་ཡོད། །
རྟ་གཡང་ལ་ཅན་ཞིག་ཡིན་ན། །
སྒ་གང་ཡིན་རྒྱབ་ལ་མ་ལེན། །
 
༣ མོ།
 
ཞེ་གཏིང་མཐུན་བྱུང་སའི་དགའ་ལོ། །
ས་ཐག་རིང་ཡུལ་གྱི་མྱི་རེད། །
དུ་ཡིན་རུང་སྔོན་གྱི་ལས་རེད། །
དྲིན་ཕ་མ་བྱམས་སེམས་ཆེ་རུང་། །
ཚིག་གོང་ཞུ་བྱེད་རྒྱུ་དཀའ་ཁུ། །
དེ་ལོས་དཀའ་ཆུང་འདྲིས་ངེད་གཉིས། །
སྡེ་མི་གཅིག་གནམ་སའི་བར་རེད། །
བར་ཨ་སྐྱོང་ཁག་གསུམ་ཟེར་ན། །
རྟ་འདོ་བས་ཉིན་ལམ་བཅོ་བརྒྱད། །
རྫ་རི་གསུམ་འགག་འཕྲང་དོག་ས། །
སྨན་བུ་མོའི་གནས་ལམ་མ་དགོས། །
སྟག་ཤར་བས་ཚོང་ལམ་དཀའ་ས། །
ང་ཉམ་ཆུང་བཅོ་བརྒྱད་བུ་མོ། །
གནས་སྟེར་རྒྱུའི་སྲོལ་ག་མེད་པས། །
དྲིན་ཕ་མར་ཞུ་རྒྱུ་སྐྲག་གི །
དེ་ཡིན་ཡང་ཆུང་འདྲིས་དགའ་ལོ། །
འུ་གཉིས་ཀའི་བརྩེ་དུང་མི་འགྱུར། །
སྲོལ་གསར་བའི་ལམ་ཆུང་དོད་དེ། །
སྡེ་ཨ་སྐྱོང་ཁོག་ལ་ང་ཡོང་། །
 
༤ ཕོ།
 
བྱ་རྨ་བྱའི་རྒྱབ་ཀྱི་སྒྲོ་ཐིག། །
རྫ་རི་གསུམ་རྩེ་ཡི་ཀུ་ཤ །
གནས་གཅིག་ནས་སྐྱེ་ནི་མིན་རུང་། །
གསེར་བུམ་པའི་ཁ་ནས་འཛོམས་ནོ། །
ལས་སྨོན་ལམ་འགྲིག་ནི་ལོས་ཡིན། །
 
སྡེ་ཨ་སྐྱོང་ཡུལ་གྱི་དོན་འགྲུབ། །
སྨད་པད་མ་འབུམ་གྱི་ཟླ་དཀར། །
སྡེ་གཅིག་ནས་སྐྱེ་ནི་མིན་རུང་། །
ཞེ་བསམ་པ་གཅིག་ལ་མཐུན་ནོ། །
སྐྱེ་སྔོན་མའི་ལས་དབང་ལོས་ཡིན། །
 
༥ མོ།
 
བྱ་ཁུ་ལོ་སྙིང་ལ་རྗེ་བོ། །
ཟླ་བཞི་བའི་སྦྲང་ཆར་མ་འབབ། །
གསུང་སྙན་མོ་གོ་རྒྱུ་མེད་ཁུ། །
ཟླ་བདུན་པའི་སྟོན་སྤྲིན་རྒྱུ་དུས། །
ང་གཤོག་མཐུན་འཇོལ་མོ་བསྐྱུར་ནས། །
བྱ་མི་འཕུར་ཐབས་ཤིག་ཨེ་ཡོད། །
 
རོགས་ཆུང་ལོ་སྙིང་ལ་རྗེ་བོ། །
རུ་སྡེ་བ་གཅིག་གི་མིན་པས། །
ཚིག་བཤད་ནས་འགྲོགས་ཁོམ་མེད་ཁུ། །
ཚོང་ཚར་ན་ཕྱིར་ལ་འགྲོ་དགོས། །
ང་ཞེ་མཐུན་རོགས་ལོ་བསྐྱུར་ནས། །
རོགས་མི་འགྲོ་ཐབས་ཤིག་ཨེ་ཡོད། །
 
༦ ཕོ།
 
ནགས་ལྗང་ལོའི་ཡལ་གའི་སྟེང་གི །
གསུང་སྙན་པའི་བྱེའུ་ཆུང་འཇོལ་མོ། །
བྱ་འཕུར་ནས་མོན་ལ་འགྲོ་ཁར། །
ཞེ་སྨྲེང་བའི་གྲེ་འགྱུར་མ་སྒྲོག །
ཟླ་བཅུ་བའི་ཁངས་རྒན་ཞུ་ན། །
དབྱར་ར་བའི་སྦྲང་ཆར་འབབ་དུས། །
ནགས་རྒྱ་རྫོང་དཀྱིལ་ནས་འཛོམས་འོང་། །
 
ས་རྡོ་ཁོག་སྟོད་ཀྱི་དགའ་ལོ། །
ངའི་ཆུང་འདྲིས་ཞེ་མཐུན་ལོ་ལོ། །
རོགས་མི་འདུག་ཡུལ་ལ་འགྲོ་ཁར། །
ཞེ་སྡུག་ནས་མིག་མཆི་མ་གཏོང་། །
སྲོག་དམར་པོར་བར་ཆད་མེད་ན། །
ལོ་གསར་བའི་ཟླ་སྟོད་ཅིག་ལ། །
ང་མི་འགོར་ཕྱིར་ལ་ཐོན་འོང་། །
 
༧ ཕོ།
 
ལོ་ཉི་ཤུའི་རྩེ་ཡ་དགོད་རོགས། །
ས་རྡོ་ཁོག་སྟོད་ཀྱི་དགའ་ལོ། །
མ་བཟང་མོ་ཟླ་དཀར་ཁྱོད་ནི། །
དབྱར་དྲུག་པའི་མེ་ཏོག་བཞད་འདྲ། །
ཚེས་བཅོ་ལྔའི་ཟླ་བ་ཚེས་འདྲ། །
བློ་ཤེས་རྒྱ་ཅན་གྱི་རོགས་ལོ། །
ང་མི་འདུག་ཕྱིར་ལ་སོང་རྗེས། །
ཞེ་དམ་ཚིག་མ་འགྱུར་སྡོད་དང་། །
སྡེ་ཨ་སྐྱོང་ཡུལ་གྱི་དགའ་ལོ། །
ཅང་མི་འགོར་ཕྱིར་ལ་ཐོན་འོང་། །
ལུག་འཚོ་སའི་རྫ་སྒང་དེ་ནས། །
རོགས་འུ་གཉིས་བསྐྱར་ཐུག་བྱས་ཆོག །
དེའི་བར་དུ་དགའ་ལོ་བདེ་མོ། །
 
༨ མོ།
 
ངའི་འདང་ཆེན་སྙིང་གི་དགའ་ལོ། །
ཁྱོད་མིན་ན་རུ་སྡེ་འདི་ནས། །
རོགས་གཞན་ལ་འགྲོགས་རྒྱུའི་དཔེ་མེད། །
ཁྱོད་མ་འགོར་ཕྱིར་ལ་ཤོག་དང་། །
ལུག་འཚོ་སའི་རྫ་སྒང་འདི་ནས། །
ཞེ་བསམ་པ་རོགས་ལ་ཆགས་པའི། །
མ་གཉོམ་ཆུང་ཟླ་དཀར་ང་ཡིས། །
སྟོད་ཨ་སྐྱོང་ཡུལ་གྱི་དགའ་ལོ། །
ཕོ་སྐྱེ་སྒོ་འཛོམས་པའི་ཆུང་འདྲིས། །
རོགས་ཡག་པ་དོན་འགྲུབ་ཁྱོད་རང་། །
ཕྱིར་འཁོར་ནས་ཐོན་རྒྱུར་སྒུག་འདུག །
 
༩ མོ།
 
རོགས་འདང་ཅན་སྙིང་ཆུང་འདྲ་བོ། །
ཁྱོད་མི་འདུག་ཕྱིར་ལ་འགྲོ་ན། །
ལམ་སྐྱ་མོ་ཁ་ཐག་རིང་གི །
དགྲ་ཇག་པ་གར་ཡོད་མི་ཤེས། །
དེའི་བར་གྱི་དབང་ཆེན་སྟོད་སྨད། །
ཕྱི་ཁྲམ་ཁ་རྒོད་ས་ཡིན་པས། །
ཚེ་རིང་རྒྱུའི་ཆུང་དུས་དགའ་ལོ། །
བྱ་ཧོར་བ་འདྲ་ཡི་བློ་སྒྲིམས། །
ཟླ་རྗེས་མའི་ཁུ་བྱུག་གྲག་དུས། །
ངའི་ཕྱོགས་ལ་སྐོར་ཞིག་གནོངས་དང་། །
ཡུལ་ཕ་མ་ཉི་ཟླ་ཟུང་ལ། །
ཚིག་འཇམ་པོས་ཞུ་བ་ངས་བྱེད། །
 
༡༠ མོ།
 
སྟོན་བརྒྱད་པའི་ཤིང་ལོ་འཐོར་དུས། །
བྱ་ཁུ་བྱུག་གྲེ་འགྱུར་ཅན་པོ། །
ལྷོ་མོན་ལ་འགྲོ་རན་ཐོན་པས། །
སྔོ་ལྡེམ་མེའི་གཙང་མཐའ་བརྒྱུད་དེ། །
དགུང་གནམ་འཕང་བཅད་ནས་འཕུར་དུས། །
ཤིང་ཚེར་མའི་ཡལ་གའི་སྟེང་ན། །
གཉོམ་དུང་ངེ་ལྷག་ནོ་འཇོལ་མོ། །
དེ་ཡིན་ཡང་གཤོག་མཐུན་འཕུར་ཡ། །
དབྱར་རྗེས་མར་ཕྱིར་ལ་ཤོག་དང་། །
ནགས་ལྗང་ལོའི་མཐའ་ནས་སྒུག་ཨ། །
 
རྟ་འདོ་བའི་ཚོང་ཁ་རྫོགས་དུས། །
རོགས་འདང་ཆེན་ལྷ་སྐུ་འདྲ་བོ། །
ཕྱིར་འཁོར་ནས་རང་སྡེར་འགྲོ་དགོས། །
རྫ་ཁྲ་ཡག་སྐྱ་ལམ་འཐེན་ནས། །
རོགས་མི་འདུག་ཡུལ་ལ་འགྲོ་དུས། །
རུ་སྡེ་བའི་བཤད་ཁའི་བར་ན། །
གཉོམ་དུང་ངེ་ལྷག་ནོ་ང་རེད། །
དེ་ཡིན་ཡང་འདང་ཆེན་དགའ་ལོ། །
ཁྱོད་མ་འགྱིང་ཕྱིར་ལ་ཤོག་དང་། །
ལུག་གཡང་དཀར་མཐའ་ནས་སྒུག་ཨ། །
 
༡༡ མོ།
 
སྡེ་མི་གཅིག་ཞེ་མཐུན་དགའ་ལོས། །
སེམས་གངས་དཀར་སྨྲེང་བ་ཤར་ལེ། །
མིག་ཁྲ་ཆུང་མཆི་མས་ཁེངས་ཀྱང་། །
གྲོགས་རྟ་ཚོང་སྐོར་དང་ལྷན་དུ། །
སྡེ་ཨ་སྐྱོང་ཕྱོགས་ལ་བུད་ཐལ། །
མིག་མཆི་མས་གོང་བ་བརླན་ཡང་། །
རོགས་འདང་ཆེན་ལམ་ལ་ལང་ན། །
ཕྱི་འཛུམ་དཀར་སོ་ཕྲེང་བར་ནས། །
ཚེ་རིང་རྒྱུའི་རོགས་ལོ་ལོ་ལོ། །
ཁྱོད་ཚེ་རིང་ལོ་བརྒྱ་ཤོག་ཅེས། །
རོགས་ཆུང་ལོ་སྐྱེལ་མ་བྱས་ཡོད། །
 
༡༢ ཕོ།
 
སྔོན་སྨོན་ལམ་བཏབ་ནི་མིན་རུང་། །
ཚེ་གཅིག་ལ་མཉམ་འགྲོགས་འདོད་ནོ། །
སྐྱེ་སྔོན་མའི་ལས་དབང་ལོས་ཡིན། །
ས་གླིང་ཤུལ་གཡུ་སྔོན་ཐང་གི །
རོགས་ཡག་པ་མེ་ཏོག་འདྲ་བོ། །
སའི་ཁ་ཐག་རི་ཆུས་ཕྱེས་ཀྱང་། །
ཞེ་བསམ་པ་རོགས་ལ་འཁོར་ཡོད། །
ངའི་ལྷོ་རི་དར་དཀར་སྣང་རྩེ། །
རི་སྨུག་པ་ཅན་པོའི་མགོ་ནས། །
རོགས་ས་ཡི་རི་རྒྱུད་བཙལ་ཡང་། །
སྟོད་དབང་ཆེན་གོང་འོག་བར་གསུམ། །
རི་མཐོན་པོ་གཅིག་རྒྱབ་གཉིས་རེད། །
རོགས་ཆུང་ལོའི་སྐྱེ་ལྷ་སྨུག་པོ། །
མཇལ་འདོད་ཀྱང་རི་ཚོགས་རྒྱབ་རེད། །
 
༡༣ ཕོ།
 
མཚོ་སྔོན་པོ་སྔོ་མཚོའི་ཁ་ན། །
བྱ་ངུར་བས་ངུར་མ་ཁྲིད་ནས། །
མཚོ་ལྗང་ལོའི་མཐའ་ནས་བསྐོར་དུས། །
ངས་གཤོག་མཐུན་འཕུར་རོགས་དྲན་ནས། །
མཚོའི་ཁ་མཐའ་སྟོང་སྐོར་ཤོར་ཁུ། །
 
སྡེ་ཆེན་པོའི་རྩེ་རའི་དཀྱིལ་གྱི། །
ནང་ན་ཟླ་གཞོན་ཤ་ཅན་ཚོས། །
ཁ་ལ་གཞས་ངག་ལ་འགུགས་དུས། །
ང་ཁྲ་ཡག་རྫ་ལ་བུད་ནས། །
ས་ཐག་རིང་རྒྱང་བལྟ་ཤོར་ཁུ། །
 
༡༤ མོ།
 
རི་ཡག་པ་བུམ་ཆུང་འདྲ་བོ། །
རྩྭ་མེད་རུང་ས་དྲི་ཞིམ་ཁུ། །
སྔོ་རྩེ་དམར་ས་ཁར་འབུད་ན། །
ལུག་འཚོས་ནས་བསྡད་ན་འདོད་ཁུ། །
 
རོགས་ཡག་པ་ལྷ་སྐུ་འདྲ་བོ། །
ཐག་རིང་ཡང་བརྗེད་རྒྱུ་མེད་ཁུ། །
ཕྱིར་འཁོར་ནས་ཐུག་གི་ཡོང་ན། །
རོགས་དྲན་ཚུལ་བཤད་ན་འདོད་ཁུ། །
 
༡༥ མོ། 
 
དགོང་མུན་ནག་ས་རྩ་རུབ་དུས། །
གནམ་སྔོན་པོར་མིག་གིས་བལྟས་ན། །
ཁྲ་ཆེམ་མེའི་སྐར་ཚོགས་མཐོང་སའི། །
ཕྱོགས་བཞི་ལས་བྱང་གི་ནམ་མཁའི། །
མདངས་གཞན་ལྷག་སྐར་མ་མེ་བདུན། །
འོད་ལམ་མེ་འཆར་ནོ་རིག་ན། །
རོགས་ཆུང་ལོའི་ཡུལ་ཕྱོགས་བསམ་ནས། །
དགུང་སྐར་མ་རོགས་ལོ་མིན་རུང་། །
འདང་ཞེ་རྩིས་གཞན་གྱི་ལྷག་རེད། །
འོད་ཉི་མས་ས་གཞིར་ཁེབས་ཀྱང་། །
ཡུལ་བྱང་ཕྱོགས་ནམ་མཁའི་དབྱིངས་སུ། །
མིག་ཁྲ་མོས་ཡང་བལྟ་ཤོར་ཁུ། །
ཞེ་བསམ་པ་བྱང་ལ་ཐོགས་ཁུ། །
 
༡༦ ཕོ།
 
རི་སྨུག་པོ་སྨུག་པ་ཅན་པོ། །
ལྷ་གོང་མ་གཉན་པོ་གཡུ་རྩེ། །
འབྲོང་བྲེ་ལོས་རྫ་ལམ་དོད་ས། །
ཆབ་ཆུ་བོས་ཡོལ་བ་འཐེན་ས། །
ཕོ་ང་ཡི་སྐྱེས་ལྷ་ཕྱུག་མོ། །
གནས་བདེ་ལྡན་ཞིང་གི་འདབས་ནས། །
ལ་མང་བོའི་ཕ་མཐར་འཚོ་བའི། །
རོགས་ཆུང་ལོ་གཏིང་ནས་དྲན་ཁུ། །
ངོ་མ་ཐུག་ཞེ་རྩ་སྨྲེང་གི །
སེམས་སྐྱ་མོ་སྐྱོ་བས་མནར་ཁུ། །
 
༡༧ མོ།
 
ཟླ་དྲུག་པའི་ཡར་ཚེས་དང་པོ། །
བཀྲ་ཤིས་པའི་དགའ་བ་དང་པོའི། །
དགུང་ཉི་རྩེ་རི་ལ་འཕྲོ་དུས། །
རྫ་ཁྲ་ཡག་གཏན་བརླིང་ཅན་པོས། །
སེར་ལམ་མེ་གསེར་ཞྭ་མནབ་སྐབས། །
ཁྱིམ་ཡར་ཕུགས་ནོར་བུ་ཆ་འགྲིག །
དྲིན་གཞལ་མེད་ཕ་ལོ་མ་ལོར། །
ལུས་གུས་པས་ཕྱག་གསུམ་འཚལ་ཏེ། །
ངག་འཇམ་པོས་ཞུ་བ་བྱས་ནོ། །
 
༡༨ མོ།
 
ངའི་དྲིན་ཆེན་ཕ་ལོ་མ་ལོ། །
ཐུགས་མ་སུན་ཞུ་བར་གསན་རོགས། །
དོན་བཟང་བོ་ཞུ་རྒྱུ་མེད་ཀྱང་། །
གལ་ཆེ་བའི་ཚིག་གསུམ་ངས་ཞུ། །
ཆུང་བཅོ་བརྒྱད་བུ་མོ་ཟེར་ཡང་། །
སྨན་ཅོ་ཐོགས་འགྲོ་ས་གནས་རེད། །
འདི་ཡོད་ཚད་སྔོན་མའི་སྲོལ་རེད། །
སྲོལ་དེ་ལ་ང་ཡང་ལོས་འཇུག །
ལོ་སྔོན་མའི་ལོ་སྟོད་ཅིག་ལ། །
སྡེ་མི་གཅིག་ཨ་སྐྱོང་ཁོག་གི །
ཕོ་འདང་ཆེན་དོན་འགྲུབ་ངེད་གཉིས། །
བློ་མི་འགྱུར་དམ་བཅའ་བཞག་ཡོད། །
ཚིག་བཤད་པ་མནའ་ཡིས་དགག་ཡོད། །
སྡེ་ཨ་སྐྱོང་ཁ་ཐག་རིང་ཡང་། །
སྦྲ་མཐིང་སྨུག་གཅིག་གི་འོག་ནས། །
མཉམ་གཅིག་ལ་འདུག་ཐག་བཅད་ཡོད། །
ཚེ་གང་གི་སྐྱ་ཡ་བྱེད་ཅེས། །
ལྷ་དཀོམ་མཆོག་དཔང་ལ་བཞག་ཡོད། །
 
༡༩  ཨ་ཕས།
 
ཆུང་བཅོ་བརྒྱད་བུ་མོ་ཟླ་དཀར། །
ཁྱོས་རང་སྡེ་ཁྲ་མོ་བསྐྱུར་ནས། །
ས་ཐག་རིང་གནམ་སའི་འདྲེས་མདོར། །
གནས་འགྱོ་རྒྱུ་ཟེར་དོན་ཅི་ཡིན། །
གནས་འགྱོ་བསམ་བྲེལ་བ་མི་དགོས། །
གནས་འགྱོ་ས་ཕ་མས་བཙལ་ཡོད། །
སྡེ་ཞོལ་མའི་དཔོན་པོ་ཚང་གི །
བུ་ཆུང་བར་འགྱོ་རྒྱུ་བྱས་ཡོད། །
ས་ཨ་སྐྱོང་གོང་འོག་བར་གསུམ། །
གནས་འགྱོ་འདོད་ཡིད་ལ་མ་འཁོར། །
ཕྱི་སྡེ་བས་གོ་ན་འཕྱ་ལ། །
ནང་བཟའ་བས་གོ་ན་སུན་ཁུ། །
ཟླ་རྗེས་མའི་ཚེས་བཟང་ཉིན་བཟང་། །
སྐྱེ་གདོང་རྒྱུད་ཅན་གྱི་དཔོན་ཚང་། །
ཁྱོད་སྔོན་མར་ལེན་ཁུ་ཡོང་ཟེར། །
ལོ་རྗེས་མའི་ལོ་སྟོད་ཅིག་ལ། །
ནང་ཕུ་ནུས་སྐྱེལ་མ་བྱེད་ལ། །
ནོར་རོག་པོས་རྫོང་པ་བྱེད་ལ། །
གཡུ་བྱུ་རུའི་རྒྱན་ཆ་བསྒྲིགས་ནས། །
གོས་ཚ་རུར་སྲམ་ཁ་སྤྲད་ལ། །
དེའི་བར་དུ་དྲན་རྒྱུ་མ་མང་། །
ཚིག་དེ་འདྲ་གོ་ན་སུན་ཁུ། །
 
༢༠ ཨ་མས།
 
ངའི་བུ་མོ་ཟླ་དཀར་ཚེ་སྒྲོན། །
མྱི་ཆ་མེད་ཞེ་སེམས་གཏད་ནས། །
ས་ཐག་རིང་འགྱོ་རྒྱུ་ཟེར་ན། །
ང་ཨ་མའི་ཞེ་རྩ་འཁྲུག་གི །
ངའི་གཅེས་ཕྲུག་ཟླ་དཀར་ཚེ་སྒྲོན། །
ཕོ་དོན་འགྲུབ་ཟེར་བའི་འཁྱམ་པོ། །
རྟ་འཚོང་གི་ཚོང་བ་ཟེར་ཡང་། །
དོན་རྟ་འདེད་ཁྲམ་པ་ཅི་ཤེས། །
ཡང་རྟ་བརྒྱའི་ཚོང་བ་ཡིན་ཡང་། །
སྡེ་ཨ་སྐྱོང་གང་གི་གང་རེད། །
རྟ་འདོ་ཆེན་ཉིན་ལམ་བརྩི་ས། །
དགྲ་ཇག་པས་བུ་ཡུག་འཚུབ་ས། །
སྡེ་མི་གཅིག་སྡེ་ལུང་དེ་རུ། །
ཆུང་བཅོ་བརྒྱད་བུ་མོ་མ་དགོས། །
སྟག་ཤར་ལུས་ཆོད་རྒྱུ་དཀའ་སའི། །
ས་ཐག་རིང་གནམ་སའི་འདྲེས་མདོར། །
ཆུང་ན་ཟླ་གཡོན་དུ་བསྐྱུར་ནས། །
དྲིན་ཕ་མ་རྒྱབ་ལ་བསྐྱུར་ཏེ། །
ཁྱོད་སོང་ན་རུ་སྡེ་ཁྲ་མོའི། །
གཉེན་ཕུ་ནུས་སྡིག་དམོད་བྱེད་ལ། །
བུ་དོན་འགྲུབ་ཟེར་བར་མ་སྒུག །
རང་མ་སྒུག་ཟེར་ནི་མིན་ཡང་། །
ཕོ་ཤེས་རྒྱ་ཅན་ཞིག་ཡིན་ན། །
དཔོན་མི་གཅིག་ལྷ་སྡེའི་བར་ནས། །
རྟ་འདོ་བ་ཉིན་ཞག་བྱས་ནས། །
སྨན་ཤེས་མེད་བཅོ་བརྒྱད་བུ་མོ། །
ཁྱོད་བསུ་མ་ཡོང་གི་དཔེ་མེད། །
སྐྱེ་སྔོན་མའི་ལས་དབང་ཡོད་ས། །
སྡེ་ཞོལ་མའི་དཔོན་པོ་ཚང་རེད། །
མ་བསོད་ནམས་ཅན་ཟིག་མིན་ན། །
གོང་དཔོན་པོར་གཉེན་ཡ་མི་ཟིན། །
ཁྱོད་ཤེས་རྒྱ་ཅན་ཟིག་ཡིན་ན། །
ཚིག་དོན་མེད་གླེང་གི་མ་འདུག །
རུ་སྡེ་བས་གོ་ན་འཕྱ་ལ། །
དཔོན་ཆེན་པོས་གོ་ན་གནོད་འགྲོ། །
 
༢༡ མོ།
 
ངའི་འདང་ཆེན་དགའ་ལོ་དོན་འགྲུབ། །
ཕྱིར་འཁོར་ནས་ཡོང་གི་ཨེ་ཡོད། །
དྲིན་ཕ་མ་ཁ་བཙན་ཆེ་ཁུ། །
སྡེ་ཞོལ་མར་གནས་ལ་སྦྱིན་ཐལ། །
དེ་ཡིན་ཡང་བུ་མོ་མི་འགྲོ། །
ཕོ་བསམ་པ་ཅན་ཟིག་ཡིན་ན། །
ངའི་ཕྱོགས་ལ་སྐོར་ཞིག་རྒྱག་རོགས། །
རོགས་མ་ཐུག་འགྲོ་དགོས་བྱུང་ན། །
གསོན་ས་སྟེང་འདི་ནས་མི་འདུག །
ངའི་ཆུང་འདྲིས་ཞེ་མཐུན་དགའ་ལོ། །
སྨན་ང་ལ་ཐུག་གི་འོང་རོགས། །
 
༢༢ མོ།
 
ས་གླིང་ཤུལ་གོང་འོག་བར་གསུམ། །
ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། །
རྐྱང་ཁ་དཀར་ཁྱུ་བྱས་གཤར་ས། །
ནང་ན་ཟླས་ལུག་ཆུང་འཚོ་ས། །
མཛོ་གྭ་བས་རྭ་རྩེ་བྱེད་ས། །
ངས་ཆུང་འདྲིས་རོགས་ལ་སྒུག་ས། །
རོགས་མ་ཐུག་ཞེ་རྩ་གཉོམ་ནས། །
མིག་ཁྲ་ཆུང་མཆི་མ་འཁོར་ས། །
རོགས་འདང་ཆེན་སྙིང་ཆུང་འདྲ་བོ། །
ཕྱིར་འཁོར་ནས་ཡོང་གི་ཨེ་ཡོད། །
 
༢༣  ཕོ།
 
ས་རྡོ་ཁོག་གང་གི་གང་ན། །
ཆུ་རྡོ་ཆུ་ལྷུང་ལྷུང་འབབ་ས། །
བྱ་ངུར་བས་ངུར་མ་ཁྲིད་ས། །
ན་མེ་ཏོག་འདབ་མ་ཡག་ས། །
རྫ་ཁྲ་ཡག་ལུག་གིས་གང་ས། །
ས་བཅུ་འཛོམས་གཡང་གི་ཕ་ས། །
སྔོ་ལྡེམ་མེ་ལྗང་ལོ་རྒྱས་སར། །
ངའི་འདང་ཆེན་སྙིང་གི་རོགས་ལོས། །
གཉོམ་དུང་ངེ་སྒུག་ཡོད་བསམ་ན། །
སེམས་སྐྱ་མོ་བྲེལ་བ་ལང་གི །
སེམས་ལོས་བྲེལ་ཆུང་འདྲིས་ངེད་གཉིས། །
ངོ་མ་ཐུག་ཟླ་བ་བཅུ་གཉིས། །
ཚིག་མ་བཤད་ཟླ་བ་བཅུ་གཉིས། །
ཟླ་བདུན་པར་ཐུག་འཆར་ཡོད་ཀྱང་། །
ཁྱིམ་ཡར་ཕུགས་དྲིན་ཆེན་ཕ་ལོས། །
ཟླ་བདུན་པར་ལྷ་སར་འགྱོ་ཟེར། །
ང་ཉི་མ་ལྷ་སར་སོང་ན། །
རོགས་ཆུང་ལོ་ཐུག་ཐབས་མེད་ཁུ། །
ཕ་ཨ་ཁུས་འགྱོ་ཆས་སྒྲིག་ཡོད། །
ང་མི་འགྱོ་ཟེར་རྒྱུ་དཀའ་ཁུ། །
རོགས་འདང་ཆེན་མ་ཐུག་བསྡད་ན། །
སེམས་གངས་དཀར་སྐྱོ་བ་ཆེ་ཁུ། །
དེས་ཕྱིར་ན་ཐབས་ཤིག་བཙལ་ཏེ། །
ཡུལ་ཕ་དང་ཨ་ཁུ་ཨ་མར། །
ང་སྟོད་ལ་རྟ་འདེད་བུད་ཐལ། །
ནམ་ཕྱིར་ལ་ཐོན་འདུག་མི་ཤེས། །
དེའི་བར་དུ་ལྷ་སར་སོང་ཞེས། །
ངའི་ནུ་བོ་ཚེ་རིང་ཀན་ལ། །
ཆ་བཞག་སྟེ་གཡང་འཛི་ཞོན་ནས། །
རོགས་ཆུང་ལོའི་ཕྱོགས་ལ་ལམ་ལངས། །
 
༢༤  ཕོ།
 
ཕར་བལྟས་ན་རྫ་ཞིག་རིག་ནོ། །
རི་མཐོན་པོ་ཀུན་ཀྱི་གོང་མ། །
སྤྲིན་སྨུག་པའི་ལ་ཐོད་ཅན་པོ། །
སྐྱེ་དར་མས་དགྲ་ལྷ་བསྟོད་ས། །
ལྷ་གོང་མས་མགོན་སྐྱབས་གནང་ས། །
སྡེ་སྐར་ཚོགས་འདྲ་བོའི་བླ་རི། །
ངའི་ཆུང་འདྲིས་རོགས་ལོའི་རྒྱབ་རི། །
ཡུལ་རྡོ་སྟོད་རྡོ་སྙིང་རལ་བ། །
རི་སྨུག་པོ་རྒྱང་ནས་རིག་དུས། །
རོགས་རིག་འདོད་བྲེལ་བ་ལངས་ཀྱང་། །
སྡེ་དབང་ཆེན་འབུམ་གྱི་འབྲོག་ས། །
ཐང་ཆེན་པོ་གོས་ཆེན་ལྟེབ་འདྲ། །
རི་མཐོན་པོ་གཅིག་རྒྱབ་གཉིས་ལངས། །
རི་རིག་རུང་ཁ་ཐག་རིང་གི །
རོགས་ཆུང་ལོའི་སྐྱེ་ལྷ་མཐོན་པོ། །
སྤྲིན་སྨུག་པའི་ནབ་བཟའ་ཅན་པོ། །
ཐག་རིང་བོའི་ས་ནས་རིག་ཀྱང་། །
ཞེ་བསམ་པའི་གཏིང་ནས་དུང་གི །
ཡང་ལོས་དུང་ཆུང་འདྲིས་རོགས་དང་། །
ངོ་ཐུག་གི་ཉི་མ་ཤར་རེད། །
 
༢༥ ཕོ།
 
ས་ཡར་སྟོད་རེ་ཆུའི་ཁུག་མགོ །
འབྲོང་མ་བརྒྱས་བུ་བརྒྱ་ཁྲིད་ས། །
ན་མེ་ཏོག་སེར་ཆེན་བཞད་ས། །
རི་སྨུག་པོ་སྨུག་སྤྲིན་ཅན་པོ། །
ས་རྡོ་སྟོད་རལ་བ་རྩེ་དགུ། །
རོགས་ཆུང་ལོའི་སྐྱེ་ལྷ་མཐོན་པོ། །
རོགས་རིག་ན་སྣང་བ་ལོས་དུང་། །
རི་རིག་ན་ཡིད་སེམས་སྐྱིད་ཁུ། །
ས་མར་བལྟས་གླིང་ཤུལ་གོང་འོག །
ལུག་གཡང་དཀར་རྩྭ་ལ་བཀྲམ་ས། །
སྡེ་མཐིང་སྨུག་ཅན་པོའི་སྟོན་ས། །
རོགས་ཆུང་ལོས་ལུག་ཁྱུ་འཚོ་ས། །
རོགས་ཐུག་ན་སྨྲེང་བ་ལོས་སངས། །
ས་རིག་ན་སྐྱོ་བ་སངས་ཁུ། །
 
༢༦ མོ།
 
ནགས་ཙན་དན་ལོ་མའི་སྟེང་གི །
བྱ་ཁུ་ལོ་གྲེ་འགྱུར་ཅན་པོ། །
རི་མཐོ་སར་ཁ་བ་ཆེ་རུང་། །
ང་བྱིའུ་ཆུང་འཚོ་སའི་རྫ་རེད། །
རྫ་འདི་ལ་སྐོར་ཞིག་རྒྱག་རོགས། །
བྱ་མ་གྲག་བསྡད་ན་ཆེ་ཉན། །
སྟོན་བདུན་པའི་བར་ཆད་ཆེ་ཁུ། །
 
སྡེ་བཙན་ཕྱུག་འཛོམས་པའི་གླིང་གི །
ཕོ་སྐྱེ་ཡག་བརྩེ་འདང་ཅན་པོ། །
རྫ་རི་གསུམ་ཉག་ཐག་རིང་ཡང་། །
སྨན་བུ་མོས་ལུག་ཆུང་འཚོ་ས། །
གནས་འདི་ལ་སྐོར་ཞིག་རྒྱག་རོགས། །
རོགས་མ་ཡོང་བསྡད་ན་ཆེ་ཉན། །
འུ་གཉིས་ཀ་བར་ཆད་ཆེ་ཁུ། །
 
༢༧ ཕོ།
 
རོགས་ངེད་གཉིས་སྙིང་གཏམ་བཤད་སའི། །
རྫ་ཁྲ་ཡག་སྤེན་མའི་ཁུག་ནས། །
སྔོ་ལྡེམ་མེ་དུ་བ་འཐེན་བཞིན། །
རོགས་ཆུང་ལོ་སྒུག་ནས་བསྡད་དུས། །
ནོར་གཤར་ནས་ཉག་གར་ཐོན་ཡང་། །
མ་ཟླ་དཀར་ཡོང་རྒྱུ་མེད་ཁུ། །
ངས་རྒྱབ་རིའི་རྐེད་ནས་བལྟས་ཀྱང་། །
ནོར་འདེད་ནོ་རོགས་ལོ་མ་རེད། །
དགུང་ཉི་མ་ནུབ་རིར་ཡལ་ཐལ། །
སྲོད་གྲིབ་ཆེན་ཤར་རིར་ཕོག་གི །
ཡུལ་ཆ་མེད་རྫ་རྐེད་འདི་ནས། །
ང་གར་འགྲོ་འདིར་འདུག་མེད་ཁུ། །
སྟོད་གོས་ཚང་ལུང་ཆུང་མདོ་ཡི། །
ངའི་ཤག་བཟང་རྡོར་ཁོའི་ཕྱོགས་སུ། །
རྟ་སྔོ་ཆུང་ཁྲིད་ནས་སོང་ངོ་། །


༢༨ མནའ་ཡ།
 
ཨ་སྐྱིད་ལ་ཐོན་ནོ་འགྲིག་ཐལ། །
ངའི་མནའ་ཤག་དོན་འགྲུབ་ལོ་ལོ། །
མ་ཟླ་དཀར་ཚེ་སྒྲོན་ཀན་ནི། །
སྡེ་ཞོལ་མར་གནས་ལ་སྦྱིན་ནས། །
རྒྱུ་ནོམ་པ་འདོམ་ལ་འཇལ་ཐལ། །
ངས་ཅི་དགོས་འདི་དགོས་མ་ཤེས། །
མ་ཟླ་དཀར་ཁྲིད་ནས་ཡོང་ན། །
སྡེ་དཔོན་པོའི་ཁྲིམས་ཁ་བཙན་ཁུ། །
ཕྱི་རུ་སྡེ་བཤད་ཁ་ཚ་ཁུ། །
ཡང་བསྐྱུར་ན་ཟླ་དཀར་ཀན་གྱིས། །
ཆུ་སྔོན་མོའི་ནང་ལ་ལྕེབས་ནས། །
སྲོག་དམར་པོ་གཅོད་རྒྱུ་ཟེར་བས། །
ཐབས་གོར་མོའི་སྐོར་མགོ་མ་རྙེད། །
ཁྱོད་ཡོང་རྒྱུར་རེ་བ་བྱས་ཡོད། །
 
༢༩ ཕོ།
 
གནམ་སྔོན་པོ་འཁོར་ལོ་རྩིབས་བརྒྱད། །
ས་དོག་མོ་པདྨ་འདབ་བརྒྱད། །
ཞེ་བསམ་པ་ཅན་ཟིག་མིན་རུང་། །
དགུན་ཁ་བ་ལྷགས་རླུང་བཙན་པས། །
ཆར་ཟིལ་མས་ས་གཞི་བརླན་ནས། །
དབྱར་དྲུག་པའི་རང་མདངས་སྟོན་ཁུ། །
 
རྗེ་བླ་མ་བྱམས་བརྩེ་ཅན་པོ། །
ལྷ་གོང་མ་ཁ་འཛིན་ཅན་པོས། །
རོགས་ངེད་གཉིས་བར་ཆད་ཆེ་བ། །
མཚན་རྨི་ལྟས་ངན་ནི་མེད་རུང་། །
ངའི་བློ་ཁ་རོགས་ལ་ཕྱོགས་ནས། །
རོགས་ངེད་གཉིས་ཐུག་ཐབས་བྱས་ཟིག །
 
༣༠ གནའ་ཡ་རྡོར་ཁོ།
 
ཕོ་བཟང་བོ་དོན་འགྲུབ་ལོ་ལོ། །
རྟ་འདོ་བ་སྔོ་ཆུང་གཡང་འཛིའི། །
ལུས་རྨིག་བཞི་བརྩེད་ལ་འཁོར་བས། །
ས་བྱང་ལམ་ཆོད་རྒྱུ་མ་རེད། །
ངའི་རྟ་ར་གོང་མའི་ནང་གི། །
རྟ་འདོ་ཆེན་གྱོ་ཁྲ་ཐིག་མང་། །
རྫ་རི་གསུམ་ཆོད་པའི་རྟ་ཡིན། །
རྟ་ཀན་ལ་སྒ་སྲབ་ཚར་ན། །
ངའི་རྟ་ར་ཞོལ་མའི་ནང་གི། །
རྟ་དཀར་ཆུང་དུང་ལེ་འདྲ་བོ། །
ནང་རྟ་བརྒྱའི་གོང་གི་རྟ་ཡིན། །
རྟ་ཀན་ལ་སྒ་ཆས་རྒྱོབ་དང་། །
ངའི་མཛོད་ཁང་བར་མའི་ནང་ན། །
རྟ་འདོ་བའི་སྒ་སྲབ་བཞག་ཡོད། །
རྟ་དཀར་དཀར་གོང་གི་བག་མ། །
ལས་འདོད་དགུ་འགྲུབ་པའི་ལྷ་མོ། །
ཚེ་གཅིག་གི་སྐྱ་ཡ་བཟང་མོ། །
མ་སྐྱེ་ཡག་ཟླ་དཀར་ཚེ་སྒྲོན། །
བར་ཨ་སྐྱོང་ཕྱོགས་སུ་ཁྲིད་ན། །
ཡུལ་ཆ་མེད་རུ་ཁ་འདི་ནས། །
ཕྱི་སྡེ་སྔུན་མིག་སྔུན་མ་འབུད། །
དགོང་མུན་ནག་ས་རྩ་མ་རུབ། །
ཁྱིམ་ཡ་ཕུག་ཀན་ནས་སྡོད་དང་། །
ངས་རག་ཆུང་གོམ་ལག་ཅན་པོར། །
ཡང་སྒ་ཆ་སྲབ་མདའ་བྱས་ནས། །
མ་ཟླ་དཀར་བསུ་མ་སོང་རྗེས། །
འོད་ལམ་མེ་ཟླ་བ་འཆར་དུས། །
ས་གླིང་ཤུལ་བར་མའི་མདོ་ན། །
རྟ་འདོ་བ་སྒྲོག་ལ་ཆུག་སྟེ། །
སྨན་ཟླ་དཀར་ཐོན་པར་སྒུགས་དང་། །
ངས་མ་བཟང་ཟླ་དཀར་ཚེ་སྒྲོན། །
ཕོ་ཁྱོད་ཀྱི་འགྲམ་ལ་ཁྲིད་འོང་། །
རོགས་ཁྱེད་གཉིས་ལམ་ལ་ལོངས་དང་། །
ནང་རུ་སྡེའི་གར་སོང་མི་ཤེས། །
བར་ལ་ཨ་སྐྱང་ཁོག་ལ་ཐོན་དུས། །
ཚིག་འཇམ་པོས་མགོ་རྐང་སྒྲིགས་དང་། །
གོང་དཔོན་པོ་ཁ་བཙན་ཆེ་རུང་། །
སྡེ་མི་གཅིག་གནམ་གྱི་འོག་རེད། །
ལམ་ཡག་པོའི་ལུགས་ཁ་འཁོར་ན། །
ང་རྡོར་ཁོ་བར་ནས་བསྡད་དེ། །
གྱོད་ཁ་མཆུ་འགྲིག་ལ་སྐོར་ཨ། །
 
༣༡ མོ།
 
སྦྲ་མཐིང་སྨུག་ཁ་ཚུབ་ནང་ན། །
ཁྲ་ལམ་མེའི་སྐར་ཚོགས་འཆར་སྐབས། །
རླུང་བསེར་མས་གུར་སྒོ་རྡེབ་ཁུ། །
ཁྱི་རྒྱ་བོས་ངར་སྐད་སྒྲོག་དུས། །
གུར་དཀར་པོའི་ས་འཇུའི་བར་ནས། །
མ་ཟླ་དཀར་ཟེར་ནས་འབོད་ཁུ། །
རྣ་གོར་མོས་ཕར་ལ་ཉན་ནས། །
ངག་དམའ་མོས་ཨ་ལན་སྦྱིན་དུས། །
ངའི་རོགས་ལོའི་ཤག་བཟང་རྡོར་ཁོས། །
ད་མ་ཉལ་ཡར་ལ་ལོངས་དང་། །
ཕོ་དོན་འགྲུབ་ཐོན་ཐལ་ཟེར་ཁུ། །
 
༣༢ མོ། 
 
ཨ་སྐྱིད་ལ་དགུང་སྔོན་ནམ་མཁའ། །
དུང་ཟླ་བ་སྙིང་རྗེ་ཅན་པོ། །
ངའི་ཞེ་མཐུན་རོགས་ལོ་དོན་འགྲུབ། །
མ་ང་རང་བལྟ་རུ་ཐོན་ནོ། །
རྣ་གོར་མོས་གོ་ན་དགའ་བས། །
ལྷམ་ཡ་གཅིག་ལག་ཏུ་བཟུང་ནས། །
གུར་དཀར་ཆུང་སྒོ་ལ་ཐོན་དུས། །
རྟ་རག་དཀར་སྲབ་མདའ་འཛིན་ནོ། །
ཕོ་ཡ་རབས་རྡོར་ཁོ་ཀན་གྱིས། །
ཁྱོའི་རོགས་ལོ་སྟོད་ན་ཐོན་ཡོད། །
རྟ་ཞོན་དང་ཐུག་གི་འགྱོ་ཟེར། །
སེམས་སྐྱ་མོ་དགའ་བ་སྐྱེས་ཁུ། །
 
༣༣ ཕོ།
 
ས་གླིང་ཤུལ་བར་མའི་མདོ་ནས། །
རྟ་འདོ་བ་སྒྲོག་ལ་བཅུག་སྟེ། །
ངས་རུམ་ནས་ར་ཙེ་བླངས་ནས། །
སྔོ་ཐུལ་ལུར་དུ་བ་འཐེན་སྐབས། །
རྟ་འདོ་བའི་རྨིག་སྒྲ་ཐོས་ཐལ། །
ཞེ་བསམ་པ་དྲོད་ཅིག་རྒྱས་ནོ། །
མེ་དམར་པོའི་འགྲམ་གྱི་ལྷག་རེད། །
སེམས་སྐྱིད་ནས་སྐྱོ་བ་སངས་ནོ། །
དགུང་ཉི་མའི་འོད་ཀྱི་ཡན་རེད། །
 
༣༤  མོ།
 
རོགས་འདང་ཆེན་དོན་འགྲུབ་ལོ་ལོ། །
ཁྱོད་བསྒུགས་ནས་ཐུག་ནོ་འདི་རེད། །
རོགས་དྲན་ནས་རིག་ནོ་དོ་ནུབ། །
ཁྱོད་ཐོན་ནོ་རིག་ནོ་བཟང་ཐལ། །
ཁྱོད་མ་ཐོན་ད་རུང་ལྷག་ན། །
རོགས་འུ་གཉིས་བར་ཆད་ཆེ་ཁུ། །
ཨ་སྐྱིད་ལ་འདང་ཆེན་རོགས་ལོ། །
ཁྱོད་ཐོན་ནོ་ངོ་མ་ཨེ་ཡིན། །
ཁྱོད་ཐོན་པ་ངོ་མ་བདེན་ན། །
མ་ང་ཡི་རེ་བ་གྲུབ་ནས། །
ཨ་སྐྱིད་ལ་དཀོམ་མཆོག་གསུམ་པོ། །
 
༣༥ མོ།
 
དུང་ཟླ་བ་ཉི་མ་མིན་རུང་། །
གསེར་ཉི་མ་སེར་པོའི་ལྷག་རེད། །
འོད་ཉི་མ་འདྲ་ཟིག་མེད་རུང་། །
རོགས་འདང་ཆེན་ཡིན་པ་ཤེས་ཐལ། །
རྟ་རག་དཀར་གོང་ནས་བབས་ཏེ། །
ང་གོམ་གསུམ་ཕར་ལ་འགྱོ་དུས། །
འདི་རྨི་ལམ་ཡིན་མིན་བསམས་ཏེ། །
ངས་འགྲམ་ཤ་སྐོར་གཅུ་བྱས་པས། །
དོན་ངོ་མ་ཡིན་ནོ་ཤེས་ཐལ། །
ཨ་སྐྱིད་ལ་དགུང་སྔོན་ནམ་མཁའ། །
 
༣༦ མནའ་ཡ།
 
ངའི་ཤག་བཟང་དོན་འགྲུབ་ལོ་ལོ། །
གཏམ་མ་བཤད་འདོ་བ་ཞོན་མིན། །
ས་གླིང་ཤུལ་སྡེ་འདིའི་སྟོན་ས། །
མཚན་སྨག་ནག་ཁ་མཐའ་རྣ་རེད། །
ཕྱི་སྡེ་བས་གོ་ན་མི་བཟང་། །
རོགས་ཁྱེད་གཉིས་བར་ཆད་ཆེ་བས། །
ས་འདི་ནས་མ་འདུག་ལམ་ལོངས། །
གཏམ་སྐད་ཆ་རྗེས་ནས་བཤད་ལ། །
 
༣༧ ཕོ།
 
བུ་སྐྱེ་རྒྱུད་ཅན་གྱི་རྡོར་ཁོ། །
འགྲོས་གོམ་ལག་ཅན་གྱི་གྱོ་ཁྲ། །
ཁྱེད་མི་རྟ་གཉིས་ཀའི་དྲིན་གྱིས། །
སྦྲ་མཐིང་སྨུག་ས་ཁར་ཆགས་སོང་། །
ཕྱུགས་དཀར་ནག་ལྷས་ན་ཐོགས་སོང་། །
གྱོད་ཁ་མཆུ་འགྲིག་ལ་འཁོར་ན། །
རྟ་འདོ་ཆེན་གྱོ་ཁྲ་གཡང་འཁོར། །
ཕྱིར་འཁོར་ནས་སྐྱེལ་མ་ངས་བྱེད། །
དེའི་བར་དུ་མནའ་ཡ་བདེ་མོ། །
ཚེ་རིང་རྒྱུའི་མནའ་ཤག་རྡོར་ཁོ། །
མནའ་གཏན་ཚིགས་ཅན་གྱི་ཤག་ཁོ། །
ལས་དབང་ཐང་དར་བའི་སྨོན་ལམ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།