བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་གྱི་གླེང་མོལ་ཞེས་པའིDVDབརྙན་སྡེར་དངོས་སུ་བཀྲམ་པ།






     ཉེ་ལམ། མགོ་ལོག་འབྲོག་མི་ཡར་སྐུལ་ཚོགས་པས་གཙོ་སྒྲུབ་བྱས་པའི
བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་གྱི་གླེང་མོལཞེས་པའིDVDབརྙན་སྡེར་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། བརྙན་སྡེར་དེ་རུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོའམ།བོད་ཀྱི་སློབ་གསོ་བ་གྲགས་ཅན་ཨ་ལགས་དོར་ཞི་ཚང་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་སངས་རྒྱས་རྒྱལ།སངས་རྒྱས་རྒྱ་མཚོ།གེ་སར་རིག་པའི་ཆེད་མཁས་པ་དང་རྩོམ་པ་པོ་ལྡོང་ནོར་སྡེ།བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་།<<སྦྲང་ཆར>>རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟླ་བ་བློ་གྲོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་བཀྲ་ཤིས་རྡོ་རྗེ་བཅས་ཀྱིས་བོད་ཀྱི་ནང་བསྟན་དང་། སློབ་གསོ། རྩོམ་རིག ས་གནས་ལོ་རྒྱུས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ནས་འཆད་གླེང་བྱས་པའི་གནས་ཚུལ་དངོས་བརྙན་གཟུགས་སུ་ཕབ་ཡོད་ཅིང་ཁྱོན་བརྙན་སྡེར་དྲུག་ཡོད།

ངེད་དྲ་བས་བརྙན་སྡེར་དེ་དག་ལས་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱིས་འཆད་གླེང་བྱས་པའི་ནང་དོན་ཚང་མ་ཡི་གེར་ཕབ་ནས་ཇི་བཞིན་དུ་དྲ་ངོས་སུ་བཀོད་དེ་ཀློག་མཁན་དག་གི་ཐུགས་འདུན་བསྐང་རྒྱུ་ཡིན།  

                མགོ་ལོག་འབྲོག་མི་ཡར་སྐུལ་ཚོགས་པ་ནི་༢༠༠༥ལོར་ཧོར་འབྲུག་བྷོ་དང་རག་ཤུལ་ནོར་བུ་ཚེ་རིང་སོགས་ཀྱིས་བཙུགས་པ་ཞིག་ཡིན་ལ། ཚོགས་པ་འདིས་ལོ་འདི་འགའི་རིང་ལ་གཞི་རིམ་སློབ་གསོ་དཀྱིལ་སྙིང་དུ་བཟུང་ནས་སྔ་ཕྱིར་སྒོར༤༦༠༠༠༠ལྷག་གི་འགྲོ་སོང་བཏང་སྟེ་སློབ་མ་དབུལ་བོ་སྐོར་ཞིག་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོར་བསྐྱལ་བ་དང་། གཞི་རིམ་བོད་ཡིག་སློབ་འབྲིང་ལ་གློག་ཀླད་དང་སྒྲིག་ཆས་ཉོ་བ། དྭ་ཕྲུག་འཛིན་གྲྭ་འཛུགས་པ། བོད་ཡིག་རྨོངས་སེལ་འཛིན་གྲྭ་སྒྲུབ་པ། དབུལ་ཁྱིམ་ལ་བཟའ་གོས་ཐད་ནས་སྦྱིན་གཏོང་བྱས་པ་སོགས་ཀྱི་ཕན་བདེ་ལས་ཀ་སྒྲུབ་ཀྱིན་ཡོད།

                  བརྙན་སྡེར་དེ་ཉོ་འདོད་ཆེ་བ་དག་གིས་ཞལ་པར་ཨང་གྲངས༡༣༣༠༩༧༥༡༢༥༥ལ་འབྲེལ་བ་བྱ་རོགས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་གྱི་གླེང་མོལ་ཞེས་པའིDVDབརྙན་སྡེར་དངོས་སུ་བཀྲམ་པ།

2009-04-02 ངེད་དྲ་བ། ཀློག་གྲངས། མཆན ཡོད།






     ཉེ་ལམ། མགོ་ལོག་འབྲོག་མི་ཡར་སྐུལ་ཚོགས་པས་གཙོ་སྒྲུབ་བྱས་པའི
བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་གྱི་གླེང་མོལཞེས་པའིDVDབརྙན་སྡེར་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། བརྙན་སྡེར་དེ་རུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོའམ།བོད་ཀྱི་སློབ་གསོ་བ་གྲགས་ཅན་ཨ་ལགས་དོར་ཞི་ཚང་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་སངས་རྒྱས་རྒྱལ།སངས་རྒྱས་རྒྱ་མཚོ།གེ་སར་རིག་པའི་ཆེད་མཁས་པ་དང་རྩོམ་པ་པོ་ལྡོང་ནོར་སྡེ།བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་།<<སྦྲང་ཆར>>རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟླ་བ་བློ་གྲོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་བཀྲ་ཤིས་རྡོ་རྗེ་བཅས་ཀྱིས་བོད་ཀྱི་ནང་བསྟན་དང་། སློབ་གསོ། རྩོམ་རིག ས་གནས་ལོ་རྒྱུས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ནས་འཆད་གླེང་བྱས་པའི་གནས་ཚུལ་དངོས་བརྙན་གཟུགས་སུ་ཕབ་ཡོད་ཅིང་ཁྱོན་བརྙན་སྡེར་དྲུག་ཡོད།

ངེད་དྲ་བས་བརྙན་སྡེར་དེ་དག་ལས་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱིས་འཆད་གླེང་བྱས་པའི་ནང་དོན་ཚང་མ་ཡི་གེར་ཕབ་ནས་ཇི་བཞིན་དུ་དྲ་ངོས་སུ་བཀོད་དེ་ཀློག་མཁན་དག་གི་ཐུགས་འདུན་བསྐང་རྒྱུ་ཡིན།  

                མགོ་ལོག་འབྲོག་མི་ཡར་སྐུལ་ཚོགས་པ་ནི་༢༠༠༥ལོར་ཧོར་འབྲུག་བྷོ་དང་རག་ཤུལ་ནོར་བུ་ཚེ་རིང་སོགས་ཀྱིས་བཙུགས་པ་ཞིག་ཡིན་ལ། ཚོགས་པ་འདིས་ལོ་འདི་འགའི་རིང་ལ་གཞི་རིམ་སློབ་གསོ་དཀྱིལ་སྙིང་དུ་བཟུང་ནས་སྔ་ཕྱིར་སྒོར༤༦༠༠༠༠ལྷག་གི་འགྲོ་སོང་བཏང་སྟེ་སློབ་མ་དབུལ་བོ་སྐོར་ཞིག་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོར་བསྐྱལ་བ་དང་། གཞི་རིམ་བོད་ཡིག་སློབ་འབྲིང་ལ་གློག་ཀླད་དང་སྒྲིག་ཆས་ཉོ་བ། དྭ་ཕྲུག་འཛིན་གྲྭ་འཛུགས་པ། བོད་ཡིག་རྨོངས་སེལ་འཛིན་གྲྭ་སྒྲུབ་པ། དབུལ་ཁྱིམ་ལ་བཟའ་གོས་ཐད་ནས་སྦྱིན་གཏོང་བྱས་པ་སོགས་ཀྱི་ཕན་བདེ་ལས་ཀ་སྒྲུབ་ཀྱིན་ཡོད།

                  བརྙན་སྡེར་དེ་ཉོ་འདོད་ཆེ་བ་དག་གིས་ཞལ་པར་ཨང་གྲངས༡༣༣༠༩༧༥༡༢༥༥ལ་འབྲེལ་བ་བྱ་རོགས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།