སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་དེབ་དབྱིན་འགྱུར་མ་ཨ་རིར་པར་སྐྲུན་བྱས་ཟིན་པ།

ཕྱོགས་བསྡུས་གསར་འགྱུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-29

      
  བོད་ཀྱི་སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་དེབ་དབྱིན་འགྱུར་མ་ཨ་རིའི་གྲོང་ཁྱེར་ནིག་ཡོག་ཏུ་ Lexington Booksཞེས་པའི་པར་སྐྲུན་ཁང་ནས་ཉེ་ཆར་པར་སྐྲུན་བྱས་ཟིན་ལ། དེབ་མིང་ལ The Nine-Eyed Agateཞེས་ཁོང་གི་བོད་ཡིག་གི་སྙན་དེབ་གཉིས་པ་གཟི་མིག་དགུ་པ་ཟེར་པ་དེ་སོར་བཞག་བྱས་ཡོད་ཅིང་། སྙན་དེབ་ནང་ལྗང་བུ་ལགས་ཀྱིས་སྤྱི་ལོ༡༩༨༤ནས་༢༠༠༢ལོ་བར་བརྩམས་གནང་གི་སྙན་ངག་དག་ལས་ཧྲག་འདེམས་ཞུས་པའི་སྙན་ངག་བརྒྱ་ཕྲག་གཅིག་ཙམ་དང་ཁོང་གི་ལོ་རྒྱུས་ཐུང་ངུ་བཅས་འཁོད་ཡོད་པ་དང་ཁོང་གིས་བྲིས་གནང་གི་ལྕགས་སྨྱུག་རི་མོ་བཅུ་ཙམ་ཡང་བར་བཅུག་རི་མོའི་ཚུལ་གྱིས་བཀོད་ཡོད་འདུག 
  སྐུ་ཞབས་ལྗང་བུ་ལགས་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་སྟོད་ནས་བཟུང་ད་བར་དུ་བོད་ཀྱི་སྙན་ངག་ལས་དོན་ལ་ནུས་པ་ཆེན་པོ་ཐོན་དང་འདོན་གྱིན་པའི་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་གི་ཚབ་མཚོན་མི་གཙོ་གྲས་སུ་ཀུན་གྱིས་ངོས་འཛིན་གནང་གིན་ཡོད་པ་རེད་།
  ལྗང་བུ་ལགས་ཀྱི་མཚན་དངོས་ལ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ཞུ་ཞིང་། ཁོང་ནི་གྲུབ་འབྲས་མི་དམན་པའི་གློག་བརྙན་དོན་གཉེར་མཁན་ཞིག་ཀྱང་ཡིན་ལ། ཁོང་གི་དངོས་བཤུའི་གློག་བརྙན་མཚོ་སྔོན་པོ་སོགས་ཕྱི་རྒྱལ་གྱི་གློག་བརྙན་དུས་སྟོན་དུ་མར་ཞུགས་མྱོང་ལ། སྔ་གཞུག་ཏུ་རྒྱལ་ཁབ་བདུན་ནང་གཟུགས་འབུལ་ཞུས་ཡོད་འདུག
  ཤོག་ལྷེ་༢༡༠ཡི་བདག་ཉིད་ཅན་གྱི་སྙན་དེབ་འདི་ནི་དེང་རབས་བོད་ཡིག་སྙན་ངག་པ་ལས་མི་སྒེར་པའི་སྙན་དེབ་དབྱིན་ཡིག་ནང་དཔར་སྐྲུན་བྱས་པ་ཐོག་མ་ཡིན་པར་སྣང་ལ། དེབ་རེར་ཨ་རིའི་སྒོར་༦༠རེ་ཡིན་འདུག དེབ་རྟགས་ནིISBN-10: 0739128752 དང་ISBN-13: 978-0739128756   ཡིན།
           དེབ་འདིhttp://www.amazon.comསོགས་དྲ་ཚིགས་མང་པོ་བརྒྱུད་ནས་མངགས་ཉོ་གནང་ཐུབ། 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་དེབ་དབྱིན་འགྱུར་མ་ཨ་རིར་པར་སྐྲུན་བྱས་ཟིན་པ།

2010-07-29 ཕྱོགས་བསྡུས་གསར་འགྱུར། ཀློག་གྲངས། མཆན ཡོད།

      
  བོད་ཀྱི་སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་དེབ་དབྱིན་འགྱུར་མ་ཨ་རིའི་གྲོང་ཁྱེར་ནིག་ཡོག་ཏུ་ Lexington Booksཞེས་པའི་པར་སྐྲུན་ཁང་ནས་ཉེ་ཆར་པར་སྐྲུན་བྱས་ཟིན་ལ། དེབ་མིང་ལ The Nine-Eyed Agateཞེས་ཁོང་གི་བོད་ཡིག་གི་སྙན་དེབ་གཉིས་པ་གཟི་མིག་དགུ་པ་ཟེར་པ་དེ་སོར་བཞག་བྱས་ཡོད་ཅིང་། སྙན་དེབ་ནང་ལྗང་བུ་ལགས་ཀྱིས་སྤྱི་ལོ༡༩༨༤ནས་༢༠༠༢ལོ་བར་བརྩམས་གནང་གི་སྙན་ངག་དག་ལས་ཧྲག་འདེམས་ཞུས་པའི་སྙན་ངག་བརྒྱ་ཕྲག་གཅིག་ཙམ་དང་ཁོང་གི་ལོ་རྒྱུས་ཐུང་ངུ་བཅས་འཁོད་ཡོད་པ་དང་ཁོང་གིས་བྲིས་གནང་གི་ལྕགས་སྨྱུག་རི་མོ་བཅུ་ཙམ་ཡང་བར་བཅུག་རི་མོའི་ཚུལ་གྱིས་བཀོད་ཡོད་འདུག 
  སྐུ་ཞབས་ལྗང་བུ་ལགས་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་སྟོད་ནས་བཟུང་ད་བར་དུ་བོད་ཀྱི་སྙན་ངག་ལས་དོན་ལ་ནུས་པ་ཆེན་པོ་ཐོན་དང་འདོན་གྱིན་པའི་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་གི་ཚབ་མཚོན་མི་གཙོ་གྲས་སུ་ཀུན་གྱིས་ངོས་འཛིན་གནང་གིན་ཡོད་པ་རེད་།
  ལྗང་བུ་ལགས་ཀྱི་མཚན་དངོས་ལ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་ཞུ་ཞིང་། ཁོང་ནི་གྲུབ་འབྲས་མི་དམན་པའི་གློག་བརྙན་དོན་གཉེར་མཁན་ཞིག་ཀྱང་ཡིན་ལ། ཁོང་གི་དངོས་བཤུའི་གློག་བརྙན་མཚོ་སྔོན་པོ་སོགས་ཕྱི་རྒྱལ་གྱི་གློག་བརྙན་དུས་སྟོན་དུ་མར་ཞུགས་མྱོང་ལ། སྔ་གཞུག་ཏུ་རྒྱལ་ཁབ་བདུན་ནང་གཟུགས་འབུལ་ཞུས་ཡོད་འདུག
  ཤོག་ལྷེ་༢༡༠ཡི་བདག་ཉིད་ཅན་གྱི་སྙན་དེབ་འདི་ནི་དེང་རབས་བོད་ཡིག་སྙན་ངག་པ་ལས་མི་སྒེར་པའི་སྙན་དེབ་དབྱིན་ཡིག་ནང་དཔར་སྐྲུན་བྱས་པ་ཐོག་མ་ཡིན་པར་སྣང་ལ། དེབ་རེར་ཨ་རིའི་སྒོར་༦༠རེ་ཡིན་འདུག དེབ་རྟགས་ནིISBN-10: 0739128752 དང་ISBN-13: 978-0739128756   ཡིན།
           དེབ་འདིhttp://www.amazon.comསོགས་དྲ་ཚིགས་མང་པོ་བརྒྱུད་ནས་མངགས་ཉོ་གནང་ཐུབ། 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།