སུའེ་ཏེན་གྱི་སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལ་༢༠༡༡ལོའི་ནོ་པེལ་རྩོམ་རིག་གི་བྱ་དགའ་ཐོབ་པ།

དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-07

 
  སུའེ་ཏེན་གྱི་གོང་མའི་རྩོམ་རིག་གླིང་གིས་ཚེས་༦ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ༢༠༡༡ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་སུའེ་ཏེན་གྱི་སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལ་ཐོབ་འདུག ཁོང་ནི་༡༩༣༡ལོར་སུའེ་ཏེན་གྱི་སི་ཐཱ་ཁོལ་མ་ནས་སྐུ་འཁྲུངས་པ་དང་། ༡༩༥༤ལོར་སྙན་དེབ་དང་པོ༼སྙན་ངག་ཚན་པ་བཅུ་བདུན༽ཞེས་པ་པར་ཏུ་བཏབ་པས་སུའེ་ཏེན་གྱི་རྩོམ་སྟེགས་ལ་ཟིང་ཆ་ཆེན་པོ་བྱུང་སྟེ་སྐབས་དེའི་སུའེ་ཏེན་གྱི་རྩོམ་རིག་གི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར།
  ཁོང་ད་ལྟ་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་ལ། སྔ་ཕྱིར༼ལམ་གྱི་གསང་བ༽དང་། ༼སྨག་རུམ་གྱི་ཁྲོད་ནས་ལྟད་མོར་ལྟ་བ༽ ༼བདེན་དོན་ལ་བར་ཆད་བྱེད་ཆས༽ ༼གསོན་པོ་དང་ཤི་བོར་ཕུལ་བ༽ ༼ལམ་ཕྲན༽སོགས་སྙན་དེབ་བཅུ་ཐམ་པ་གསར་རྩོམ་གནང་ཡོད།  
  ཁོང་གིས་རྒན་ཡོལ་གཏོང་བའི་བར་སྤྱི་ཚོགས་ཀྱི་བྱམས་སྙིང་རྗེའི་ཚོགས་པ་སོགས་ནས་སེམས་ཁམས་རིག་པ་བའི་ལས་ཀ་གཉེར་བ་དང་། གནས་སྐོར་དང་རྩོམ་རིག་གསར་རྩོམ་ནི་ཁོང་གི་ལས་ཞོར་གྱི་འཚོ་བ་གཙོ་བོར་གྱུར་ཡོད།
  ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ནི་མཚོན་དོན་རིང་ལུགས་དང་། མངོན་སུམ་ལས་འདས་པའི་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཏུ་ཀུན་གྱིས་ཁས་ལེན་ཞིང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བའི་དུས་སུ་སྙན་པའི་གྲགས་པའི་ཅོན་པན་གྱིས་ཀུན་ནས་བརྒྱན་པར་གྱུར། ཁོང་གི་ལུས་པོ་གཉན་ནད་ཀྱིས་བཟུང་སྟེ་ད་ལྟ་སྨྲ་བརྗོད་ཀྱི་ནུས་པར་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ནའང་ཁོང་གི་སྙན་ངག་ལ་དགའ་བའི་ཀློག་མཁན་མང་པོ་ཞིག་གིས་ཁོང་ནི་འཇིག་རྟེན་དུ་འཚོ་གཞེས་གནང་ཡོད་པའི་ཡོ་རོབ་གླིང་གི་སྙན་ངག་པ་ལེགས་ཤོས་ཡིན་པར་འདོད།
   ཐེངས་འདིར་ཁོང་ལ་ནོ་པེལ་བྱ་དགའ་འབུལ་དོན་ནི་ཁོང་གིས་རབ་ཏུ་དམ་ཞིང་ཕྱི་གསལ་ནང་གསལ་ཡིན་པའི་ཡིད་བརྙན་ལ་བརྟེན་ནས་མངོན་སུམ་ལ་འཇུག་པའི་ལམ་གསར་བ་ཞིག་བཟོས་པས་ཡིན་ཞེས་སུའེ་ཏེན་གོང་མའི་རྩོམ་རིག་གླིང་གིས་བསྒྲགས་འདུག
  གཞན་དུ་ཀློག་པ། ༢༠༡༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ།  ༢༠༠༩ལོའི་ནོ་པེལ་རྩོམ་རིག་བྱ་དགའ།    ༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུའེ་ཏེན་གྱི་སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལ་༢༠༡༡ལོའི་ནོ་པེལ་རྩོམ་རིག་གི་བྱ་དགའ་ཐོབ་པ།

2011-10-07 དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།

 
  སུའེ་ཏེན་གྱི་གོང་མའི་རྩོམ་རིག་གླིང་གིས་ཚེས་༦ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ༢༠༡༡ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་སུའེ་ཏེན་གྱི་སྙན་ངག་པ་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལ་ཐོབ་འདུག ཁོང་ནི་༡༩༣༡ལོར་སུའེ་ཏེན་གྱི་སི་ཐཱ་ཁོལ་མ་ནས་སྐུ་འཁྲུངས་པ་དང་། ༡༩༥༤ལོར་སྙན་དེབ་དང་པོ༼སྙན་ངག་ཚན་པ་བཅུ་བདུན༽ཞེས་པ་པར་ཏུ་བཏབ་པས་སུའེ་ཏེན་གྱི་རྩོམ་སྟེགས་ལ་ཟིང་ཆ་ཆེན་པོ་བྱུང་སྟེ་སྐབས་དེའི་སུའེ་ཏེན་གྱི་རྩོམ་རིག་གི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར།
  ཁོང་ད་ལྟ་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་ལ། སྔ་ཕྱིར༼ལམ་གྱི་གསང་བ༽དང་། ༼སྨག་རུམ་གྱི་ཁྲོད་ནས་ལྟད་མོར་ལྟ་བ༽ ༼བདེན་དོན་ལ་བར་ཆད་བྱེད་ཆས༽ ༼གསོན་པོ་དང་ཤི་བོར་ཕུལ་བ༽ ༼ལམ་ཕྲན༽སོགས་སྙན་དེབ་བཅུ་ཐམ་པ་གསར་རྩོམ་གནང་ཡོད།  
  ཁོང་གིས་རྒན་ཡོལ་གཏོང་བའི་བར་སྤྱི་ཚོགས་ཀྱི་བྱམས་སྙིང་རྗེའི་ཚོགས་པ་སོགས་ནས་སེམས་ཁམས་རིག་པ་བའི་ལས་ཀ་གཉེར་བ་དང་། གནས་སྐོར་དང་རྩོམ་རིག་གསར་རྩོམ་ནི་ཁོང་གི་ལས་ཞོར་གྱི་འཚོ་བ་གཙོ་བོར་གྱུར་ཡོད།
  ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ནི་མཚོན་དོན་རིང་ལུགས་དང་། མངོན་སུམ་ལས་འདས་པའི་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཏུ་ཀུན་གྱིས་ཁས་ལེན་ཞིང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བའི་དུས་སུ་སྙན་པའི་གྲགས་པའི་ཅོན་པན་གྱིས་ཀུན་ནས་བརྒྱན་པར་གྱུར། ཁོང་གི་ལུས་པོ་གཉན་ནད་ཀྱིས་བཟུང་སྟེ་ད་ལྟ་སྨྲ་བརྗོད་ཀྱི་ནུས་པར་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ནའང་ཁོང་གི་སྙན་ངག་ལ་དགའ་བའི་ཀློག་མཁན་མང་པོ་ཞིག་གིས་ཁོང་ནི་འཇིག་རྟེན་དུ་འཚོ་གཞེས་གནང་ཡོད་པའི་ཡོ་རོབ་གླིང་གི་སྙན་ངག་པ་ལེགས་ཤོས་ཡིན་པར་འདོད།
   ཐེངས་འདིར་ཁོང་ལ་ནོ་པེལ་བྱ་དགའ་འབུལ་དོན་ནི་ཁོང་གིས་རབ་ཏུ་དམ་ཞིང་ཕྱི་གསལ་ནང་གསལ་ཡིན་པའི་ཡིད་བརྙན་ལ་བརྟེན་ནས་མངོན་སུམ་ལ་འཇུག་པའི་ལམ་གསར་བ་ཞིག་བཟོས་པས་ཡིན་ཞེས་སུའེ་ཏེན་གོང་མའི་རྩོམ་རིག་གླིང་གིས་བསྒྲགས་འདུག
  གཞན་དུ་ཀློག་པ། ༢༠༡༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ།  ༢༠༠༩ལོའི་ནོ་པེལ་རྩོམ་རིག་བྱ་དགའ།    ༢༠༠༨ལོའི་ནོ་པེལ་རྩོམ་རིག་བྱ་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།