གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼བོད་པའི་བུ་མོའི་སྐྲ་ཕབ་པ༽་ཞེས་པ་ལ་སྐབས་ལྔ་བའི་ཁྱུང་གི་གསེར་གཤོག་རྟགས་མའི་བྱ་དགའ་ཐོབ་པ།

2012-07-04 10:55:00 གསར་འགོད་པ་དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན།  ཉེ་ཆར། པེ་ཅིན་ནས་སྤེལ་བའི་སྐབས་ལྔ་བའི་ཀྲུང་གོ་མི་རིགས་སྐད་ཡིག་དང་། མི་རིགས་བརྗོད་བྱའི་གློག་བརྙན་ལེ་ཚན་ཁྱུང་གི་གསེར་གཤོག་ཞེས་པའི་དཔྱད་འདེམས་བྱ་བ་དེ་བདེ་ལེགས་ངང་མཇུག་རྫོགས་པ་དང་། དཔྱད་འདེམས་ཚོགས་འདུའི་སྟེང་། མཚོ་ནུབ་བརྙན་འཕྲིན་ཁང་གི་ཆེད་སྒྲིག་ལེ་ཚན་༼བོད་པའི་བུ་མོའི་སྐྲ་ཕབ་པ༽ཞེས་པ་ལ་ཆེད་སྒྲིག་སྐོར་གྱི་བྱ་དགའ་ཨང་གསུམ་པ་ཐོབ།
 
  དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པས་གསུངས་དོན།༼བོད་པའི་བུ་མོའི་སྐྲ་ཕབ་པ༽ཞེས་པའི་ཆེད་སྒྲིག་འདི་ཡིས་བསམ་བློའི་གཏིང་ཟབ་ས་ནས་དངོས་སྣང་གི་སེམས་ཤུགས་མཚོན་པར་བྱས་ཏེ། བརྙན་ཕབ་ཀྱི་བརྙན་གཟུགས་རང་བྱོན་ཡིན་པར་མ་ཟད། ལྷག་པར་ཏུ། ལས་ཡུལ་དངོས་ཀྱི་སྒྲ་དབྱངས་དང་། དངོས་སྣང་གི་འཁྲབ་སྟངས་སོགས་སྟེ་ལེ་ཚན་རང་སྟེང་གི་བབས་བསྟུན་རང་བཞིན་དང་དངོས་ཡོད་རང་བཞིན་གྱིས་མང་ཚོགས་ཀྱི་མཐོང་ཚོར་ལ་ཤུགས་རྐྱེན་ཟབ་མོར་བཞག་ཡོད་ལ། དོ་མཉམ་པའི་སྒྲིག་སྦྱོར། རྒྱབ་ལྗོངས་རོལ་དབྱངས་དང་སྒྲ་སྦྱོར་སོགས་ཆ་གང་ཐད་ནས་ཆེད་སྒྲིག་ལེ་ཚན་འདི་ཆེས་ལེགས་པོ་ཞིག་འགྲེམས་སྟོན་བྱས་ཡོད་ཟེར།
 
  དེ་ཡང་རྒྱུས་ལོན་བྱུང་བ་ལྟར་ན།༼བོད་པའི་བུ་མོའི་སྐྲ་ཕབ་པ༽ཞེས་པའི་དཔྱད་འདེམས་བྱ་འགུལ་ཁྲོད། མཚོ་ནུབ་བརྙན་འཕྲིན་ཁང་གིས་ཆེད་སྒྲིག་ལེ་ཚན་གཉིས་བསྐྱལ་ཡོང་བ་དང་། དེ་ལས་༼བོད་པའི་བུ་མོའི་སྐྲ་ཕབ་པ༽ཞེས་པ་ལ་ཆེད་སྒྲིག་སྐོར་ནས་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། འདི་ནི་སྐབས་ལྔ་བའི་ཁྱུང་གི་གསེར་གཤོག་རྟགས་མའི་ཆེས་མཐོ་བའི་བྱ་དགའི་གྲས་ཤིག་ཡིན་པར་མ་ཟད། མཚོ་ནུབ་བརྙན་འཕྲིན་ཁང་རྒྱལ་ཁབ་རིམ་པའི་གློག་བརྙན་ལེ་ཚན་གྱི་འགྲན་ཞུགས་བྱ་འགུལ་ལ་ཐེངས་དང་པོར་ཞུགས་པ་ཡིན་ལ། 2012ལོའི་སྤྱི་ཟླ8པར་སི་ཁྲོན་ཞིང་ཆེན་གྱི་ལཱང་ཧྲན་ཁུལ་ནས་བྱ་དགའ་སྟེར་བའི་བྱ་འགུལ་མཛད་སྒོ་སྤེལ་རྒྱུ་རེད།
  དེ་ཡང་།  ཀྲུང་གོ་མི་རིགས་སྐད་ཡིག་དང་། མི་རིགས་བརྗོད་བྱའི་གློག་བརྙན་ལེ་ཚན་ཁྱུང་གི་གསེར་གཤོག་རྟགས་མའི་ཞིབ་དཔྱད་དང་བགྲོ་གླེང་བྱ་འགུལ་ནི་ཀྲུང་གོ་མི་རིགས་བརྙན་ཟློས་སྒྱུ་རྩལ་འཕེལ་རྒྱས་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་རྩ་འཛུགས་པེ་ཅིན་དོན་གཅོད་ཁང་གིས་གཅིག་གྱུར་གྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན་ལ། མི་རིགས་སྐད་ཡིག་དང་མི་རིགས་བརྗོད་བྱའི་གློག་བརྙན་གྱིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་དང་། སྤྱི་ཚོགས་བརྟན་བརླིང་ལ་ནུས་པ་གང་ལེགས་ཐོན་གྱིན་ཡོད་པར་མ་ཟད། མི་རིགས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྡ་འཕྲིན་ལག་ཆ་དང་འབྲེལ་ཟམ་ལྟ་བུ་ཞིག་ཏུ་ཆགས་ཡོད། ཐེངས་འདིའི་བྱ་དགའི་བྱ་འགུལ་འདི་ནི་རང་རྒྱལ་གྱི་མི་རིགས་སྐད་ཡིག་དང་། མི་རིགས་བརྗོད་བྱའི་གློག་བརྙན་གྱི་གར་སྟེགས་ཉག་ཅིག་ཡིན་ལ། ལོ་གཉིས་རེའི་ནང་ཐེངས་རེ་སྤེལ་བཞིན་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་བརྗོད་བྱ་དང་འབྲེལ་བའི་གློག་བརྙན་བྱ་དགའ་ཉག་ཅིག་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།