གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨིན་ཡུལ་གྱི་རྒྱལ་མོ་ཨེ་ལི་བཟི་རྦུ་ཐིའི་ལོ་དྲུག་ཅུའི་དབང་བསྒྱུར་ལ་རྟེན་འབྲེལ་ཞུ་བ།

2012-06-03 18:51:00 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

 
  རྒྱལ་མོ་ཨེ་ལི་བཟི་རྦུ་ཐི་མཆོག་སྤྱི་ལོ་༡༩༥༢་ལོར་རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་ལྡན་པའི་ཨིན་ཡུལ་གྱི་གསེར་ཁྲིར་མངའ་གསོལ་ནས་རྒྱལ་ཁབ་ཀྱི་འགོ་གཙོར་གྱུར་ཏེ་ད་ལོར་ལོ་ངོ་དྲུག་ཅུ་འཁོར་བར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་མི་དམངས་དུར་ཕྱུར་མང་བོས་དགའ་སྟོན་གྱི་རྟེན་འབྲེལ་ཞུ་བཞིན་པ་རེད།    ཨིན་ཡུལ་དུ་དེ་རིང་ནས་བཟུང་ཉིན་བཞིའི་རིང་ལ་གཞུང་འབྲེལ་གྱི་གུང་སེང་བཞག་ནས་རྒྱལ་མོ་མཆོག་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་བཞིན་ཡོད།     ཁོ་མོས་སྤྱི་ལོ་༡༩༥༢་ལོའི་ཟླ་༢་ཚེས་༦་ལ་རང་གི་ཡབ་རྒྱལ་བོ་འཇོར་ཇུ་སྐུ་གཤེགས་པའི་རྗེས་སུ་ཕ་ཤུལ་བུ་འཛིན་བྱེད་མཁན་གྱི་བུ་ཞིག་མེད་པའི་རྐྱེན་ཀྱིས་རྒྱལ་ཁབ་ཀྱི་ཁྲི་བཞུགས་གནང་བ་རེད།   སྐབས་དེར་ཁོ་མོ་ནི་ལོ་༢༥་ཡིན་པས་འཛམ་གླིང་གི་རྒྱལ་མོ་གཞོན་ཤོས་དེ་ཆགས་ཡོད།    ད་ལོ་ཁོ་མོ་དགུང་ལོ་༨༦་ལ་བསླེབས་ཡོད་པ་དང་མུ་མཐུད་དུ་རྩ་ཁྲིམས་དང་རྒྱལ་རྒྱུད་གཉིས་ཀ་ལྡན་པའི་ཨིན་ཡུལ་རྒྱལ་ཁབ་ཀྱི་འགོ་གཙོར་གྱུར་ཡོད།     དེ་རིང་རྒྱལ་མོའི་ཕོ་བྲང་གི་མདུན་དུ་ཨིན་ཡུལ་གྱི་སྲིད་བློན་གཙོ་བོ་གྱུར་བའི་འཛམ་གླིང་གི་མི་དམངས་ས་ཡ་མང་བོ་རྟེན་འབྲེལ་གྱི་མཛད་སྒོ་ལ་ཞུགས་ཡོད་པ་དང་།    ད་དུང་ཨིན་ཡུལ་གྱི་སྲང་ལམ་ཁག་དང་ཚོང་ཁང་དང་རང་ཉིད་ཀྱི་ཁྱིམ་ཚང་གི་ནང་གི་སྒེའུ་ཁུང་གི་མདུན་དུ་ཚོན་མདངས་སྣ་མང་གི་དར་ཆ་སོགས་བཀལ་ནས་ནང་མི་ཚང་མ་མཉམ་འཛོམས་ཀྱིས་དགའ་སྟོན་རྟེན་འབྲེལ་ལ་རོལ་བཞིན་པ་དང་ཨིན་ཡུལ་གྱི་མི་དམངས་བརྒྱ་ཆ་༨༠་ལྷག་གིས་ཨིན་ཡུལ་རྒྱལ་ཁབ་ལ་རྒྱལ་རྒྱུད་རིང་ལུགས་སྲིད་དབང་མུ་མཐུད་གནས་ཐུབ་པའི་བསམ་ཚུལ་མངོན་བཞིན་ཡོད་པ་མ་ཟད།   རྒྱལ་མོའི་ཁྱིམ་རྒྱུད་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་ཡིན་པར་བཤད་ཀྱི་ཡོད།     དེ་ཡང་འཛམ་གླིང་དུ་སྙན་གྲགས་ཆེ་བའི་བརྙན་འཕྲིན་CNN་དང་BBC་སོགས་སུ་ཐེངས་འདིའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་གནས་ཚུལ་མཐའ་དག་དངོས་སུ་བརྒྱུད་གཏོང་བྱེད་བཞིན་པ་རེད།   དེང་གི་དུས་སུའང་འཛམ་གླིང་ལ་རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་ལྡན་པའི་རྒྱལ་ཁབ་༡༦་ཡོད་པ་དང་དེ་དག་གི་ནང་དུ་རྒྱལ་བོ་ལ་ཆབ་སྲིད་དབང་ཆ་གང་ཡང་མེད་ཀྱང་རྩ་ཁྲིམས་སུ་རྒྱལ་བོའི་གོ་གནས་རྒྱུན་འཛིན་དང་རྒྱལ་ཁབ་ཀྱི་འགོ་གཙོ་ཞིག་ལྟར་དུ་གཞུང་འབྲེལ་གྱི་འགྲོ་ལུགས་གཏིང་ཟབ་པོ་ཡོད།    །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།