༼ཤེལ་རི་དཀར་འབར༽གྱི་རྩོམ་བརྡ།

  ཤེལ་རི་དཀར་འབར་ཞེས་པའི་དུས་དེབ་འདི་ནི་ས་གནས་ཡུལ་ཤུལ་ཁུལ་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་དམངས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གོ་རྟོགས་ཐོབ་ཆེད།སྤྱི་ལོ་2011ལོར་དུས་དེབ་འདོན་ཐེངས་དང་པོ་དེ་དཔར་སྐྲུན་གྱིས་འགྲེམས་སྤེལ་ཞུས་ཤིང་། དེར་དགོན་སྡེ་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་བརྟེན་མུ་མཐུད་དུ་རྩོམ་སྒྲིག་པ་རྣམ་པས། ཧུར་བརྩོན་གྱིས་སྔར་ལས་སྤུས་ཚད་སོགས་མཐུས་སྒོ་ཇེ་ཚང་ཡོང་བར་འབད་ནས་རྒྱུན་སྐྱོང་བྱེད་འདོད་ཡོད་ཅིང་། དེ་ཕྱིར་ངེད་ཅག་གིས་ལྷག་བསམ་དང་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་སྨྱུག་ཐོགས་པ་ཁྱེད་རྣམ་པར་རེ་བསྐུལ་ཞུ་རྒྱུ་ཞིག་ལ། ང་ཚོ་སྤྱིའི་བདེ་དོན་ནམ་རང་ཉིད་ཀྱི་མི་ཚེའི་རིན་ཐང་དུ་བྱས་རྗེས་འཇོག་པའམ་རང་ཉིད་ཀྱི་ཚེ་སྲོག་འཚོ་གནས་བཟང་པོ་ཐོབ་ཆེད། ལྷག་བསམ་བཟང་པོས་འབྱུང་འགྱུར་གྱི་སྐྱེ་འགྲོ་ཁོང་རྣམ་པར་སྲོག་འཚོ་རུང་བའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་ཆེད་སོགས་གང་ལྟར་ཡང་།བདེ་སྐྱིད་ཀྱི་འཚོ་གནས་ལ་རོལ་སའི་གཞི་འཚེ་མེད་ཞི་བའི་ལྟེ་གནས་ལྗོན་མདོག་ཅན་གྱི་ཟླུམ་གཟུགས་གོ་ལའི་ཁོར་ཡུག་ཅིག་སྲུང་སྐྱོང་བཟང་པོ་ཐོབ་ཆེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བརྗོད་བྱ་བྱས་པའི་རྩོམ་ལུས་བཅད་ལྷུག་སྤེལ་མ་གང་རུང་ཡིན་པའི་ལེགས་སྤེལ་ཉེས་འགོག་གི་ཕྱག་རྩོམ་གང་མང་ཞིག་གི་རྒྱབ་སྐྱོར་ངེད་ཅག་ལ་གནང་བར་མཁྱེན་མཁྱེན།
     ཞེས་ཤེལ་རི་དཀར་འབེལ་དུས་དེབ་རྩོམ་སྒྲིག་ཚན་ཆུང་ནས་སྤྱི་ལོ་2012ལོའི་ཟླ་5ཚེས་7ཉིན།
     སྐུ་ཉིད་ཀྱིས་ཕྱག་རྩོམ་ཧི་མ་ལ་ཡ་ཡིས་བཏགས་ཏེ་འོག་གི་གློག་འཕྲིན་ཐོག་ཏུ་བཀུར་གནང་ཡོང་བར་ཞུ། E-mail: environmental-protection@live.com

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།