གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི༼གསེར་དེའུ༽ཞེས་པའི་དུས་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

2012-12-19 11:52:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

  གངས་ལྗོངས་རྩོམ་རིག་གི་སྐྱེད་ཚལ་ན་གསར་རྩོམ་གྱི་ལས་ལ་འཇུག་པར་སྤྲོ་བའི་གསར་སྐྱེས་ཀྱི་སྨྱུག་ཐོགས་པ་རྣམ་པ། འཛམ་གླིང་རིལ་མོ་འདི་ཚན་རྩལ་གྱིས་ཡུག་གཅིག་ཏུ་སྦྲེལ་ཏེ་རིག་གནས་སྣ་མང་ཅན་དང་ཞི་བདེ་འཆམ་མཐུན་ལ་སྐུལ་བའི་སྐལ་བཟང་གི་དུས་འདིར། རང་རེའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལའང་ཚ་རླབས་ཤིག་འཕྱུར་བཞིན་པའི་དུས་རབས་གསར་བའི་འགྲོས་དང་བསྟུན་ནས། རྨ་ཡུལ་མཐོང་བ་ཀུན་སྨོན་ཞེས་ཁྲ་ཆིལ་མེ་ཏོག་སྣ་བརྒྱས་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་སྐྱེངས་པ་སྟེར་ནུས་ནའང་། རང་བྱུང་གི་བཀོད་པ་འདིར་སྔ་ན་མ་མཆིས་པའི་དྲི་བསུང་གིས་ཕྱུག་ལ་གནའ་དེང་རྩོམ་རིག་གིས་བརྒྱན་པའི་དུས་དེབ་གསར་སྐྱེས་ས་མོས་དག་འགྲན་པའི་ཚུལ་དུ་གཅིག་རྗེས་གཉིས་མཐུད་དུ་ནོར་འཛིན་སྒེག་མོའི་རྒྱན་དུ་བཞད་དེ། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་རང་ནུས་ཀྱིས་བཀྲག་མདངས་རེ་སྦྱིན་པས། འདིར་ངེད་ཅག་རྨ་ཡུལ་སྐོང་གསེར་ཁ་མདོ་ནས་འཚར་ལོངས་བྱུང་བའི་ན་ཆུང་སྟེ་རྨ་ཆུའི་དབལ་བན་ཚང་ཡུལ་ཚོའི་སློབ་གཉེར་བ་རྫོང་དང་ཁུལ་ན་ཡོད་པའི་
སློབ་གྲོགས་ལྷན་རྒྱས་ཀྱིས་ཀྱང་། རང་རེའི་གསར་སྐྱེས་ན་ཆུང་ཚོར་རྩོམ་ལ་འཇུག་པའི་ཞིང་ས་ཞིག་སྒྲུབ་འདུན་གྱི་ཀུན་ནས་བསླངས་ཏེ་རྩོམ་རིག་གི་ལོ་དེབ་འདི་བསྒྲུབ་རྒྱུ་བྱས་པ་ཡིན་པས། གསར་རྩོམ་གྱི་ལས་ལ་མོས་ཤིང་རང་རིགས་ལ་དུངས་ཞེན་ཟབ་པའི་སྨྱུག་འཛིན་པ་དག་གིས་འུ་ཅག་ཐུན་མོང་ལ་དབང་བའི་རྩོམ་རིག་གི་དུས་དེབ་འདིར་སྨན་པའི་ལྗགས་རྩོམ་གྱི་སྦྲང་ཆར་ཤག་ཤག་ཏུ་འཇོ་བར་ཞུ་ཞུ།
  འདིར་གསལ་བཤད་བྱ་རྒྱུ་ཞིག་ལ་རྩོམ་ཡིག་སྐུར་མཁན་དག་གིས་གཤམ་གྱི་བླང་བྱ་ལ་ཡིད་འཇོག་ཡོད་པར་འཚལ།
༡ རྩོམ་གྱི་བསྟན་བྱ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་མི་ཆོག    ༢ རྩོམ་ལུས་གང་བདེར་སྤྱད་ཆོག་མོད་བརྗོད་དོན་གོང་འོག་འབྲེལ་ཆགས་ལ་རྗོད་བྱེད་ཚིག་གི་སྡེབ་ལེགས་ཤིང་དག་ཐོན་པར་གཟོབས།  ༣ དེབ་འདིར་འགོད་མ་ཐུབ་པའི་
རྩོམ་ཡིག་ཕྱིར་བསྐུར་རྒྱུ་མིན་པས་མ་ཕྱི་ཉར་རོགས།  ༤རྩོམ་བསྡུ་ཡུན་ཟླ་12བའི་ཟླ་མཇུག་བར་ཡིན།
རྩོམ་བསྐུར་ཡུལ།  ཡིག་ཟམ།        ajgbdz@163.com དང་ཡང་ན saierdi@163.com ཡིན།
འབྲེལ་གཏུག་བྱ་ཡུལ།  རྨ་ཆུ་རྫོང་བོད་སློབ་འབྲིང་གི་མཐོ་གཉིས་བཞི་བའི་སློབ་མ།  ཀུན་བཟང་འཇིགས་མེད།
 གཙོས་བོད་སློབ་འབྲིང་གི་མཐོ་གཉིས་རིམ་པའི་སློབ་མ།  ཀུན་བཟང་།  ལྷུན་འགྲུབ།
གཙོས་གྲོང་ཁྱེར་སློབ་འབྲིང་གི་མཐོ་གཉིས་དང་པོའི་སློབ་མ།  དཔལ་ཆེན།  ཚེ་རིང་འཚོ།
            རྨ་ཆུའི《གསེར་དེའུ》རྩོམ་སྒྲིག་ཚན་ཆུང་གིས།༢༠༡༢ལོའི་ཟླ༡༠ཚེས༢༣ཉིན་གུས་པ་དང་བཅས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།