གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

2013-08-17 06:18:00 གསར་འགོད་པ། མཁའ་འགྲོ་ཚེ་རིང་། ཀློག་གྲངས། མཆན ཡོད།
   ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བདུན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭའི་ཚོགས་འདུའི་མཛད་སྒོ་དེ་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་མཚོ་སྔོན་དུ་བསྡུས་པ་དང་།ཚོགས་འདུར་ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅན་དང་།མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅེ་ཏིས་མཱ་ཅཱ་དང་།མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པད་གོ མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་སོགས་ཀྱིས་མཛད་སྒོའི་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བ་དང་།ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་གྱི་ས་ཁུལ་སོ་སོ་ནས་ཐོན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་བཞི་བཅུ་ཞུགས་ཡོད་ལ།  དེ་རུ་བོད་རིགས་རྩོམ་པ་པོ་སྟག་འབུམ་རྒྱལ་དང་། གཅན་མེ་སྟག  གེ་སར།  ཆོས་སྐྱོང་།  ཁྲི་སེམས་དཔའ། མཛེས་སེ། རྡོ་སྦིས་རྡོ་རྗེ། མདོ་འཛིན་པ་ཚེ་རིང་བཀྲ་ཤིས།   རེ་རྐང་གླིང་།  མར་ཁུ་རྒྱལ་མཚན། བོང་སྟག་རི་ལུ། པད་མ་དབང་ཆེན།ཐོ་རེངས།  ཁང་གསར་ཚེ་དབང་རིག་འཛིན།ཚེ་སྒྲོན་སྐྱིད་སོགས་བོད་རིགས་རྩོམ་པ་པོ་ཉི་ཤུ་ཙམ་ཞུགས་ཡོད་ཅིང་།ཐེངས་འདིའི་ཟབ་སྦྱོང་ལ་ལུའུ་ཞུན་རྩོམ་རིག་གླིང་གིས་གདན་འདྲེན་བྱས་པའི་རྒྱལ་ཁབ་རིམ་པའི་རྩོམ་པ་པོ་ཁག་ཅིག་གིས་ཉིན་ཉི་ཤུའི་དུས་ཚོད་བེད་སྤྱད་ནས་རྩོམ་རིག་ཕྱོགས་ཀྱི་འཆད་ཁྲིད་གནང་རྒྱུ་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།