གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《དཔའ་བོའི་ལུང་པ》ཡི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་ནས་བསྡུས།

2013-06-19 22:28:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

  བོད་ཀྱི་གཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁར་བྱམས་རྒྱལ་ལགས་ཀྱིས་ལོ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་བརྙན་ལེན་དང་སྒྲིག་བཟོ་བྱས་པས་བོད་ཀྱི་དངོས་བཤུས་གློག་བརྙན་<<དཔའ་བོའི་ལུང་པ>>ད་ཆར་ལེགས་འགྲུབ་བྱུང་ཟིན་ལ། གློག་བརྙན་འདིའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ད་ལོའི་ཕྱི་ཟླ་5བའི་ཚེས་22ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བེད་ལེགས་ངང་བསྡུས།ཐེངས་འདིའི་མཛད་སྒོའི་སྟེང་ཕྱོགས་བཞིའི་སྐུ་མགྲོན་ལྔ་བརྒྱ་ཙམ་ཕེབས་འདུག་པ་དང་།  མཛད་སྒོའི་བྱ་རིམ་ལྟར་ཐོག་མར་ཡུལ་དངོས་སུ་སྐུ་མགྲོན་རྣམ་པར་<<དཔའ་བོའི་ལུང་པ>>ཡི་ཐོག་མའི་གཟིགས་འབུལ་བྱས། གློག་བརྙན་རྫོགས་རྗེས་འཁྲབ་ཁྲིད་པ་དང་འབྲེལ་ཡོད་མི་སྣ་ཁག་གིས་ཡུལ་དངོས་སུ་ལྟད་མོ་བ་དང་ལྷན་གློག་བརྙན་དང་འབྲེལ་བའི་ལབ་གླེང་དུས་ཚོད་གཅིག་ཙམ་ལ་གནང་།
 
གློག་བརྙན་འདི་ནི་དེང་རབས་བོད་ཀྱི་གཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁར་བྱམས་རྒྱལ་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་ལ། ཨ་མའི་ལོ་ལོ་གློག་བརྙན་མཐུན་ཚོགས་ཀྱི་རོགས་སྒྲུབ་འོག་གློག་བརྙན་ཕབ་བསྐྲུན་བྱས་ཤིང་མཇུག་གི་སྒྲིག་བཟོ་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་དཀའ་ལས་རྒྱབ་སྟེ་གྲུབ་པའི་སྤུས་དག་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིས་བོད་མདོ་སྨད་བ་ཡན་ཕྱོགས་ཀྱི་ཡུལ་སྡེ་མང་བོའི་འདས་མ་ད་གསུམ་གྱི་ལོ་རྒྱུས་བརྗོད་དོན་བྱས་ཐོག་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ངོས་མང་པོ་ཞིག་མངོན་འདུག་ལ།བདེན་པའི་གཤིས་སུ་གྲུབ་བའི་དངོས་ཡོད་ཀྱི་སྣང་བརྙན་རེ་རེ་བརྙན་རིས་ཀྱི་སྐད་ཆ་བརྒྱུད་ནས་གཟིགས་མོ་བ་ཀུན་གྱི་དགའ་བ་དྲུང་ནས་འབྱིན་པར་བྱེད། དངོས་བཤུས་གློག་བརྙན་འདིས་བོད་ཀྱི་དངོས་ཡོད་འཚོ་བའི་ཟུར་ངོས་མང་པོ་ཞིག་དམིགས་གཏད་ཀྱི་འབེན་སར་བཟུང་ནས་དོ་སྣང་མང་དུ་བྱས་ཡོད་པ་དང་།།  འཁྲབ་ཁྲིད་པའི་གློག་བརྙན་སྒྱུ་རྩལ་ལ་བཟུང་བའི་འགན་འཁྲི་དང་དུངས་བ་ཟབ་མོ་ཞིག་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཁྱབ་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།