གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ་ཞེས་པའི་ལོ་ཕྱེད་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

2013-01-26 16:03:00 མི་ཁོམ་པའི་རྒྱལ་སྲས། ཀློག་གྲངས། མཆན ཡོད།

  མིག་སྔར། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ་ཁང་གིས་མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ་ཞེས་པའི་ལོ་ཕྱེད་དེབ་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་གཞིར་བྱས་ཏེ་རྩོམ་རིག་བསྡུ་བཞིན་ཡོད་ཅིང་།  དུས་དེབ་འདི་སང་ལོ་ནས་བཟུང་ཕྱོགས་གང་ཐད་ནས་སྤུས་ལེགས་ཅན་དུ་གཏོང་རྩིས་ཡོད་པས་རྒྱ་ཆེའི་རྩོམ་མཁན་ལྷན་རྒྱས་ནས་སོ་སོའི་བརྩམས་ཆོས་བསྐུར་ཡོང་བར་རེ་བ་ཆེ་ཞིང་རྩོམ་ལུས་གང་རུང་གིས་བསྐུར་ཡང་དགའ་བསུ་བླ་ལྷག་བྱེད་པ་རེད། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ་ཞེས་པའི་ལོ་ཕྱེད་དེབ་འདི་ནི་མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་ཤིང་། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན་ལ། བོད་ཁམས་ཡོངས་སུ་ཁ་ཕྱོགས་པའི་རྩོམ་རིག་དུས་དེབ་ཅིག་རེད།
 
  སྐུ་ཉིད་ཀྱི་བརྩམས་ཆོས་བསྐུར་དུས་དོ་སྣང་བྱ་ཡུལ། 

  གཅིག རྩོམ་ཡིག་བསྐུར་མཁན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས།
  
གཉིས། རྩོམ་བསྐུར་དུས་ཡིག་གཟུགས་ངེས་པར་དུ་པཎྡི་ཏ་ཡིན་དགོས།

  གསུམ། འདི་གར་བསྐུར་ཟིན་པའི་རྩོམ་གྱི་མ་ཡིག་ཕྱིར་རྩོམ་པ་པོར་མི་སློག་པས་མ་ཕྱི་རང་ཉིད་ཀྱིས་ཉར་ཚགས་བྱེད་དགོས། 

  བཞི། འབྲེལ་གཏུགས་ས་གནས་དང་ཁ་པར་ཨང་གྲངས། ལས་རིགས་སོགས་གསལ་བོར་འབྲི་དགོས་པ་མ་ཟད། པིར་མིང་འགོད་མཁན་གྱིས་དངོས་མིང་འབྲི་རྒྱུ་དགོངས་འཇགས་འཚལ།
  
བརྩམས་ཆོས་བསྐུར་ཡུལ། qiesangnima51@126.com

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།