<<གཅིག་དགུ་གྱ་བཞི>>ཞེས་པའི་སྒྲུང་གྲགས་ཅན་དེ་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཡོད་པ།

unnamed (4).jpg
ཉེ་ཆར། འཇོར་ཇི་ཨོར་ཝེལ་གྱིས་བརྩམས་པའི་བརྩམས་སྒྲུང་གྲགས་ཅན《གཅིག་དགུ་གྱ་བཞི》ཞེས་པ་ཨ་མེ་རི་ཀར་གནས་སྡོད་མཁན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག  རྡོ་རྗེ་ཚེ་བརྟན་ནི་འཇོར་ཇི་ཨོར་ཝེལ་གྱི་བརྩམས་སྒྲུང་གྲགས་ཅན་གཞན་ཞིག་སྟེ། 《བྱོལ་སོང་གཞིས་ཀ》བོད་འགྱུར་གནང་མཁན་ཡིན།
 《བྱོལ་སོང་གཞིས་ཀ》ནི་ཆབ་སྲིད་ལམ་ལུགས་དང་ལྟ་གྲུབ། སྤྱི་ཚོགས་ཁྲོད་ཀྱི་དབང་འཛིན་མི་སྣའི་བྱ་སྤྱོད་སོགས་དུད་འགྲོར་དཔེར་སྦྱར་ཏེ་བྲིས་པའི་བརྩམས་སྒྲུང་ཞིག་ཡིན་ལ།《གཅིག་དགུ་གྱ་བཞི》ནི་མིའི་ལུས་ཕུང་་སྲིད་དབང་སྒེར་གཅོད་ཀྱི་དབང་འོག་ཏུ་ཤོར་ན་ཡང་། བསམ་བློ་དང་ལྟ་གྲུབ་དེའི་དབང་འོག་ཏུ་མི་འགྲོ་བའི་འབད་བརྩོན་བྱས་མཐར་ཕམ་ཁ་བྱུང་བའི་སྒྲུང་ཞིག་ཡིན།
  གང་ལྟར་བརྩམས་སྒྲུང་འདི་གཉིས་ནི་ཆབ་སྲིད་ལ་ཟུར་ཟ་བྱེད་པའི་བརྩམས་སྒྲུང་སྐད་གྲགས་ཅན་གཉིས་ཡིན་ནོ།།

ཟུར་བཀོད། པད་མ་འབུམ་གྱིས་བརྩམས་པའི《གཅིག་དགུ་གྱ་བཞི》བོད་འགྱུར་མའི་གླེང་བརྗོད།

  ༄༅།། གྲོགས་པོ་རྡོ་རྗེ་ཚེ་བརྟན་ལགས་ནས་ད་ལོའི་ལོ་སྟོད་ལ་“གཅིག་དགུ་གྱ་བཞི།”ཟེར་བའི་སྒྲུང་རྩོམ་འདི་ཡོངས་སུ་བསྒྱུར་ཚར་ཏེ་ང་ལ་བཏང་ཡོང་ནས་ཡིག་ནོར་དང་བརྗོད་མི་བདེ་བའི་ཚིག་རྣམས་ལ་ཅིག་བལྟ་རོགས་དང་། ད་དུང་སྔོན་གླེང་ལྟ་བུ་ཞིག་ཀྱང་འབྲི་རོགས་ཟེར། ངས་ཁོང་གི་བསྒྱུར་རྩོམ་ “བྱོལ་སོང་གི་གཞིས་ཀ”ལ་སྔོན་གླེང་བྲིས་ནས་དེ་ ༢༠༡༡ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས། སྔ་མ་དཔེ་སྐྲུན་བྱས་ནས་ཕྱི་མ་ཡིག་སྒྱུར་བྱས་ཚར་བའི་བར་ལོ་ངོ་ཧྲིལ་བོ་གཉིས་ཀྱང་འགོར་མེད། ངའི་ཚོར་སྣང་ལ་ཁ་རྩང་ངས་བྱོལ་གཞིས་ཀ་ཞེས་པ་ལ་སྔོན་གླེང་བྲིས་པ་དང་དེ་རིང་ “གཅིག་དགུ་གྱ་བཞི།” ལ་སྔོན་གླེང་འབྲི་གི་ཡོད་པའི་ཚོར་བ་ཞིག་སྐྱེས། ལོ་ངོ་གཅིག་ལྷག་གི་དུས་ཡུན་གྱི་ནང་ལ་སྤྱི་ལོ་ ༢༠༡༣ ལོ་ཡན་གྱི་ལོ་ངོ་བརྒྱའི་རིང་གི་འཛམ་གླིང་གི་སྒྲུང་རྩོམ་ཡག་ཤོས་གཅིག འཛམ་གླིང་གི་སྐད་ཡིག་སྣ་གྲངས་ ༦༢ ལ་བསྒྱུར་ཡོད་པ། རྒྱ་ནག་ལྟ་བུ་གཅིག་པོ་ལ་མཚོན་ན་འགྱུར་སྣ་གྲངས་བཅོ་ལྔ་ཡོད་ཅིང་དཔེ་སྐྲུན་ཐེངས་བཅོ་ལྔ་ལ་བྱས་ཡོད་པའི་སྒྲུང་རྩོམ་འདི་འདྲའི་གལ་ཆེན་ཞིག་རང་རེའི་བོད་སྐད་དུ་ཀློག་རྒྱུའི་གོ་སྐབས་འདི་བྱུང་སྐབས་རྡོ་རྗེ་ཚེ་བརྟན་ལགས་ལ་རྗེས་སུ་ཡི་རངས་ཤིག་ཤོར།

   ཚན་རིག་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་སྟེང་ནས་ང་ཚོ་བོད་པ་འདི་འཇིག་རྟེན་འདིའི་ཐོག་ན་མགོ་འཕང་ཧ་ཅང་དམའ། ཡིན་ནའང་གཞན་པའི་མདུན་དུ་ང་ཚོར་མགོ་འཕང་འདེགས་བྱེད་ཀྱང་ཉུང་ཤས་རེ་ཡོད་པ་ལས་གཅིག་ནི་ཡིག་སྒྱུར་ཡིན། ང་ཚོར་རང་གི་ཡིག་སྒྱུར་གྱི་ལོ་རྒྱུས་རིང་བོ་བརྗོད་རྒྱུ་ཡོད་ལ། ལོ་ཙཱ་བའི་གྲངས་ཀ་ཡང་མང་པོ་བགྲང་རྒྱུ་ཡོད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་ནི་གཞན་ལ་ངོམ་རྒྱུ་དང་རང་ལ་ངར་ཤུགས་སློང་སྐྱེད་བཅས་ཡིན་པ་མ་ཟད། སྐབས་འགར་རང་རིགས་ཕྱི་རབས་པའི་མགོ་འཕང་གནོན་བྱེད་ཀྱང་ཡིན། ང་ཚོ་བོད་པ་རྣམས་ཀྱིས་བཀའ་འགྱུར་བསྟན་འགྱུར་གྱི་བསྒྱུར་འབྲས་དེ་ལྟ་བུ་ནི་ང་ཚོ་ཕྱི་རབས་པའི་སྨོན་ཡུལ་ཞིག་ཡིན་པ་མ་གཏོགས་བསྙེག་བྱ་ཞིག་ལ་ངོས་འཛིན་མི་བྱེད། ང་ཚོ་ཕྱི་རབས་པའི་ཁྲོད་དུ་སྐད་ཡིག་གཉིས་ཤེས་མཁན་མི་དཀོན་ན་ཡང་སྔོན་བྱོན་ལོ་པཎ་རྣམས་ཀྱི་མཛད་རྗེས་ལྟ་བུ་བསྐྲུན་ཐུབ་རྒྱུ་མིན་ཤག་བྱེད་ཀྱི་ཡོད།

  ཡིན་ན་ཡང་པོད་གྲངས་ཙམ་གྱི་ངོས་ནས་བལྟས་ན་ང་ཚོ་བག་འཁུམ་དགོས་དོན་མེད། བཀའ་འགྱུར་བསྟན་འགྱུར་གཉིས་ཀ་བསྡོམས་ན་པོ་ཏི་སུམ་བརྒྱ་ལྷག་རེད། དེ་ང་ཚོས་བོད་ཀྱི་ལོ་ཙཱ་བ་ཆེས་ཐོག་མ་ངོས་འཛིན་པའི་ཐོན་མི་སཾབྷོ་ཊ་ནས་བརྩིས་ན་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ་ཉུང་མཐའ་ཡང་ལོ་ཙཱ་བ་བརྒྱ་ལྷག་གིས་བསྒྱུར་ཡོད་ཅིང་། ལོ་ཙཱ་བ་བརྒྱ་ལྷག་གིས་ལོ་གསུམ་ལྷག་རེའི་ནང་ལ་པོ་ཏི་གཅིག་རེ་བསྒྱུར་ཡོད།

  ང་ཚོ་ལ་རྩེ་དཔེ་མཛོད་ཁང་གི་དྲ་ཐོག་གི་དཀར་ཆག་ཏུ་འཛུལ་ནས་འཚོལ་བྱེད་དྲ་མིག་གི་ནང་དུ་ཡིག་སྒྱུར་གྱི་སྐད་དོད་དབྱིན་ཡིག་གི་ “Translation”ཞེས་པ་འདི་བཅུག་ན་བོད་འགྱུར་མའི་དཔེ་དེབ་ཀྱི་གྲངས་ཀ་བཞི་བརྒྱ་ལྷག་ཐོན་ཡོང་། དེ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནས་གཞན་སྐད་ནས་རང་སྐད་དུ་བསྒྱུར་བའི་དེབ་གྲངས་ཡིན།

   ལ་རྩེ་དཔེ་མཛོད་ཁང་གི་དཀར་ཆག་ལས་མངོན་པའི་བོད་འགྱུར་མའི་དེབ་གྲངས་དེ་ད་ཕན་གྱི་བོད་འགྱུར་མའི་སྤྱིའི་དེབ་གྲངས་ལ་ངོས་འཛིན་བྱ་མི་འོས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཚུན་གྱི་བོད་འགྱུར་མ་ཕལ་ཆེར་དཔེ་མཛོད་ཁང་འདི་ལ་འཛོམས་ཡོད་ན་ཡང་། ལོ་རབས་ལྔ་བཅུ་དང་དྲུག་ཅུ། བདུན་ཅུའི་སྐབས་ཀྱི་བོད་འགྱུར་མ་ཉུང་ཤས་ཤིག་ལས་འཛོམས་མེད། ལོ་གྲངས་དེ་དག་ནི་རྒྱ་ནག་གཞུང་གིས་དམར་པོའི་ལྟ་བ་དང་། དེ་དང་འབྲེལ་བའི་རྩོམ་རིག རྒྱ་ནག་གཞུང་གི་འཛིན་སྐྱོང་གི་ཡིག་རིགས་ཕོན་ཆེ་བོད་ཡིག་ལ་བསྒྱུར་བའི་དུས་སྐབས་ཡིན། དེའི་སྟེང་ལ་ད་དུང་ལོ་རབས་དེ་དག་གི་ནང་གི་བོད་འགྱུར་མའི་དུས་དེབ་ཀྱི་གྲངས་ཀ་ཡང་ཚུད་མེད། དེ་དག་ཀྱང་བསྡོམས་ན་བོད་འགྱུར་པོད་གྲངས་ཕལ་ཆེར་སྟོང་ཁ་ལོངས་ཡོད་པའི་ཚོད་དཔག་བྱས་ན་དེ་ནི་ཧམ་པ་ཅན་གྱི་ཚོད་དཔག་ཅིག་ཡིན་ལས་མི་ཆེ། དཔེར་ན་དར་དམར་དུས་དེབ་ཟེར་བའི་དུས་དེབ་དེ་ལ་མཚོན་ན། དེ་ལོ་རབས་ལྔ་བཅུའི་ནང་ནས་དཔེ་སྐྲུན་བྱས་ཡོད་ལ། ཆ་ཚང་རྒྱ་ཡིག་ནས་བསྒྱུར་བ་ཡིན། ཟླ་རེ་འདོན་ཐེངས་རེ་ཡོད་པ་ནི་སྨོས་ཅི་དགོས། འདོན་ཐེངས་མང་བའི་ལོ་ལ་ལོ་རེར་འདོན་ཐེངས་ཉི་ཤུ་རྩ་གྲངས་འདོན་དུས་ཀྱང་བྱུང་ཡོད། དེ་ལྟར་ལོ་ངོ་བཞི་བཅུ་ཙམ་ལ་བཏོན་ཡོད་པ་རེད། དེའི་ཐོག་ལ་ད་དུང་མི་རིགས་བརྙན་པར་དང་མི་དམངས་བརྙན་པར་ཟེར་བ་དེ་ཚོ་ཡང་ལོ་རེ་ལ་འདོན་ཐེངས་བཅུ་གཉིས་རེ་བཏོན་ནས་ལོ་ལྔ་བཅུ་དྲུག་ཅུ་འགྲོ་བཞིན་ཡོད།

  པོད་གྲངས་ཀྱི་ཐོག་ནས་ང་ཚོ་ཕྱི་རབས་པ་བག་འཁུམ་མ་དགོས་ན་ལོ་ཙཱ་བའི་གྲངས་ཀའི་ཐོག་ནས་དེ་ལས་ཀྱང་བག་འཁུམ་མི་དགོས། ང་ཚོ་བོད་པ་རྣམས་བགྲང་ཐུབ་པའི་གྲངས་ཀ་ཞིག་ལ་ཡང་བགྲང་གིས་མི་ལང་ཞེས་འུད་བརྗོད་བྱེད་པར་དགའ། ང་ཚོས་སྔོན་བྱོན་གྱི་ལོ་ཙཱ་བའི་གྲངས་ཀ་བརྗོད་སྐབས་ཀྱང་དེ་ལྟར་ཡིན། མཚམས་མཚམས་ལ་དེའི་གྲངས་ཀ་ནི་ནམ་མཁའི་སྐར་ཚོགས་ཀྱི་དཔེ་ལ་འགོད་པ་ཡང་ཡོད། དོན་དངོས་སུ་བཀའ་བསྟན་གྱི་པོད་གྲངས་ཀྱིས་ལོ་ཙཱ་བའི་གྲངས་ཀ་ནམ་མཁའི་སྐར་ཚོགས་བཞིན་མི་མང་བ་ནི་གསལ་པོ་ཡིན། བཀའ་བསྟན་གཉིས་ཀ་ལ་པོད་གྲངས་སུམ་བརྒྱ་ལྷག་ཙམ་མ་གཏོགས་མེད་པ་འདིས་ལོ་ཙཱ་བའི་གྲངས་ཀ་སུམ་བརྒྱ་ལས་བརྒལ་མི་ཐུབ། གལ་སྲིད་ལོ་ཙཱ་བ་གཅིག་གིས་པོ་ཏི་གཅིག་ལས་ལྷག་བསྒྱུར་ཡོད་ན་ལོ་ཙཱ་བའི་གྲངས་ཀ་སུམ་བརྒྱ་ལས་མར་འབབ་པ་མ་གཏོགས་ཡར་འཕར་མི་ཐུབ། བཀའ་བསྟན་གྱི་ཁྲོད་དུ་ལོ་ཙཱ་བ་གཅིག་གིས་དཔེ་དུ་མ་བསྒྱུར་བ་ནི་རྙེད་ཁག་པོ་མ་རེད། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལྟ་བུ་ལ་མཚོན་ན་སྙན་ངག་མེ་ལོང་མ་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལྟ་བུ་པོ་ཏི་ཁ་ཤས་བསྒྱུར་ཡོད་པ་རེད།

  དོན་དངོས་འདི་དག་ལ་ང་ཚོས་མིག་བཙུམ་ནས་སྔོན་བྱོན་གྱི་ལོ་ཙཱ་བའི་གྲངས་ཀ་མང་རྩིས་བྱས་ན་ཡང་ལོ་ཙཱ་བ་སུམ་བརྒྱ་ལས་བརྒལ་ཐབས་མེད། འདི་ནི་བགྲང་མི་ཐུབ་པའི་གྲངས་ཀ་ཞིག་མ་རེད་ལ་སྐར་ཚོགས་ཀྱི་དཔེ་ལ་འགྲོ་བའི་གྲངས་ཀ་ཞིག་དེ་ལས་ཀྱང་མ་རེད།

   དེ་ལས་དེང་སང་སྐད་གཉིས་ཤེས་པ་ཙམ་གྱི་ཐོག་ནས་བཤད་ན་ང་ཚོའི་མི་རིགས་འདི་ལོ་ཙཱ་བའི་མི་རིགས་ཤིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད་ན་ཆོག བོད་ནང་ན་རྒྱ་ཡིག་རྒྱ་སྐད་མི་ཤེས་པའི་བོད་པའི་མི་རབས་རྫོགས་བཞིན་ཡོད་ལ། ཕྱི་རྒྱལ་ན་དབྱིན་སྐད་མི་ཤེས་བོད་པའི་མི་རབས་རྫོགས་བཞིན་ཡོད། འདི་ནི་ངས་མི་རབས་འདི་ཤེས་རབ་ཆེ་བ་དང་འཇོན་ཐང་ཆེ་བའི་མངོན་རྟགས་སུ་ངོམ་གྱི་མེད། དེ་ལས་ལྡོག་སྟེ་འདི་ནི་རང་སྐད་ལ་བརྟེན་ནས་རང་ཡུལ་དང་གཞན་ཡུལ་གཉིས་ཀར་མི་ཚེ་ཞིག་ཕར་ཞོག་ཉིན་གཅིག་ཀྱང་འཁྱོལ་དཀའ་བ་སྟེ། རང་སྐད་ཀྱི་གསོན་ཤུགས་ཉམས་དམས་སུ་འགྲོ་བཞིན་པའི་མངོན་རྟགས་ཡིད་མུག་པ་ཞིག་ཡིན། རྒྱ་སྐད་དང་དབྱིན་སྐད་ལྟ་བུའི་གཞན་སྐད་ལ་ཅི་ཙམ་གྱིས་བྱང་ན་དེ་ཙམ་གྱིས་མི་ཚེ་འཁྱོལ་སླ། འོན་ཀྱང་རང་སྐད་ལ་བྱང་ན་མི་ཚེ་འཁྱོལ་སླ་བའི་ངེས་པ་གཏན་ནས་མེད། རང་སྐད་ཀྱི་གནས་སྟངས་འདིའི་འོག་ནས་དེང་སང་སྐད་གཉིས་ཙམ་ཤེས་པའི་ལོ་ཙཱ་བ་ནི་དཀོན་པོ་མིན། སྔོན་མ་ལོ་ཙཱ་བ་ཞིག་ཏུ་འགྱུར་མིན་རང་གི་སྐད་ཡིག་ཤེས་མིན་ལ་རག་ལས་མེད་པར་མི་རིགས་གཞན་པའི་སྐད་ཡིག་ཅིག་ཤེས་མིན་ལ་རག་ལས་ཡོད། དེང་སང་དེ་ལས་ལྡོག་སྟེ་ལོ་ཙཱ་བ་ཞིག་བྱེད་ཐུབ་མིན་དེ་མི་རིགས་གཞན་གྱི་སྐད་ཡིག་ཤེས་མིན་ལ་རག་ལས་མེད་པར་བོད་ཡིག་འབྲི་ཀློག་ཐུབ་མིན་ལ་རག་ལས་ཡོད། དགའ་འོས་པ་ཞིག་ལ་བོད་ཡུལ་ན་ད་དུང་བོད་ཡིག་འབྲི་ཀློག་གི་རང་རྐྱ་འཕེར་བའི་བོད་གཞོན་ཡུལ་ཁམས་དུ་མ་ན་ཐོན་བཞིན་ཡོད། ང་ཚོས་ལོ་ཙཱ་བའི་གྲངས་ཀ་གཅིག་པོའི་ངོས་ནས་བལྟས་ན། སྔོན་མ་ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ་བྱོན་བཀའ་འགྱུར་བསྟན་འགྱུར་གྱི་ལོ་ཙཱ་བའི་གྲངས་ཀ་དེ་དེ་རིང་གི་བོད་པའི་སྤྱི་ཚོགས་ཐོག་ནས་འཚོལ་ཐུབ།

  ང་ཚོའི་མི་ཐོག་འདི་ལ་བྱུང་བའི་པོད་གྲངས་དང་ལོ་ཙཱ་བའི་གྲངས་ཀ་གཉིས་ཀྱི་ཆ་ནས་ང་ཚོ་བག་འཁུམ་དགོས་དོན་མེད། ང་ཚོ་ལ་རྡོ་རྗེ་ཚེ་བརྟན་ལགས་ལྟ་བུའི་ལས་ཞོར་ལ་ལོ་རེར་གྲགས་རྩོམ་རེ་སྒྱུར་མཁན་གྱི་ལོ་ཙཱ་བའི་སྡེ་ཞིག་ཡོད་ན་ལྷག་པར་དུ་ཡང་བག་འཁུམ་མི་དགོས། སྔོན་བྱོན་ལོ་ཙཱ་བ་བརྒྱ་ལྷག་གིས་ལོ་ངོ་ཆིག་སྟོང་ལྷག་ལ་བསྒྱུར་བའི་པོད་གྲངས་དེ་དེང་སང་ལོ་བཞི་ལྔ་ཡི་ནང་ལ་བསྒྱུར་ཐུབ་རྒྱུ་ནི་ཧམ་སེམས་ཆེན་པོ་ཞིག་མིན་ཏེ། གོང་དུ་བཤད་པ་ལྟར། བཀའ་འགྱུར་བསྟན་འགྱུར་པོད་གྲངས་དེ་ཆ་སྙོམས་བྱས་ལོ་ཙཱ་བ་བརྒྱ་རེས་ལོ་གསུམ་རེའི་ནང་ལ་པོ་ཏི་གཅིག་རེ་བསྒྱུར་ནས་བྱུང་ཡོད་ལ། རྡོ་རྗེ་ཚེ་བརྟན་ལགས་གཅིག་པོས་ལོ་གཅིག་གི་ནང་པོ་ཏི་གཅིག་བསྒྱུར་ཡོད།

   སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚུལ་གྱི་ཐད་ནས་བཤད་ན་དེང་སང་གི་ཡིག་སྒྱུར་གྱིས་བཀའ་འགྱུར་བསྟན་འགྱུར་གྱི་དོ་ཟླ་ཡོང་ཐབས་མེད་པ་ནི་བཤད་མ་དགོས་པ་ཞིག་ཡིན། བཀའ་འགྱུར་བསྟན་འགྱུར་གྱི་ནང་གི་དགོངས་དོན་ཞིག་ཉམས་སུ་ལེན་ཆེད། མི་ཞིག་འགྲོ་བ་མིའི་སྤྱི་ཚོགས་ལ་རྒྱང་འབྲོས་ཀྱིས་མི་ཚེ་ཞིག་རི་ལ་ཁེར་སྐྱེལ་བྱེད། དེ་ནི་བཀའ་འགྱུར་བསྟན་འགྱུར་གྱི་ཤུགས་རྐྱེན་ཡིན། སྟོད་ཉི་མ་ལྷ་སར་མཇལ་བའི་ཆེད་དུ། ཡིག་ངོ་མི་ཆོད་པའི་ཨ་མདོའི་འབྲོག་པ་ཞིག་གིས་སྦྲ་ནག་བལྟབས། སྒོ་ཟོག་རྣམས་བཙོང་། བྱིས་པ་དང་རྒན་རྒོན་ཆ་ཚང་ཁྲིད་ནས་ཟླ་གྲངས་དུ་མའི་དབུས་ལམ་དུ་ཞུགས་ཐུབ། དེ་ནི་བཀའ་འགྱུར་བསྟན་འགྱུར་གྱི་ཤུགས་རྐྱེན་ཡིན། དབུས་མཇལ་བ་རྣམས་ལམ་དུ་ཆག་སྒོ་བྱུང་ནས་ཁྱིམ་མི་རེ་ཟུང་ལ་རྐང་ཆག་ལག་ཆག་རེ་བྱུང་བ་ནི་ཡ་མཚན་ཅི། ཐ་ན་མི་སྲོག་རླངས་འཁོར་གང་རེ་བསྐྱལ་ན་ཡང་དེ་ལ་འགྱོད་པ་བྱེད་པ་ཕར་ཞོགས་དེ་ཚོགས་བསགས་སྒྲིབ་སྦྱོང་དུ་སྒོམ་པར་བྱེད། དེ་ཡང་བཀའ་འགྱུར་བསྟན་འགྱུར་གྱི་ཤུགས་རྐྱེན་ཡིན།

  མི་ཞིག་གིས་མི་གཞན་པ་ཞིག་གི་དྲི་ཆུ་ཚུན་ཆད་བྱིན་བརླབས་སུ་སྒོམ་ནས་ཁ་ལ་རེག དེ་ཡང་བཀའ་འགྱུར་བསྟན་འགྱུར་གྱི་ཤུགས་རྐྱེན་ཡིན། ཡིག་སྒྱུར་ལས་བྱུང་བའི་ཤུགས་རྐྱེན་འདི་ལྟ་བུ་ནི་ང་ཚོ་བོད་མ་གཏོགས་དེའི་དཔེ་ཟླ་གཞན་ཞིག་འཛམ་གླིང་ན་རྙེད་དཀའ་རྒྱུ་རེད། ང་ཚོ་བོད་ལ་ཡང་ཤུགས་རྐྱེན་འདི་ལྟ་བུ་ནི་བཀའ་འགྱུར་བསྟན་འགྱུར་གི་སྔོན་ལ་བྱུང་རབས་མེད་ལ་ཕྱིས་འབྱུང་གི་ཡིག་སྒྱུར་གཞན་ལས་ཀྱང་འབྱུང་ཐབས་མེད་པ་ལྟ་བུ་ཞིག་ཡིན་ཅིང་། ཤུགས་རྐྱེན་འདི་ལྟ་བུ་ང་ཚོའི་མི་ཐོག་འདིའི་ལོ་ཙཱ་བ་རྣམས་ཀྱི་དམིགས་ཡུལ་དུ་བཟུང་ནས་ཡིག་སྒྱུར་བྱས་པ་ཡིན་ན། ང་ཚོའི་ལོ་ཙཱ་བ་རྣམས་དཔའ་ཞུམ་ཞིང་ཁ་སྐྱེངས་ནས་ཡིག་སྒྱུར་གྱི་ལས་འགོ་ཙམ་ཡང་འཛུགས་མི་ཐུབ་པ་ཞིག་ཡིན། ཡིན་ན་ཡང་སེམས་ངལ་སངས་བྱེད་ཅིག་ནི། བཀའ་འགྱུར་བསྟན་འགྱུར་གྱི་ཤུགས་རྐྱེན་དེ་འདྲ་ནི་དེང་སང་གི་ལོ་ཙཱ་བ་རྣམས་ཀྱི་དམིགས་ཡུལ་མིན། དེང་སང་གི་ལོ་ཙཱ་རྣམས་ཀྱི་དམིགས་ཡུལ་ནི་གཞན་གྱི་ཤེས་རྟོགས་ཤིག་ནང་འདྲེན་བྱས་ནས་ང་ཚོའི་ཤེས་རྟོགས་ལ་དབང་བསྒྱུར་ཆེད་མིན་པར། རང་ཚུགས་ཅན་གྱི་ཤེས་རྟོགས་ཤིག་སྐྱེད་ཆེད་ཡིན། དེང་སང་གི་ལོ་ཙཱ་བ་རྣམས་ཀྱི་དམིགས་ཡུལ་ནི་ཤེས་རྟོགས་ཤིག་གླེགས་བམ་དུ་བསྒྲིལ་ནས་མཆོད་སྒྲིག་བྱེད་རྒྱུ་མིན་པར། ཤེས་རྟོགས་ཤིག་གསར་པ་ཞིག་ལ་བརྟེན་ནས་རང་གི་གནས་སྟངས་ཇེ་ལེགས་སུ་གཏོང་ཆེད་ཡིན། དེང་སང་གི་ལོ་ཙཱ་བ་རྣམས་ཀྱི་དམིགས་ཡུལ་ནི་དད་པ་སྔོན་དུ་སོང་བའི་རྒྱུ་འབྲས་ཀྱི་རྣམ་གཞག་ཅིག་བསྟན་རྒྱུ་མིན་པར་དད་པ་སྔོན་དུ་མ་སོང་བའི་རྒྱུ་འབྲས་ཀྱི་རྣམ་གཞག་སྟོན་ཐབས་བྱེད་རྒྱུ་དེ་ཡིན། དེང་སང་གི་ལོ་ཙཱ་བ་རྣམས་ཀྱི་དམིགས་ཡུལ་ནི་སྔོན་བྱུང་གང་ཞིག་གཏམ་རྒྱུད་ཀྱི་ངོ་བོར་བསྒྱུར་ནས་བསྟོད་པ་བྱེད་རྒྱུ་མིན་པར་སྔོན་བྱུང་ལ་སྐྱར་ཞིབ་ཀྱིས་བསླབ་བྱ་ལེན་རྒྱུ་དེ་ཡིན།

  རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བསྒྱུར་བའི་སྒྲུང་རྩོམ་ “གཅིག་དགུ་གྱ་བཞི།”ནི་དམིགས་ཡུལ་འདིའི་དཔེ་མཚོན་རང་འགྲིག་ཅིག་ཡིན།

  “གཅིག་དགུ་གྱི་བཞི།”ནི་རང་ལུས་སྲིད་དབང་སྒེར་གཅོད་ཀྱི་དབང་འོག་ཏུ་ཤོར་ན་ཡང་། རང་སེམས་དེའི་དབང་འོག་ཏུ་མི་འགྲོ་བའི་འབད་བརྩོན་བྱས་ཀྱང་མཐར་ཕམ་པར་གྱུར་ཚུལ་གྱི་སྒྲུང་ཞིག་ཡིན། སྒྲུང་རྩོམ་དེའི་ནང་གི་མི་སྣ་གཙོ་བོ་ཝིན་སི་ཊོན་ནི་དབང་ཆ་སྒེར་སྡེམ་གྱི་སྲིད་དབང་ཞིག་གི་འོག་ཏུ་ཕྱི་ལ་མངོན་དགོས་པའི་ལུས་ངག་གཉིས་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུ་མེད་ན་ཡང་ཕྱི་ལ་མངོན་མི་དགོས་པའི་སེམས་ཀྱི་རང་དབང་རེ་གསང་སྟབས་ཀྱིས་མྱོང་ཐབས་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན། དེ་ཡང་རང་དབང་ཆེན་པོ་ཞིག་མིན། གཉིས་ཀྱི་ཐོག་ལ་གཉིས་བསྣན་ན་བཞི་ཡིན་པའི་སྤྱིར་བཏང་གི་འགྲོ་བ་མིའི་ཤེས་པ་རྣལ་མ་ཞིག་གིས་འཇིག་རྟེན་ལ་བློ་གཏོང་བའི་རང་དབང་དེ་ཙམ་ཡིན། སེམས་ཀྱི་རང་དབང་དེ་ཙམ་མྱོང་ཆེད་མི་སྣ་གཙོ་བོ་ཝིན་སི་ཊོན་གྱིས་ཉིན་རེ་ཡང་དཀའ་ངལ་མང་པོ་ཞིག་གདོང་ལེན་བྱེད་དགོས་བྱུང་བ་དང་། མཐར་ཐུག་དེའི་ཆེད་དུ་ལུས་སེམས་ཀྱི་མནར་གཅོད་བཟོད་དཀའ་བ་ནར་མར་མྱངས་མཐར་གཉིས་ཐོག་ལ་གཉིས་བསྣན་ན་ལྔ་ཡིན་པ་ཁས་ལེན་མཁན་ཞིག་ཏུ་གྱུར།

   “གཅིག་དགུ་གྱ་བཞི།”ཡི་ནང་གི་སྤྱི་ཚོགས་དེའི་ནང་ལ་སྤུན་ཆེ་བ་ཟེར་བའི་གཙོ་འཛིན་ཞིག་ཡོད་པ་དེའི་བསམ་བློ་གཅིག་པོ་ལས་ཡོད་མི་ཆོག དེས་གཉིས་ཐོག་ལ་གཉིས་བསྣན་ན་ལྔ་རེད་འདོད་པ་ལྟར་སྤྱི་ཚོགས་ཀྱིས་ཀྱང་དེ་ལྟར་བསམ་དགོས། “དམག་འཁྲུག་ནི་ཞི་བདེ་ཡིན། རང་དབང་ནི་བྲན་གཡོག་ཡིན། རྨོངས་པ་ནི་སྟོབས་ཤུགས་ཡིན།”ཟེར་བའི་ཕྱིན་ཅི་ལོག་གི་གཏན་ཚིགས་འདི་ལྟ་བུ་སྤྱི་ཚོགས་ཤིག་གིས་བསྟེན་དགོས་པའི་འདུ་ཤེས་ཡིན། སྤྱི་ཚོགས་ཐོག་ན་ “བསམ་བློའི་ཉེན་རྟོག་པ་”ཟེར་བའི་སྡེ་ཚན་ཞིག་ཡོད་པ་དེས་སྤྱི་ཚོགས་ཐོག་ན་མི་ཞིག་གིས་བསམ་བློ་གཏོང་སྟངས་འདི་ཁས་མི་ལེན་པ་ཞིག་ཡོད་པ་ཚོར་ན་མི་དེ་སྤྱི་ཚོགས་སྟེང་ནས་ཡལ་བར་འགྱུར། མི་དེ་སྤྱི་ཚོགས་ཐོག་ལ་ཡང་སྐྱར་མངོན་སྐབས་ཁོས་འདི་ལྟར་བསམ་པས་མི་ཚད་འདི་ལྟར་མི་བསམ་པ་དགྲ་ཕྱོགས་སུ་འཛིན་མཁན་ཞིག་ཏུ་གྱུར་ཡོད།

   “གཅིག་དགུ་གྱ་བཞི་”ནི་འཛམ་གླིང་སྟེང་གི་ཀློག་པ་པོ་མང་པོ་ཞིག་ལ་རྟོག་བཟོ་ཡི་འཇིག་རྟེན་ཞིག་ཡིན། ཡིན་ན་ཡང་ང་ཚོ་བོད་ལ་དངོས་བྱུང་གི་འཇིག་རྟེན་ཞིག་ཡིན། སྒྲུང་མིང་དུ་གསལ་པ་ལྟར་སྒྲུང་རྩོམ་འདིའི་རྩོམ་པ་པོས་རྟོག་བཟོ་ལ་བརྟེན་ནས་ ༡༩༨༤ ལོར་ལོན་ཊོན་དུ་སྐྱི་གཡའ་བའི་སྲིད་དབང་སྒེར་སྡེམ་གྱི་སྤྱི་ཚོགས་ཤིག་བྱུང་དུ་བཅུག་ཡོད། ཡིན་ན་ཡང་ ༡༩༨༤ ལོར་ང་ཚོའི་བོད་པ་རྣམས་འདི་ལྟ་བུའི་སྐྱི་གཡའ་བའི་སྤྱི་ཚོགས་འདི་འདྲ་ངོ་མ་ཞིག་ལས་ཐར་ནས་ད་དུང་ལོ་ངོ་བཅུ་ཡང་འགོར་མེད། ད་དུང་ང་ཚོ་སྤྱི་ཚོགས་དེ་དང་ཁ་བྲལ་བ་ལ་ཡིད་ཆེས་མི་ཐུབ་པ་དང་། སྤྱི་ཚོགས་དེ་ཕྱིར་ལོག་རྒྱག་རྒྱུ་སྐྲག་སྣང་བྱས་ནས་བསྡད་ཡོད།

 “གཅིག་དགུ་གྱ་བཞི།”ནི་རྟོག་བཟོའི་སྒྲུང་ཞིག་ཡིན་སྟབས་སྒྲུང་གི་བྱུང་རིམ་གང་མང་ཞིག་ལ་འུད་བརྗོད་ལྟ་བུས་ང་ཚོའི་གནས་སྟངས་ངོ་མས་དེའི་གདུག་རྩུབ་ཀྱི་དོ་ཟླ་ཡོང་དཀའ་བ་ཡང་ཡོད། དཔེར་ན་ “རྒྱང་སྲིང་མེ་ལོང་”ཞེས་པ་ལྟ་བུའི་སྤྱི་ཚོགས་ཀྱི་ཁོངས་མི་རེ་རེའི་སྤྱོད་ལམ་རྣམ་འགྱུར་ལ་ལྟ་རྟོག་བྱེད་སྤྱད་ཀྱི་འཕྲུལ་ཆས་ཉལ་ཁང་ཚུན་ཆད་དུ་བཙུགས་ཡོད་པ་ལྟ་བུ་ནི་རིག་གནས་གསར་བརྗེའི་སྐབས་ལ་ཡང་བྱུང་མེད།

   “གཅིག་དགུ་གྱ་བཞི།”ཡི་རྩོམ་པ་པོའི་རྟོག་བཟོའི་འཆར་སྒོ་ང་ཚོའི་སྤྱི་ཚོགས་ལ་བྱུང་བའི་དོན་དངོས་ཀྱི་དོ་ཟླ་མི་ཡོང་བ་ཡང་ཡོད། ཁོང་གི་སྒྲུང་གི་ནང་ལ་ཟས་གོས་ངན་ངོན་ཡིན་ཚུལ་ཡང་ཡང་མངོན་ཡོད། མཚོན་རྟགས་གཅིག་ནི་ཁང་པའི་ནང་ལ་ཚོད་མ་མགོ་ལོག་བཙོས་པའི་དྲི་མ་བྲོ་བ་དེས་བཟའ་བཅའི་གནས་སྟངས་ཞན་པ་སྟོན་ཐབས་བྱས་ཡོད། དེ་ལྟ་བུ་ཞིག་གིས་ང་ཚོ་བོད་ཀྱིས་དངོས་སུ་བརྒྱུད་པའི་དུས་རབས་གོང་མའི་ང་བརྒྱད་ང་དགུ དྲུག་ཅུ་ཐམ་པའི་ལོ་དག་གི་རིང་གི་མུ་གེ་ཆེན་མོ་དེའི་བརྒྱ་ཆའི་ཆ་ཤས་འགའ་ཡང་མཚོན་ཐབས་མེད་ཅེས་ན་ཆོག ང་ཚོ་བོད་ཀྱིས་མྱངས་པ་ནི་བཟའ་བཅའ་ཉུང་བ་དང་ཞན་པ་ཙམ་གྱི་སྡུག་བསྔལ་མ་རེད། ཟ་རྒྱུ་རྩ་བ་ནས་མེད་པའི་སྡུག་བསྔལ་རེད། ཟ་རྒྱུ་མེད་པར་རྩྭ་ལྡུམ་ཚུན་ཆད་ནས་ཟོས། རྩྭ་ལྡུམ་ཟོས་ནས་ལུས་པོ་བསྐྲངས། ལུས་པོ་བསྐྲངས་པ་དེ་ཡང་མི་དམངས་ཀུང་ཧྲེ་ཡི་འཚོ་ཐབས་ཀྱི་བཀའ་དྲིན་གྱིས་མི་དམངས་ཀྱི་ལུས་སྟོབས་རྒྱས་པ་ཡིན་ཚུལ་དྲིལ་བསྒྲགས་བྱས་ཡོད།

   “གཅིག་དགུ་གྱ་བཞི།”ཞེས་པའི་སྒྲུང་འདིའི་ལེའུ་མཐའ་མ་ “ལྷན་ཐབས། སྐད་གསར་གྱི་རྩ་དོན་ཁག”གི་ནང་ལ་སྲིད་དབང་སྒེར་གཅོད་ཀྱི་སྤྱི་ཚོགས་དེའི་ནང་གི་སྐད་ཡིག་གི་གནས་སྟངས་ཤིག་བཀོད་ཡོད་པ་དེ་ནི་རིག་གནས་གསར་བརྗེའི་ནང་ལ་ང་ཚོ་བོད་ཀྱི་སྐད་ཡིག་ལ་ཅི་བྱུང་དང་ཧ་ཅང་འདྲ་མཚུངས་ཡིན། སྒྲུང་འདིའི་ནང་གི་སྲིད་དབང་སྒེར་སྡེམ་གྱི་སྲིད་གཞུང་གི་སྒྲོམ་གཞིའི་ཐ་སྙད་དང་། དབང་སྒྱུར་པའི་ལྟ་བ་དང་དབང་སྒྱུར་གྱི་རྒྱུན་བཀོལ་ཐ་སྙད། དེ་བཞིན་སྐད་ཡིག་ལ་འཛིན་པའི་སྲིད་ཇུས་བཅས་ངོ་སྤྲོད་བྱེད་པར་བརྟེན་ནས་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་དེའི་གདུག་རྩུབ་ཀྱི་ངོ་བོ་ཇེ་གསལ་དུ་བཏང་ཡོད། དེའི་ནང་གི་སྐད་གསར་གྱི་ཐ་སྙད་དེ་དག་ནི་ཨོ་ཤི་ཡ་ཎི་ཟེར་བའི་སྲིད་དབང་སྒེར་གཅོད་ཀྱི་སྲིད་དབང་དེ་ཁོ་ནའི་ཆེད་དུ་བཀོལ་སྤྱོད་བྱེད་རྒྱུ་ཡིན་ལ། སྲིད་དབང་དེའི་སྔོན་ལ་ཐ་སྙད་དེ་དག་མེད་པ་ནི་སྨོས་མེད་ཀྱི་ཐོག་སྲིད་དབང་དེ་ཡལ་རྗེས་ཐ་སྙད་དེ་དག་རང་ཡལ་དུ་འགྲོ་དགོས་པ་ལྟ་བུ་ཞིག་ཏུ་སྣང་། འདིས་ང་ཚོ་ལ་རིག་གནས་གསར་བརྗེའི་སྐབས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་དྲན་གསོ་གཏོང་། སྐབས་དེར་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཟེར་བའི་ཚིག་མཛོད་ཅིག་ཡོད་པ་དེ་ནི་བོད་ཀྱི་སྐད་ཡིག་གི་ནང་ལ་གསར་བརྗེའི་ཐ་སྙད་འདྲེན་པའི་ཚིག་མཛོད་གཙོ་བོ་དེ་ཡིན། དེ་ལ་རིག་གནས་གསར་བརྗེའི་སྔོན་རྗེས་ཀྱི་པར་གཞི་སྔ་ཕྱི་གཉིས་ཡོད། པར་གཞི་སྔ་མ་ནི་རིག་གནས་གསར་བརྗེ་མ་བྱུང་བའི་ལོ་གཉིས་ཀྱི་སྔོན་ཏེ་ ༡༩༦༤ ལོར་དཔེ་སྐྲུན་བྱས་ཡོད་ལ་དེའི་ནང་ན་རྒྱ་ཡིག་ནས་བསྒྱུར་བའི་ཐ་སྙད་ཆིག་ཁྲི་སུམ་སྟོང་ལྷག་ཡོད། པར་གཞི་ཕྱི་མ་ནི་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་ལོ་སྟེ་ ༡༩༧༦ ལོར་དཔེ་སྐྲུན་བྱས་ཤིང་རྒྱ་ཡིག་ནས་བསྒྱུར་བའི་ཐ་སྙད་ཀྱི་གྲངས་ལྔ་ཁྲི་སུམ་སྟོང་ལྷག་ཡོད། པར་གཞི་སྔ་མ་ནས་ཕྱི་མའི་བར་ལ་ཐ་སྙད་ཀྱི་གྲངས་ཀ་བཞི་ཁྲི་ལྷག་འཕར་ཡོད་ཅིང་། ལོ་རེ་ལ་ཐ་སྙད་ཀྱི་གྲངས་སུམ་སྟོང་སུམ་བརྒྱ་ལྷག་རེ་འཕར་ཡོད། ཐ་སྙད་དེ་དག་གི་ཁྲོད་དུ་སྤྱིར་བཏང་གི་ཤེས་བྱ་དང་འཚོ་བའི་ཐ་སྙད་མང་འཕེལ་བྱུང་ཡོད་པ་དང་མཚུངས་སུ་གསར་བརྗེའི་ཐ་སྙད་ཀྱང་མང་འཕེལ་བྱུང་ཡོད། གསར་བརྗེའི་ཐ་སྙད་དེ་དག་རིག་གནས་གསར་བརྗེའི་སྔོན་ལ་བྱུང་མེད་པ་སྨོས་མེད་ཡིན་ལ། ཐ་སྙད་དེ་དག་ཚིག་མཛོད་དུ་བསྡེབས་པའི་ལོ་ནི་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་ལོ་དེ་ཡིན་སྟབས། ལོ་དེ་ནས་བཟུང་ལོ་བཅུ་ཡི་ཚེ་ཐག་ཅན་གྱི་ཐ་སྙད་དེ་དག་ཐ་སྙད་ཤི་བོའི་ཚོགས་ཤིག་ཏུ་གྱུར་ཡོད། “གྲལ་རིམ་འཐབ་རྩོད་”དང་ “འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་”ཟེར་བའི་ཐ་སྙད་འདི་དག་དེང་སང་གི་བོད་ཡིག་གི་ཞིབ་འཇུག་སློབ་མ་ཞིག་གིས་ཀྱང་སྒྲ་བཤད་ཙམ་ཡང་རྒྱག་དཀའ་ན་ཡང་། རིག་གནས་གསར་བརྗེ་བརྒྱུད་མྱོང་བ་ཞིག་ཡིན་ན། ཡིག་རྨོངས་པ་ཞིག་གི་རྒྱུད་ན་ཡང་ཐ་སྙད་དེ་དག་གི་གོ་དོན་གསོན་པོ་ཞིག་འཇིགས་སྣང་དང་བཅས་གནས་ཡོད།

  “གཅིག་དགུ་གྱ་བཞི།”ནི་གེ་སར་སྒྲུང་ལྟར་ནམ་རིང་སྐྱེལ་བྱེད་ཀྱི་སྒྲུང་ཞིག་མིན་པར། རང་གི་སྤྱི་ཚོགས་དང་སྔར་བྱུང་ལ་སྐྱར་ཞིབ་བྱེད་སྤྱད་ཅིག་ཡིན། སྒྲུང་འདི་ཀློག་སྐབས་ང་ཚོ་ཅི་ཞིག་བྱུང་བ་ཙམ་གྱི་རྗེས་སུ་འབྲང་བ་ཙམ་མ་ཡིན་པར་ཅིའི་ཕྱིར་བྱུང་བ་ལ་ཡང་བསམ་བློ་གཏོང་དུ་འཇུག སྒྲུང་འདིས་ང་ཚོའི་མིག་ལམ་དུ་ཤེས་པ་འཆོལ་བའི་སྨྱོ་ཧམ་ཅན་གྱི་སྤྱི་ཚོགས་ཤིག་རི་མོའི་ཚུལ་དུ་འདྲེན་པ་དང་མཚུངས་སུ། སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་གི་གདུག་རྩུབ་དང་གཡོ་འཕྲུལ་གྱི་ངོ་བོ་དམར་འདོན་བྱེད།

 རྡོ་རྗེ་ཚེ་བརྟན་ལགས་ནས་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་“གཅིག་དགུ་གྱ་བཞི།”ཞེས་པའི་འཇིག་རྟེན་གྱི་གྲགས་རྩོམ་འདི་བོད་སྐད་དུ་བསྒྱུར་བ་ལོས་ཡིན། དེ་མ་གཏོགས་སྒྲུང་རིང་འདི་འདྲ་ཞིག་བསྒྱུར་བ་ལ་བརྟེན་ནས་རང་གི་འཚོ་རྟེན་ལ་ཁ་སྣོན་ནི་སྐར་ཆ་ཙམ་ཡང་མི་ཡོང་། འདི་ལྟ་བུ་ཞིག་བསྒྱུར་བ་ལ་གླ་མེད་ཀྱི་དུས་ཚོད་བརྒྱ་ཕྲག་དུ་མ་གཏོང་དགོས་པ་ མ་ཟད་པར་སྐྲུན་གྱི་འགྲོ་སོང་རང་གིས་གཏོང་བ་ལ་བསམ་བློ་གཏོང་དགོས་པའི་དུས་ཀྱང་བྱུང་ཡོད། ཁོང་གི་འགྱུར་སྔོན་མ་ “བྱོལ་སོང་གི་གཞིས་ཀ”ཟེར་བ་ཡིག་སྒྱུར་བྱས་ཚར་ནས་གནས་སྐབས་ཤིག་ལ་རྡོ་རྗེ་ཚེ་བརྟན་ལགས་སྒེར་ངོས་ནས་འགྲོ་སོང་བཏང་ནས་དཔེ་སྐྲུན་བྱེད་རྒྱུའི་བསམ་བློ་བཏང་མྱོང་། མཐར་ཐུག་སྟབས་ལེགས་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་གནང་བ་རེད། ད་ཐེངས་ཀྱང་རྡོ་རྗེ་ཚེ་བརྟན་ལགས་ནས་དང་པོ་གྲགས་རྩོམ་འདི་བསྒྱུར་རྒྱུ་མ་གཏོགས་དཔེ་སྐྲུན་བྱེད་ཐུབ་མིན་ལ་བསམ་བློ་བཏང་མེད། དཔེ་སྐྲུན་བྱེད་མཁན་མ་བྱུང་ན་རང་གིས་འགྲོ་སོང་གཏོང་དགོས་རྒྱུ་ཡང་འབྱུང་སྲིད་པ་ཡང་སྨོས་ཅི་དགོས། འོན་ཀྱང་ཡང་སྐྱར་སྟབས་ལེགས་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གྱི་ཞལ་བཞེས་གནང་བ་རེད། འདི་ནི་ང་ཚོ་སྤྱིར་བཏང་རྩོམ་རིག་ལ་དགའ་བ་དང་ལྷག་པར་བོད་ཀྱི་རྩོམ་རིག་ལ་ཤ་ཚ་བ་རྣམས་ཀྱི་གཏམ་བཟང་རེད། བོད་འགྱུར་མའི་སྒྲུང་རྩོམ་འདི་ཀློག་མཁན་རྣམས་ཀྱིས་འདི་ལྟ་བུའི་འཛམ་གླིང་གི་ཕུལ་བྱུང་གི་བརྩམས་ཆོས་ཤིག་བོད་ཀྱི་སྐད་ཡིག་ཏུ་ཀློག་རྒྱུ་ཡོད་པ་འདི་ལ་སྒྱུར་པ་པོ་རྡོ་རྗེ་རྡོ་རྗེ་ཚེ་བརྟན་ལགས་དང་དཔེ་སྐྲུན་གནང་མཁན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ལ་ང་དང་མཚུངས་པར་སྙིང་ཁོངས་ནས་ཐུགས་རྗེ་ཆེ་ཞུ་འོས་པ་དང་ཞུ་བར་འགྱུར་བ་གཉིས་ཀ་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཞེས་པདྨ་འབུམ་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།