གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས་འདོན་ཐེངས་གསུམ་པའི་འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཀླུ་ཆུར་བསྡུས་པ།

2018-07-30 12:17:10 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

IMG_2426.JPG
དེབ་ཚོགས་གཟིགས་འབུལ།

བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་རྩོམ་འབྲིའི་འཕེལ་རྒྱས་ཀྱི་ཐད་ལ་གྲུབ་འབྲས་བཞག་དང་འཇོག་བཞིན་པའི་བུད་མེད་རྩོམ་པ་པོ་འཆི་མེད་དང་དཔལ་མོ་གཉིས་གཙོ་བྱས་བུད་མེད་རྩོམ་པ་པོ་ཉི་ཤུ་ལྷག་ཕྱི་ལོ་༢༠༡༨ལོའི་ཟླ༧པའི་ཚེས༢༨ཉིན་ཀླུ་ཆུའི་སྤང་ཐང་དུ་འདུས་ཏེ་དཔེ་ཚོགས་གསར་བ་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་ཤིང་རང་མོས་ཀྱིས་བགྲོ་གླེང་སྣ་ཚོགས་བྱས།

ཐེངས་འདིའི་དཔེ་ཚོགས་ནི་ཧོར་མོའི《རི་རྩེའི་དར》དང་། མཁའ་མོ་རྒྱལ་གྱི《ཕྱིར་ལོག་པ》 གཅོད་པ་འཚོའི《ལུག་རྫི་བུ་མོ》 མཚོ་ཡི《ཁང་མིག་སྒོ་མེད》 མར་བཟའ་བློ་སྒྲོལ་གྱི《སྣང་བའི་འཇིག་རྟེན》 བཅས་དེབ་ལྔ་ཡི་ཕྲེང་བ་ཅན་དུ་གྲུབ་ཡོད།དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོའི་རིམ་པ་དང་པོར་ཚང་མས་མཉམ་པར་བཏབ་པ་དང་ཐེངས་འདིར་ཡུལ་དངོས་སུ་བསླེབས་ཡོད་པའི་རྩོམ་པ་པོ་མཚོ་དང་གཅོད་པ་འཚོ་གཉིས་ཀྱིས་རང་རང་གི་བརྩམས་ཆོས་ལ་མིང་རྟགས་བཀོད་ཅིང་ཚོགས་མི་རྣམ་པར་གཟིགས་རྟེན་དུ་ཕུལ། དེ་རྗེས་རྒན་འཆི་མེད་སོགས་འཐུས་ཚབ་པ་འགའ་ཡིས་རང་གི་རྩོམ་འབྲིའི་མྱོང་བའི་ཐད་ནས་གཏམ་གླེང་གྱ་ནོམ་པ་བྱས།

IMG_2425.JPG

ཚོགས་ཞུགས་མི་སྣ་ལྷན་རྒྱས།

ཕྱི་དྲོའི་ཆར་བྱ་འགུལ་རིམ་པ་གཉིས་པ་སྟེ་རང་མོས་བགྲོ་གླེང་ཚོགས་འདུ་བསྡུས།  གླེང་གཞི་དང་པོ། དཔེ་ཚོགས་པར་སྐྲུན་བྱ་བའི་མུ་སྐྱོང་མིན་དང་ཅི་ལྟར་སྐྱོང་བའི་ཚུལ། གཉིས་པ། དེང་དུས་བོད་ཀྱི་བུད་མེད་མང་ཤོས་ཀྱིས་སྐད་འཕྲིན་སོགས་ལ་བོད་ཡིག་མི་འབྲི་བའི་གནད་དོན།  གསུམ་པ། དེར་འདུས་ཀྱི་ད་ལྟ་དང་མ་འོངས་པའི་ཨ་མ་རྣམས་ཀྱིས་རང་གི་བྱིས་པ་ཅི་ལྟར་བསྐྱང་ན་འོས་པའི་ཚུལ་བཅས་ནང་དོན་གསུམ་གནད་དུ་བཟུང་ནས་ཚོགས་མི་རྒན་གཞོན་གསར་རྙིང་ཀུན་གྱིས་སོ་སོའི་བསམ་ཚུལ་བརྗེ་རེས་ཀྱིས་བགྲོ་གླེང་འཁྲུག་ཆ་དོད་པོ་བྱས་ཤིང་དགོང་དྲོ་ཆུ་ཚོད་དྲུག་པའི་སྒང་ལ་ཐེངས་འདིའི་བྱ་འགུལ་ཡོངས་སུ་མཇུག་རྫོགས།

                                                                    ༢༠༡༨/༧/༢༩


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།