གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེང་རབས་བོད་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་ཚེ་རིང་རྣམ་དྲུག་དཔེ་ཚོགས་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་བྱས་པ།

2018-09-07 12:56:37 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

IMG_2965.JPG

དེང་རབས་བོད་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་ཚེ་རིང་རྣམ་དྲུག་དཔེ་ཚོགས་ནི། ངེད་ཟི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་༢༠༡༥ལོ་ནས་དབུ་བརྩམས་ཏེ་འཆར་འགོད་བྱས་པའི་དཔེ་ཚོགས་ཤིག་ཡིན་ལ། གདན་ཞུའི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པ་རྣམས་ཀྱི་འབད་འབུངས་ལ་བརྟེན་ནས། སྔ་གཞུག་ཏུ་རྩོམ་པ་པོ་སུམ་ཅུ་ལྷག་གི་ལྷུག་རྩོམ་གྱི་མ་ཡིག་ངེད་དཔེ་སྐྲུན་ཁང་དུ་འབྱོར་བ་ལ། འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ནས་དེ་དག་ལས་ཚངས་དབང་དགེ་འདུན་བསྟན་པ་དང་། སེང་རྡོར། ཨ་རྡོར། སྐྱབས་ཆེན་བདེ་གྲོལ། ལྡོང་ཡོན་ཏན་རྒྱ་མཚོ། ཅོ་ནེ་ཡུམ་ཚེ་རིང་བཅས་རྩོམ་པ་པོ་དྲུག་གི་བརྩམས་ཆོས་བདམས་ནས་རབས་དང་པོའི་ཚུལ་དུ་དཔེ་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས།

IMG_2963.JPG

རྩོམ་པ་པོའི་རྩོམ་ཡོན་དང་དཔེ་ཚོགས་ཀྱི་ཇུས་འགོད། དྲ་བའི་ཚོང་ལམ་བཀོད་སྒྲིག་སོགས་ཕྱོགས་གང་ཐད་ནས་སྔོན་ཆད་ཀྱི་བོད་ཡིག་དཔེ་ཚོགས་དག་ལས་ཁྱད་ཆོས་དམིགས་གསལ་བ་མང་པོ་ཡོད་པས། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་མཚོན་ན་འདི་ནི་དགའ་འོས་པའི་འཕྲིན་བཟང་ཞིག་ཡིན་ངེས་ན། དཔེ་ཚོགས་འདི་ཉོ་མཁན་དག་གིས་ངེད་ལས་ཁུངས་ཀྱི་དཔེ་ཚོང་སྡེ་ཁག་ལ་འབྲེལ་གཏུག་གནང་རོགས།

IMG_2964.JPG

མངག་ཉོའི་ཁ་པར་ཨང་གྲངས། 13639733997 (རྩོམ་སྒྲིག་པ།)028-86259624(འགྲེམ་སྤེལ་ཁང་།)

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།