གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུང་ལོ་གོ་ལྔ་ལོན་པའི་ཝུ་ར་གྷེའི་བུད་མེད་སྙན་ངག་པ་ཨེ་རྡ་ཝེ་ཐ་ལེ་ལ་སེར་ཝན་རྡེ་ཟི་རྩོམ་རིག་བྱ་དགའ་ཐོབ་པ།

2019-04-26 11:21:01 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

པར་པ། Ballesteros

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སི་ཕེན་གྱི་ཨཱར་ཁ་ལ་སློབ་ཆེན་དུ། ཝུ་ར་གྷེའི(Uruguay,烏拉圭)བུད་མེད་སྙན་ངག་པ་ཨེ་རྡ་ཝེ་ཐ་ལེ(Ida Vitale)མཆོག་སེར་ཝན་རྡེ་ཟི་རྩོམ་རིག་བྱ་དགའི་མཛད་སྒོར་ཞུགས་ཤིང་། མོ་ནི་ད་ལྟའི་བར་དུ་བྱ་དགའ་དེ་ཐོབ་པའི་བུད་མེད་རྩོམ་པ་པོ་ལྔ་པ་ཡིན་འདུག སེར་ཝན་རྡེ་ཟི་རྩོམ་རིག་བྱ་དགའ་ནི་སི་ཕེན་རིག་གནས་སྡེ་ཁག་གིས་1975ལོར་གསར་དུ་བཙུགས་པ་ཞིག་ཡིན་ལ། གཙོ་ཆེར་སི་ཕེན་དང་ལ་ཐེན་ཨ་རིའི་གླིང་གི་རྩོམ་པ་པོ་རྣམས་ལ་སྤྲོད་པ་དང་། སི་ཕེན་སྐད་ཀྱི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་དེ་ཆགས་འདུག ད་ལོ་དགུང་ལོ་དགུ་བཅུ་གོ་ལྔར་སོན་པའི་ཨེ་རྡ་ཝེ་ཐ་ལེ་ནི་ཡུག་རེན་གྱི“45ཡི་མི་རབས”ཞེས་པའི་རིག་རྩལ་ལས་འགུལ་གྱི་ཚོགས་མི་དག་ལས་ད་ལྟ་སྐུ་འཚོ་གཞེས་གནང་ཡོད་པ་གཅིག་པུ་ཡིན་ལ། མོས་གསར་རྩོམ་གྱི་ལས་ཀར་ཞུགས་ཚུན་གྱི་བགྲང་བྱ་བདུན་ཅུ་ལྷག་གི་རིང་སྙན་དེབ་ཉི་ཤུ་ལྷག་དཔར་དུ་བསྐྲུན་ཡོད་ཅིང་། མོ་རང་ཚེ་གང་བོར“སྐྱེ་བོ་སུས་ཀྱང་གོ་སླ་བའི་སྙན་ངག་གསར་རྩོམ་གྱི་ལས”ལ་ཞུགས་པ་རེད།

རྩོམ་སྒྲིག་པ། གངས་དགའ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།