ཐབ་ཀ་བའི་ལྷུག་རྩོམ་དེབ《ནས་ཞིང་རྐ་མགོ་མ》ཞེས་པ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ།

ཐབ་ཀ་བ།(གཞིས་ཀ་རྩེ) 琼迈文学网 2025-12-06


  
  ཕྲན་ཆུང་གི་ལྷུག་རྩོམ་དེབ་<<ནས་ཞིང་རྐ་མགོ་མ་>>འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཟིན་པའི་གཏམ་དེ་གོ་དུས། སེམས་ལ་དགའ་སྣང་ཞིག་དང་སྐྲག་སྣང་ཞིག་མཉམ་དུ་སྐྱེས་ཡོང་ལ། དྲིན་དྲན་པའི་མི་བུ་འགའ་ཞིག་ཀྱང་དྲན་པའི་ཡིད་ལ་འཁོར་འོང་། བཀའ་དྲིན་མཚུངས་མེད་ཀྱི་ནས་ཞིང་རྐ་མགོ་མ་ནས་སྐྱིད་སྡུག་མཉམ་མྱོང་གིས་འཚོ་ཞིང་། བརྩེ་བ་འོ་ཆུ་ལྟར་འདྲེས་པའི་ཁྱིམ་མི་ཡོངས་དང་། རྣམ་ཀུན་གུས་ཀྱི་ལས་ངན་པའི་ཡིག་འབྲུ་རེ་རེར་ཞལ་གྱི་རླངས་པ་ཕོག་མང་ཤོས་ཀྱི་གཅེན་པོ་ས་དམར་གྲགས་པ། ད་དུང་རྩོམ་འབྲི་བ་རྒན་རབས་རྣམས་དང་། ཆེས་བློ་ཉེ་ཤོས་ཀྱི་གྲོགས་པོ་རྩོམ་འབྲི་བ་རྣམས་པར་བཀའ་དྲིན་ཆེ་ཞུ། ཞར་བྱུང་དུ་ད་རེས་དེབ་ཆུང་འདིའི་ནང་དུ་ཆུང་མ་དང་བུ་ཆུང་སྐོར་གྱི་ཡིག་འབྲུ་ཆད་སོང་བར་བློ་ཕམ་ཕྲན་བུ་ཞིག་ཀྱང་སྐྱེས་ནས་ཡོད་པས་ཁོང་གཉིས་ལ་བཟོད་གསོལ་རེ་ཞུ།།

  དེབ་ཆུང་དེ་ནི་ད་བར་བྲིས་བྲིས་པའི་ལྷུག་རྩོམ་ཐར་ཐོར་འགའ་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པས། ང་རྒྱལ་གྱི་རང་བློར་ཅུང་འབབ་པ་འདྲ་ཡིན་བསམ་ཡང་། དེ་ནི་འཇིག་རྟེན་གཏམ་འདོད་གནས་སུ་འགྲོ་ངེས་པས། ཀློག་མཁན་དང་དཔྱོད་མཁན་རྣམས་ཀྱི་སྣང་ངོར་སྐྱོན་དང་ནོར་འཁྲུལ་གྱི་ཆ་མང་པོ་མཆིས་ངེས་པས། ཁྱེད་རྣམས་ནས་མ་འོངས་པའི་གུས་ཀྱི་རྩོམ་འབྲིའི་ལམ་བུར་དགོངས་འཆར་ལྷུག་སྩོལ་རེ་གནང་བར་མཁྱེན། བདག་གི་ང་རྒྱལ་གྱི་དྲེག་པ་ཡོད་ཚད་ཁྱེད་ཚོའི་ཀུན་སློང་རྣམ་དག་གི་གཙང་ཆུ་དྭངས་མས་འཁྲུས་བཤལ་ལན་མང་དུ་གཏོང་བར་ཞུ། །

  གལ་ཏེ་ཀློག་པ་པོ་དང་རྩོམ་རིག་ལ་དགའ་མོས་ཅན་དག་དེབ་འདིར་གཟིགས་མོས་ཡོད་ན་ཕྲན་སྒེར་ལའང་འབེལ་འབེལ་ལྷུག་ལྷུག་ཏུ་ཡོད་པས། འབྲེལ་བ་རེ་གནང་ཡོང་རོགས།

  འབྲེལ་ཡུལ། 15726728144


 
  ཐབ་ཀ་བ།  དངོས་མིང་ལ་བཟང་པོ་ཟེར། གཞིས་ཀ་རྩེ་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་གི་ཞིང་ཁྱིམ་ཞིག་ཏུ་སྐྱེས།  ལུའུ་ཞུན་རྩོམ་རིག་སློབ་གླིང་སྐབས་སོ་གཅིག་པའི་གྲངས་ཉུང་མི་རིགས་འཛིན་གྲྭར་སློབ་སྦྱོང་བྱས། སྔ་རྗེས་སུ་ལྷུག་རྩོམ་གཙོས་བརྩམས་ཆོས་ཁག་ཅིག 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《མི་རིགས་ཀྱི་རྩོམ་རིག》《ཇོ་མོ་གླང་མ》 《ཟླ་ཟེར》《གངས་དཀར་རི་བོ》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཤྭ་སྐྱ》 《རང་གྲོལ》《མངའ་རིས་རྩོམ་རིག》 《སྤང་ལྗོངས》《ཁམས་པའི་ཚགས་པར》《རི་བོ་ཉི་ཟླ》  《མཚོ་སྔོན་བོད་ཡིག་གསར་འགྱུར》 《གཞིས་རྩེའི་ཚགས་པར》 སོགས་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  གཞིས་ཀ་རྩེའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།


རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཐབ་ཀ་བའི་ལྷུག་རྩོམ་དེབ《ནས་ཞིང་རྐ་མགོ་མ》ཞེས་པ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ།

2025-12-06 ཐབ་ཀ་བ།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།


  
  ཕྲན་ཆུང་གི་ལྷུག་རྩོམ་དེབ་<<ནས་ཞིང་རྐ་མགོ་མ་>>འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཟིན་པའི་གཏམ་དེ་གོ་དུས། སེམས་ལ་དགའ་སྣང་ཞིག་དང་སྐྲག་སྣང་ཞིག་མཉམ་དུ་སྐྱེས་ཡོང་ལ། དྲིན་དྲན་པའི་མི་བུ་འགའ་ཞིག་ཀྱང་དྲན་པའི་ཡིད་ལ་འཁོར་འོང་། བཀའ་དྲིན་མཚུངས་མེད་ཀྱི་ནས་ཞིང་རྐ་མགོ་མ་ནས་སྐྱིད་སྡུག་མཉམ་མྱོང་གིས་འཚོ་ཞིང་། བརྩེ་བ་འོ་ཆུ་ལྟར་འདྲེས་པའི་ཁྱིམ་མི་ཡོངས་དང་། རྣམ་ཀུན་གུས་ཀྱི་ལས་ངན་པའི་ཡིག་འབྲུ་རེ་རེར་ཞལ་གྱི་རླངས་པ་ཕོག་མང་ཤོས་ཀྱི་གཅེན་པོ་ས་དམར་གྲགས་པ། ད་དུང་རྩོམ་འབྲི་བ་རྒན་རབས་རྣམས་དང་། ཆེས་བློ་ཉེ་ཤོས་ཀྱི་གྲོགས་པོ་རྩོམ་འབྲི་བ་རྣམས་པར་བཀའ་དྲིན་ཆེ་ཞུ། ཞར་བྱུང་དུ་ད་རེས་དེབ་ཆུང་འདིའི་ནང་དུ་ཆུང་མ་དང་བུ་ཆུང་སྐོར་གྱི་ཡིག་འབྲུ་ཆད་སོང་བར་བློ་ཕམ་ཕྲན་བུ་ཞིག་ཀྱང་སྐྱེས་ནས་ཡོད་པས་ཁོང་གཉིས་ལ་བཟོད་གསོལ་རེ་ཞུ།།

  དེབ་ཆུང་དེ་ནི་ད་བར་བྲིས་བྲིས་པའི་ལྷུག་རྩོམ་ཐར་ཐོར་འགའ་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པས། ང་རྒྱལ་གྱི་རང་བློར་ཅུང་འབབ་པ་འདྲ་ཡིན་བསམ་ཡང་། དེ་ནི་འཇིག་རྟེན་གཏམ་འདོད་གནས་སུ་འགྲོ་ངེས་པས། ཀློག་མཁན་དང་དཔྱོད་མཁན་རྣམས་ཀྱི་སྣང་ངོར་སྐྱོན་དང་ནོར་འཁྲུལ་གྱི་ཆ་མང་པོ་མཆིས་ངེས་པས། ཁྱེད་རྣམས་ནས་མ་འོངས་པའི་གུས་ཀྱི་རྩོམ་འབྲིའི་ལམ་བུར་དགོངས་འཆར་ལྷུག་སྩོལ་རེ་གནང་བར་མཁྱེན། བདག་གི་ང་རྒྱལ་གྱི་དྲེག་པ་ཡོད་ཚད་ཁྱེད་ཚོའི་ཀུན་སློང་རྣམ་དག་གི་གཙང་ཆུ་དྭངས་མས་འཁྲུས་བཤལ་ལན་མང་དུ་གཏོང་བར་ཞུ། །

  གལ་ཏེ་ཀློག་པ་པོ་དང་རྩོམ་རིག་ལ་དགའ་མོས་ཅན་དག་དེབ་འདིར་གཟིགས་མོས་ཡོད་ན་ཕྲན་སྒེར་ལའང་འབེལ་འབེལ་ལྷུག་ལྷུག་ཏུ་ཡོད་པས། འབྲེལ་བ་རེ་གནང་ཡོང་རོགས།

  འབྲེལ་ཡུལ། 15726728144


 
  ཐབ་ཀ་བ།  དངོས་མིང་ལ་བཟང་པོ་ཟེར། གཞིས་ཀ་རྩེ་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་གི་ཞིང་ཁྱིམ་ཞིག་ཏུ་སྐྱེས།  ལུའུ་ཞུན་རྩོམ་རིག་སློབ་གླིང་སྐབས་སོ་གཅིག་པའི་གྲངས་ཉུང་མི་རིགས་འཛིན་གྲྭར་སློབ་སྦྱོང་བྱས། སྔ་རྗེས་སུ་ལྷུག་རྩོམ་གཙོས་བརྩམས་ཆོས་ཁག་ཅིག 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《མི་རིགས་ཀྱི་རྩོམ་རིག》《ཇོ་མོ་གླང་མ》 《ཟླ་ཟེར》《གངས་དཀར་རི་བོ》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཤྭ་སྐྱ》 《རང་གྲོལ》《མངའ་རིས་རྩོམ་རིག》 《སྤང་ལྗོངས》《ཁམས་པའི་ཚགས་པར》《རི་བོ་ཉི་ཟླ》  《མཚོ་སྔོན་བོད་ཡིག་གསར་འགྱུར》 《གཞིས་རྩེའི་ཚགས་པར》 སོགས་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  གཞིས་ཀ་རྩེའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།


རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།