ཚེ་མདོ་སྐྱིད་ཀྱི་མུ་འབྲེལ་རིས་སྒྲུང་དེབ་གསར་འགྲེམ་སྤེལ་བྱས།

  ཉེ་ལམ།《ཚེ་མདོ་སྐྱིད་ཀྱི་མུ་འབྲེལ་རིས་སྒྲུང》དེབ་བཞི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། རིས་སྒྲུང་དེབ་དེ་དག་ཚེ་མདོ་སྐྱིད་ཀྱིས་བརྩམས་ཤིང་ཤ་འབྲུག་མཚོ་ཡིས་རྩོམ་སྒྲིག་དང་རྩོམ་སྒྲིག་འགན་ཁུར་བ་བྱས་པ་དང་། ཚེ་རིང་དོན་འགྲུབ་དང་། བཀྲ་ཡེ་དོན་ནེ། ནོར་བུ་སྒྲོལ་མ་གསུམ་གྱིས་རི་མོ་བྲིས་ཏེ་གྲུབ་པ་ཞིག་ཡིན།

རྩོམ་པ་པོ་ངོ་སྤྲོད།

   ཚེ་མདོ་སྐྱིད།  ཕ་ཡུལ་མཚོ་བྱང་རྐང་ཚ་ཡིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སློབ་གླིང་ནས་སློབ་མཐར་ཕྱིན། རྒྱབ་ཁབ་རིམ་པ་མཐོ་ཤོས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་པ། ད་སྐབས་འབའ་རྫོང་མི་རིགས་སློབ་འབྲིང་དང་པོར་དགེ་རྒན་གྱི་ལས་ཀར་གཞོལ་ཞོར།  མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་རྨང་མཐུག་པའི་བྱིས་པའི་རིས་སྒྲུང་དེབ་མང་པོ་བརྩམས། བརྩམས་ཆོས་གཙོ་བོར། མི་ལ་ཙི་ཙི་དང་། ཨ་མའི་སེམས།  བེའུ་རྒྱ་ཐོ་ལུས་རྩལ་འགྲན་ཚོགས་སུ་ཞུགས་པ།  བེའུ་རྒྱ་ཐོའི་རྭ་ཅོ།  བེའུ་རྒྱ་ཐོས་ཁ་འཆང་བཙལ་བ།  ཁྱི་སྤྱང་།   ང་ཡི་གངས་རིལ།  ང་ནི་རྒྱལ་པོ་ཡིན། ཨ་ཕ་ཕུག་རོན་སོགས་ཡོད། ཐེངས་འདིའི་དཔེ་ཚོགས་སུ་རོང་འབྲོག་ཁུལ་གྱི་བྱིས་པའི་འཚོ་བ་གཞིར་བྱས་ཏེ། གངས་རྒྱན་ན་ཆུང་དག་གི་བློ་སེམས་དང་མཐུན་པའི་ཡིད་སེམས་སྒུལ་བའི་གཏམ་རྒྱུད་བཞི་བདམས་ནས། ད་ལྟ་དངོས་སུ་ཀུན་གྱི་སྤྱན་སྔར་བསྟར་ཡོད། 

རིས་དེབ་དག་གི་ནང་དོན་རགས་པ།

༼ཨ་ཕ་ཕུག་རོན།༽
ཨ་ཕ་ཕུག་རོན་ནམ་རྒྱུན་བྱ་བའི་བྲེལ་ཟིང་བར་ནས་གཅེས་ཕྲུག་གི་འཚར་ལོངས་གོ་རིམ་ཁྲོད་ཞུགས་མ་ཐུབ་པར་གཅེས་ཕྲུག་ནར་སོན་ནས་ཆེ་རུ་ཆགས་པས། ད་གཟོད་བུ་ཕྲུག་གི་ཁྱིམ་ཚང་སློབ་གསོ་གལ་འགངས་ཆེ་བ་རྟོགས། གཏམ་རྒྱུད་འདིས། ཕ་མའི་བྱ་བར་བྲེལ་ཟིང་ཅི་འདྲ་ཆེ་ཡང་། བུ་ཕྲུག་འཚར་ལོངས་ཀྱི་གོ་རིམ་ཁྲོད་ངེས་པར་ཞུགས་དགོས་པ་དང་། བུ་ཕྲུག་ལ་འདུག་རོགས་དང་སེམས་ཁུར་བྱ་དགོས་པ་བསྟན་ཡོད།

༼ང་ཡང་རྒྱལ་པོ་ཡིན།༽
ང་རྒྱལ་ཆེ་བའི་སླ་ང་ཡིས་ཟས་ཞིམ་པོ་གཡོ་སྐོལ་བྱེད་མཁན་རང་ཉིད་ཡིན་པར་བསམས་ནས། དཀར་ཡོལ་དང་ཐུར་མ་སོགས་ལ་མཐོང་ཆུང་བྱས་པ་དང་། རྗེས་སོར་ཁོ་རང་གིས་རང་སྐྱོན་ངོས་ཟིན་ཏེ་དཀར་ཡོལ་དང་ཐུར་མ་སོགས་ལ་སླར་ཡང་མཉམ་འབྲེལ་བྱས་པས། ཟས་ཞིམ་པོ་ལོངས་སུ་སྤྱོད་ཐབས་བྱུང་།  གཏམ་རྒྱུད་འདིས།  ང་ཚོར་དོན་དག་གང་ཡིན་རུང་མཉམ་འབྲེལ་དང་བརྩི་བཀུར། སྟོབས་ཤུགས་གཅིག་སྒྲིལ་གྱི་གལ་ཆེན་རང་བཞིན་བརྗོད་ཡོད།

༼གངས་རིལ།༽
སྤྲེའུ་རྣ་ཆེན་གྱིས་རང་གིས་བཟོས་པའི་གངས་རིལ་དེ་བཙལ་བའི་ལམ་བར་དུ། གཡག་རྒན་དང་རྟ། ཡུ་མོ་སོགས་ལ་ཕོག་ཐུག་བཏང་མཐར་ཡ་ལན་ཕོག གཏམ་རྒྱུད་འདིས།  བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད། དོན་དག་དང་དངོས་པོ་གང་མང་ཞིག་ཐོབ་ཤོར་འབྱུང་བ་ཆོས་ཉིད་ཡིན་པས། བྱིས་པ་ཚོར་ཐོབ་ཤོར་འདི་དག་ལ་སེམས་ཡངས་མོས་གདོང་གཏད་དགོས་པ་བསྟན་ཡོད། 

༼ཁྱི་སྤྱང་།༽
སྤྱང་ཀི་ཞིག མི་ཚང་ཞིག་གི་སྒོ་ཁའི་ཁྱི་ལ་ཡིད་སྨོན་སྐྱེས་ཏེ། སྒོ་ཁྱི་དེར་སློབ་སྦྱོང་བྱས་ཡང་། ཀུན་གྱིས་ཁོར་དགའ་བསུ་མ་བྱས་པར་མ་ཟད། སྐེར་ལྕགས་ཐག་བསྐོན་ནས་རང་དབང་མེད་པར་བྱས་པས་ཁོ་རང་ཕྱིར་རི་ཁྲོད་དུ་འགྲོ་འདོད་སྐྱེས། གཏམ་རྒྱུད་འདིས། ང་ཚོར་མི་རེ་རེར་རང་དང་འཚམ་པའི་འཚོ་བ་རེ་དང་ཕུགས་བསམ་རེ་ཡོད་པས། གང་བྱུང་དུ་སྐབས་བབས་ཀྱི་ཁེ་ཕན་ཙམ་ལ་མགོ་བོ་མི་འཐོམས་པར། རང་ཚུགས་དང་ཡིད་གཞུངས་དགོས་པ་བསྟན་ཡོད།

རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།