གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་ལས་མ་སོག་བོད་ལག་བཟོས་ཐོན་རྫས་ངོ་སྤྲོད།

2014-12-15 15:30:44 ངེད་དྲ་བ། ཀློག་གྲངས། མཆན ཡོད།

ལག་ལས་མ་སོག་བོད་ལག་བཟོས་ཐོན་རྫས་བཟོ་སྤེལ་ཚད་ཡོད་ཀུང་ཟི་ནི། ༢༠༡༡ལོར་བཙུགས་ཤིང་གསར་འདོན་དང་ཐོན་སྐྱེད། ཚོང་འགྲེམས། ཁྱབ་སྤེལ་བཅས་གཅིག་ལྕོགས་སུ་གཉེར་བའི་མི་རིགས་ཁེ་ལས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ལྟེ་གནས་སམ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཆེས་ལེགས་པའི་རྩྭ་ཐང་ངམ། སོག་བོད་རིག་གནས་ཀྱི་མཉམ་འདྲེས་བྱུང་ས་སྟེ། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ན་ཆགས་ཡོད། ཀུང་ཟི་འདིས་སོག་བོད་མི་རིགས་ཀྱི་ཁྱད་ཆོས་ཕྱུག་པའི་ལག་ལས་བཟོ་སྐྲུན་རིག་གནས་དེ་དེང་རབས་འཕྲུལ་ཐབས་རིག་གནས་ཀྱི་རླབས་རྒྱུན་ཁྲོད་ནུབ་པར་མི་འགྱུར་བ་དང་། ས་གནས་ཀྱི་དབུལ་ཕོངས་བུད་མེད་དང་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་མགྱོགས་མྱུར་ངང་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པ་ལ་མཐུན་རྐྱེན་བསྐྲུན་པའི་དམིགས་པ་བཟུང་ནས། སོག་པོ་དང་བོད་མི་རིགས་ཀྱི་ས་གནས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པའི་ལག་ལས་ཀྱི་འཁེལ་འཐགས་དང་། ཚེམ་བསླས། དྲ་དྲུབ་སོགས་ཀྱི་ལག་ལས་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་ཡོད། མིག་སྔར། ཁྱིམ་གྱི་ཉེར་སྤྱོད་དང་། ལས་ཤག་ཉེར་སྤྱོད། གོན་པ་རྒྱན་ཆས། ལག་སྐྱེས་དངོས་པོ་བཅས་རིགས་ཆེན་པོ་བཞི་རུ་འདུ་བའི་ཐོན་རྫས་རྣམ་གྲངས་༥༠ལྷག་བཟོ་བཞིན་ཡོད་ལ། ཐོན་རྫས་དེ་དག་བསྟར་ཆགས་མའི་ཚད་ལྡན་གྱི་བཟོ་རིམ་བརྒྱུད་ནས་བསྐྲུན་པ་དང་། བལ་ཁུལ་སྤུས་ལེགས་ཀྱི་རྒྱུ་ཆ་ལས་གྲུབ་པ་ཤ་སྟག་ཡིན་པར་མ་ཟད། ཚོན་གྱིས་ཁ་མ་བསྒྱུར་བར་རང་བྱུང་སྤུས་གཙང་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ཉོ་སྤྱོད་པའི་དགའ་བསུ་ཐོབ་བཞིན་ཡོད་དེ། དཔེར་ན་རྩིད་པའི་ལྷམ་ཚངས་ལ་ཁེ་ན་ཏ་དང་། སི་ཝིས་ཙེར། ཨི་ཐ་ལི་སོགས་ཀྱི་ཉོ་སྤྱོད་པ་རྣམས་ཀྱིས་ལག་སྐྱེས་མཆོག་གྱུར་ཞིག་ཏུ་བལྟས་ནས་དགའ་བསུ་བྱེད་བཞིན་པ་ལྟ་བུའོ། །

4 (1).jpg

4 (2).jpg

8 (2).jpg

11 (1)-1.jpg

11 (3)-1.jpg

IMG_0781.jpg

IMG_3689.jpg

IMG_3690-1.jpg

IMG_6043.jpg

IMG_6053.jpg

དྲ་གནས། www.tbgate.com
ཀུང་སིའི་ས་གནས། མཚོ་སྔོན་རྨ་ལྷོ་སོག་རྫོང་མི་དམངས་སྨན་ཁང་གི་ཁྱིམ་སྡོད་ར་སྐོར་ནང་།
ཆེད་ཚོང་ཁང་། ༡.ཟི་ལིང་གྲོང་ཁྱེར་ལྔ་གཅིག་ལམ་གྱི་སྒོ་རྟགས་༡སྒོ་གཤར༢པའི་༣༠༡། ༢.མཚོ་སྔོན་པོའི་ནོར་བུ་གླིང་ག་མགྲོན་ཁང་གི་གཅིག་ཐོག། ༣.བླ་བྲང་ཡར་གི་ཐང་གི་སྒོ་རྟགས་༢༢༧
འབྲེག་གཏུག་ཁ་པར།   18909731009         13997140311


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།