གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱུར་མེད་རྡོ་རྗེ།

2008-12-07 13:42:00 tibetcm ཀློག་གྲངས། མཆན ཡོད།

རུས། ལྷོ་བ། 
མཚན། འགྱུར་མེད་རྡོ་རྗེ།
སྨྱུག་མིང༌། མཛེས་སེ་ལ་སོགས་པ།
འཁྲུངས་ཡུལ། ཨ་མདོ་སྒོ་མེ་བར་མ༼ཁྲི་ཀ་རྫོང་ཁོངས༽
འཁྲུངས་སྐར། ༡༩༧༠ལོའི་ཟླ་༤ཚེས༡༠
ད་ལྟའི་ལས་ཀ མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཚན་ཁག
གློག་འཕྲིན་ཡིག་སྒམ།  
ཡོན་ཚད། སློབ་ཆེན་དངོས་གཞི།
ལས་ཐོབ། རྫོང་གཞོན་རིམ་པ།
རྩོམ་འབྲི་མགོ་རྩོམ་དུས། ༡༩༩༣ནས་༡༩༩༤
དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) རོལ་དབྱངས་ལ་ཉན་པ།
ཚབ་མཚོན་བརྩམས་ཆོས།(གཅིག་ནས་གསུམ་པར་གང་རུང་འབྲི་ཆོག) ད་རུང་མེད།
ཉེ་བའི་འཆར་གཞི། དཔེ་དེབ་ཞིག་པར་དུ་གདབ་པ་ལ་བསམ་བློ་གཏོང་རྩིས་ཡོད།
དད་པ་བྱེད་སའི་མི།(མང་དུ་བསྐང་ཡང་ཆོག) ངས་མི་བཤད།
ཆེས་ཀློག་སྤྲོ་བའི་དཔེ་དེབ།(མང་དུ་བསྐང་ཡང་ཆོག) དཔེ་དེབ་མཐུག་ན་བལྟ་མི་འདོད། དུས་དེབ་ཚགས་པར་ཀློག་པར་སྤྲོ། 
སོང་མྱོང་བའི་ས་ཆ། ཕ་ཡུལ་རྫོང་མགོ
ཆེས་བརྗེད་དཀའ་བའི་བྱ་བ། བརྗེད་མི་འོས་པའི་བྱ་བ་ཐམས་ཅད།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསུངས་པ་སྟེ། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་དེའོ།
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། སྐྱེས་པ་དག་ལས་ཟ་སྟོབས་འཐུང་སྟོབས་ཞན།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། བསམ་མ་མྱོང༌།
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། བསམ་མ་མྱོང༌།
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། བསམ་མ་མྱོང༌།
འདང་ཆེ་བའི་གྲོགས་པོ།(མང་དུ་བསྐང་ཡང་ཆོག) ཆུང་མ་ཨེ་ཡིན་སྙམ།
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ཀློག་མཁན་མེད་ས་ན་རྩོམ་མཁན་ཡང་ཡོད་མི་སྲིད།
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་སྲིད་ཅེས་ན། ཇག་ལས་ཀྱིས་དགའ་སྙམ།
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། རྐུན་མ་དང་ཉེན་རྟོག་པ་ལྷན་འཛོམས་ཀྱི་གསོལ་སྟོན་ཞིག་དང་མཚུངས།
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། དབུལ་ཕོངས།
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། ངོ་ཚ་ཡོད་པ། འགན་འཁྲི་ཡོད་པ། བློ་སྤོབས་ཡོད་པ།
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། སྤྱོད་མཁན་རང་ཉིད་ཀྱིས་མ་གཏོགས་མི་ཤེས།
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། མིའི་གཡས་ལག་དང་གཡོན་ལག་ལྟ་བུར་སྣང༌།
རྩོམ་རིག་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་
ག་འདྲ་རེད་ཅེས་ན། ལྷ་བ་མོ་བ༼རྩོམ་རིག༽དང་ནད་པ་ཉམ་ཐག༼སྤྱི་ཚོགས༽ནང་བཞིན།
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། སྨྱུ་གུ
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། འཆི་བ་རྒྱུན་དུ་དྲན། ལྷ་ཆོས་བསྒྲུབ་མ་མྱོང༌། 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།