གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཀྲ་བྷ།

2008-11-02 20:43:00 tibetcm ཀློག་གྲངས། མཆན ཡོད།

རུས། ཁོང་ཁྲོ་མ་ལངས། མི་ཤེས། 
མཚན། བཀྲ་བྷ
སྨྱུག་མིང༌། གཡུ་ཟླ།
འཁྲུངས་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང༌།
འཁྲུངས་སྐར། ཟླ་༨ཚེས༢༨
ད་ལྟའི་ལས་ཀ དགེ་རྒན།
ཡོན་ཚད། ཧྲའོ་ཧྲི། 
རྩོམ་འབྲི་མགོ་རྩོམ་དུས། ༡༩༨༥ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་པ་ཡིན།
དགའ་ཕྱོགས། (མང་དུ་བསྐང་ཡང་ཆོག)  སྒྲུང་གཏམ་གསར་རྩོམ།
ཚབ་མཚོན་བརྩམས་ཆོས། (གཅིག་ནས་གསུམ་པར་གང་རུང་འབྲི་ཆོག)  <<སྒྲོལ་མ་ཉེར་གཅིག>>  <<འཚུབ་མ་ཁེར་རྐྱང>> <<ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ>>
ཉེ་བའི་འཆར་གཞི། སློབ་དཔོན་གཞོན་པའི་ལས་ཐོབ་ལ་འབད་པ།
དད་པ་བྱེད་སའི་མི། (མང་དུ་བསྐང་ཡང་ཆོག) བདག་གིས་མི་ལ་ཡིད་ཆེས་ལས་དད་པ་མི་བྱེད།
ཆེས་ཀློག་སྤྲོ་བའི་དཔེ་དེབ། (མང་དུ་བསྐང་ཡང་ཆོག) བདག་ལ་གནས་སྐབས་ཤིག་ལ་ཆེས་ཀློག་པར་དགའ་བའི་དཔེ་དེབ་ལས་ཚེ་གཅིག་ལ་དགའ་སྲིད་པའི་དཔེ་དེབ་ནི་མེད།
སོང་མྱོང་བའི་ས་ཆ། མཚོ་སྔོན་གྱི་རྗོང་ཡོད་ཚད་དང༌། བོད་ལྗོངས་ཀྱི་ལྷ་ས་དང་ནག་ཆུ། ཀན་སུའུ་ཡི་བླ་བྲང་དང་གཙོད། ཟི་ཁྲོན་གྱི་གསེར་རྟ་དང་བྲག་མགོ ཡུན་ནན་གྱི་བདེ་ཆེན། 
ཆེས་བརྗེད་དཀའ་བའི་བྱ་བ། ཨ་ཕ་ཚེ་ལས་འདས་པ།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། འཇིག་རྟེན་ནི་འཇིག་རྟེན་ཡིན་པ་ནི་སེམས་ཅན་གྱི་བདེ་སྐྱིད་ཡིན།
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། གལ་སྲིད་འཇིག་རྟེན་ན་བུད་མེད་མེད་ན། བདག་གིས་ཚ་བ་ཆེ་དུས་དོར་མ་གྱོན་མི་དགོས། 
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། སྟག་འབུམ་རྒྱལ།
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། ལུའུ་ཡའོ ། 
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། ཐུའུ་ཀི་ཉིས་ཧྥུ།
འདང་ཆེ་བའི་གྲོགས་པོ། (མང་དུ་བསྐང་ཡང་ཆོག) ཆུང་དུས་མཉམ་དུ་ནོར་ལུག་འཚོས་པའི་ཁྱི་རྒན་རྒྱ་སྟག
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ཁྱེད་ཅག་རྩོམ་རིག་ལ་ཇི་ལྟར་དུང་ན། བདག་གིས་གསར་རྩོམ་ལ་དེ་ལྟར་འབད་ངེས་ཡིན། 
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་སྲིད་ཅེས་ན། གལ་སྲིད་རྩོམ་རིག་མེད་རུང༌། བུད་མེད་ཡོད་པ་ན་སྐྱེས་པ་རྣམས་ཀྱི་སེམས་ཁོང་ན་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་ཤྭ་འོད་བརྡོལ་བ་ལྟར་གནས། 
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། རྩོམ་པ་པོ་ཡི་གྲངས་ཀ་ལས་རྩོམ་སྒྲིག་པ་མང་པ།
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། མི་ཤེས། གང་ལྟར་ང་ལ་ངོམ་རུང་བ་ཅི་ཡང་མེད། 
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། བཟའ་བཏུང་དང་འཚོ་རླུང་ཡོད་པའི་ཆ་རྐྱེན་འོག་ཏུ། རྩོམ་པ་པོ་ཞིག་ལ་མེད་དུ་མི་རུང་བ་ནི་འཚོ་བ་དང་བསམ་བློ་གཉིས་ཀ་རེད། 
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། འདི་ནི་བདག་གི་ཆེད་ལས་མིན་པས། གནས་ལུགས་ཡང་དག་པ་ཞིག་བརྗོད་མི་ནུས། 
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། དངུལ་ལོར་ལ་རྩོམ་རིག་མེད་ན་ཆོག་མོད། རྩོམ་རིག་ལ་དངུལ་ལོར་མེད་དུ་མི་རུང༌། 
རྩོམ་རིག་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་ནི་སྤྱི་ཚོགས་ལས་འབྱུང་དགོས་པ་ན། སྤྱི་ཚོགས་ནི་རྩོམ་རིག་གི་ཨ་ཕ་ཡིན། རྩོམ་རིག་བརྩམས་ཆོས་ཀྱིས་མི་རྣམས་ཀྱི་བློ་སྒོ་འབྱེད་དགོས་པ་ན། རྩོམ་རིག་ནི་སྤྱི་ཚོགས་ཀྱི་སློབ་དཔོན་ཡིན། རྩོམ་རིག་བརྩམས་ཆོས་ཀྱིས་མི་སེམས་ཀྱི་སྟོང་ཆ་ཞིག་བསྐང་དགོས་པ་ན། རྩོམ་རིག་ནི་སྤྱི་ཚོགས་ཀྱི་གཡོག་པོ་ཡིན། 
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། དཔྱད་རྩོམ་འབྲི་དུས་གློག་ཀླད་བཀོལ་ན་ལེགས། སྒྲུང་གཏམ་རྩོམ་དུས་སྨྱུ་གུ་བཀོལ་ན་ལེགས། 
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། གསོན་པའི་དུས་སུ་འཆི་བ་ཁོ་ན་ལ་བསམ་བློ་བཏང་ན། གསོན་པ་ལ་རིན་ཐང་ཅི་ཡང་མེད།
འཆི་བའི་དུས་སུ་གསོན་པ་ལ་བསམ་བློ་བཏང་ཨེ་མྱོང་ཞེས་ན། འཆི་བ་ནི་ཡིད་སེམས་བརྒལ་དུ་མེད་པའི་འཇིགས་ཞེན་ཞིག་ཡིན་ན་ཐང༌། 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།