གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲ་པར་ལ་བཏུས་ལུང་བཏུས།༡

2012-02-06 18:22:00 Dan kitwoodསོགས། ཀློག་གྲངས། མཆན ཡོད།


༢༠༡༢ལོའི་ཟླ་དང་པོའི་ཚེས་༡ཉིན། ལོ་སར་ཚེས་མ་ཐག་དབྱིན་ཇིའི་ལན་ཊོན་ནས་ཚོན་ཁྲ་ཅན་གྱི་ཤོག་སྦག་འཕངས་ཏེ་༢༠༡༢ལོར་རྟེན་འབྲེལ་གྱི་བསུ་མ་བྱེད་ཀྱིན་པ། པར་བ། Dan Kitwood

༢༠༡༢ལོའི་ཟླ་དང་པོའི་ཚེས་༡ཉིན། ཉི་ཧོང་གི་གསུམ་པའི་ཚེས་༡༡ཉིན་གྱི་ས་ཡོམ་དང་མཚོ་འཕྱུར་བའི་འཇིགས་པ་ལས་ཐར་བའི་རྒན་པོ་ཞིག་གིས་ཆུང་མ་དང་བུ་ཕྲུག་ཁྲིད་ནས་རང་གི་དེ་སྔའི་སྡོད་ཤག་ཡོད་སར་ཡོང་ནས་གསོལ་བ་སྨོན་ལམ་འདེབས་ཀྱིན་པ། པར་བ། མི་གསལ།

༢༠༡༢ལོའི་ཟླ་དང་པོའི་ཚེས་༥ཉིན། ཉི་ཧོང་གི་རྒྱལ་ས་ཐོ་ཁེ་ཡོ་རུ་ཡིག་མཁན་མང་པོ་ཞིག༼ཡི་གེ་འབྲི་མགོ་རྩོམ་པ༽ཞེས་པའི་ལོ་གསར་བར་རྟེན་འབྲེལ་ཞུ་བའི་མཆོད་པར་འཇུག་གིན་པའི་ཚུལ། པར་བ། Shizuo Kambayashi

༢༠༡༢ལོའི་ཟླ་དང་པོའི་ཚེས་༩ཉིན། ནམ་ཟླའི་དྲོད་ཚད་ལོ་རེ་བཞིན་ཇེ་མཐོར་སོང་བའི་རྐྱེན་གྱིས་འཁྱག་གླིང་རྒྱལ་ཁབ་ཀྱི་འཁྱག་རོམ་མཐུག་པོ་དུམ་བུ་རེ་རེ་བྱས་ནས་ཞི་སྟེ་མཚོ་ངོགས་ཀྱི་བྱེ་འགྲམ་དུ་ལྷུང་ཡོད་པ། པར་བ། Orvar Porgiersson

༢༠༡༢ལོའི་ཟླ་དང་པོའི་ཚེས་༡༠ཉིན། བྷར་ཟེ་རྒྱལ་ཁབ་ཏུ་བསྡུས་པའི་Fashion Rioཞེས་པའི་རྒྱན་གོས་འགྲེམ་སྟོན་གྱི་འདུ་ཚོགས་སུ་པར་ལེན་པ་ཞིག་གིས་གཟུགས་བཟང་མ་ཞིག་པར་དུ་ལེན་བཞིན་པ། པར་བ། Felipe Dana

༢༠༡༢ལོའི་ཟླ་དང་པོའི་ཚེས་༡༡ཉིན། ཝེ་ལེམ་ཝལ་སེ(William Wallace)ལ་ཞིབ་འཇུག་བྱེད་མཁན་ཞིག་གིས་ལོ་ངོ་བདུན་བརྒྱའི་ཡར་སྔོན་གྱི་ལག་བྲིས་ཀྱི་འཕྲིན་ཡིག་ཅིག་ཀུན་ལ་སྤྱན་བསྟར་ཞུས་ཤིང་། ཁོས་དེ་ནི་ཝེ་ལེམ་ཝལ་སེ་ཡི་རྒྱུ་ནོར་ཅིག་ཡིན་པར་བཤད། ཝེ་ལེམ་ཝལ་སེ་ནི་སི་ཁ་ཊི་ལན་ཀྲིའི་རང་དབང་རྩོད་མཁན་གྱི་མི་སྣ་གྲགས་ཅན་ཞིག་ཡིན་པ་དང་། གློག་བརྙན༼ཞུམ་པ་མེད་པའི་སེམས༽ཞེས་པ་ནི་ཁོང་གི་མི་ཚེའི་བྱུང་བ་དངོས་བརྗོད་བྱར་བྱས་པ་ཞིག་ཡིན། པར་བ།Jeff J Mitchell

༢༠༡༢ལོའི་ཟླ་དང་པོའི་ཚེས་༢༨ཉིན། ཨ་རིའི་མཁའ་སྐྱོད་སྡེ་ཁག་གིས་ད་ལྟའི་བར་གྱི་ཆེས་གསལ་བའི་ས་སྒང་གི་པར་ཞིག་ཀུན་ལ་སྤྱན་བསྟར་ཞུས། པར་དེ་ཨ་རིའི་Suomi NPPཞེས་པས་འཁོར་སྐར་དེས་བླངས་པར་བཤད། པར་བ། NASA

༢༠༡༢ལོའི་ཟླ་དང་པོའི་ཚེས་༢༩ཉིན། སྐབས་༡༨པའི་ཨ་རིའི་འཁྲབ་སྟོན་པའི་བཟོ་ཚོགས་ཀྱི་བྱ་དགའ་སྟེར་བའི་མཛད་སྒོ་རུ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བྷར་ཌི་ཕེ་ཐི་མཆོག་གིས་བརྙན་ཞེན་པ་ཞིག་ལ་མཚན་བྱང་འབྲི་བ། པར་བ། Vince Bucci
   (པར་གྱི་ཡོང་ཁུངས། idailyཞེས་པའི་དྲ་བ་སོགས)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།