གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་གི་ལུང་བ་སོ་སོའི་མིའི་ཡག་སྣང་མི་འདྲ་བ།

2010-08-15 23:58:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

     
    ཨ་རིའི༼བདུན་ཕྲག་རེའི་གསར་འགྱུར༽གྱིས་གསར་འགྱུར་དུ་ཟླ༨པའི་ཚེས་༡༡ཉིན་བཀོད་པ་ལྟར་ན། སྤྱིར་ཡག་སྣང་ནི་རྒྱལ་ཁོངས་དང་དུས་ཚོད་ལས་བརྒལ་ཡོད་མོད། འོན་ཀྱང་འཛམ་གླིང་གི་ལུང་པ་སོ་སོའི་ཡག་གི་ཚད་གཞི་མི་འདྲ་སྟེ། ལུང་བ་ཞིག་གི་ཡག་གི་ཚད་གཞི་དེ་ལུང་བ་གཞན་ཞིག་ནས་མི་ཡག་པ་དང་བཙོག་པར་འཛིན་པ་མང་དུ་མཆིས། དཔེར་ན། ནུབ་ཨ་ཧྥེ་རི་ཁ་བ་ཚོས་ལུས་རྒྱགས་པ་ཡག་པར་རྩི་ལ། ཨ་རི་བ་ཚོས་རུས་པའི་སྒོར་དོད་པ་དེ་ཡག་པར་རྩི། ཨེ་ཤ་བ་ཚོས་བཞིན་གྱི་དབྱིབས་བཅོས་པ་དེ་ཡག་པར་རྩི་ལ། རྒྱ་ནག་པ་ཚོས་རྐང་བ་རིང་ཞིང་སྨིན་མ་ཕྲ་བ་དེ་ཡག་པར་རྩིའོ།།
 
༡ དབྱི་རན་གྱི་མི་རྣམས་ནི་སྣའི་དབྱིབས་བཅོས་པར་དགའ་བ་ཀུན་ལ་གྲགས་ཤིང་། ༢༠༠༦ལོར་ཡུལ་དེའི་གཞོན་ནུ༣༠༠༠༠གྱིས་སྣའི་དབྱིབས་གཤགས་བཅོས་བྱས་ཡོད་སྐད།
 
༢  ནུབ་ཕྱོགས་པ་ཚོས་ཤ་མདོག་སྨུག་པོ་ཡག་པར་རྩི་ལ་ཨེ་ཤ་ཡ་ཤར་མ་དང་ལྷོ་མའི་མིས་ཤ་མདོག་དཀར་པོ་ཡག་པར་རྩི། འདས་པའི་ལོ་བཅུའི་རིང་ལ། ཐེ་ལན་དི་དང་། རྒྱ་ནག མ་ལེ་ཞི་ཡ། ཧྥི་ལི་ཕིན། ལྷོ་ཁོ་རེ་ཡ་སོགས་ནས་བུད་མེད་མང་ཤོས་ཀྱིས་སྤྱོད་པའི་བྱུག་རྫས་ནི་ཤ་མདངས་དཀར་པོར་སྒྱུར་བྱེད་རེད།
 
༣ ནུབ་ཨ་ཧྥེ་རི་ཁ་ཡུལ་འགའ་ཞིག་ཏུ་སྔར་བཞིན་གནའ་བོའི་སྲོལ་བཟུང་སྟེ། ལུས་རྒྱགས་པའི་བུད་མེད་ནི་ཆེས་ཡག་པར་རྩི།
 
༤ སྙན་པ་འཛམ་གླིང་དུ་གྲགས་པའི་བྷ་རེ་ཟེ་རྒྱལ་ཁབ་ཀྱི་བུད་མེད་ནི་སྒྲ་སྙན་གི་ཐེར་དབྱིབས་ཀྱི་ལུས་གཟུགས་དང་ལྡན་ལ། ཡུལ་དེའི་མི་ཚོས་དེ་ནི་བདེ་ཐང་དང་འབྱོར་ཕྱུག་གི་མཚོན་བྱེད་དུ་ངོས་འཛིན་ནའང་ནུབ་ཕྱོགས་ཀྱི་གསར་ལམ་ཁག་གཅིག་གིས་འཕོང་དང་རྒྱབ་ཀྱི་ཐིག་རིས་མངོན་ཆེད་ཐལ་དྲགས་པས་ཚོ་བྱང་བར་བྱེད་པས་ལུས་ལ་གནོད་པ་ཆེ་བར་འདོད།
 
༥ ལྷོ་ཁོ་རེ་ཡས་བུད་མེད་ཚོ་ནི་མིག་ལ་ཆ་ག་བཟོ་བར་དགའ་ཞིང་ཁོ་ཚོས་དེ་ལྟར་བྱས་ཚེ་མིག་སྒོར་ཞིང་མཛེས་པར་འདོད། ཞིབ་འཇུག་བྱས་པའི་གྲངས་ཀ་ལྟར་ན། ལྷོ་ཁོ་རེ་ཡའི་མི་དར་མའི་ནང་གི་བཅུ་ཆའི་གཅིག་གིས་བཞིན་གྱི་དབྱིབས་གཤག་བཅོས་བྱས་སྐད།
 
༦ ཧྥ་རན་སིས་གཙོས་པའི་ཡོ་རོབ་ཀྱི་ལུང་བ་མང་ཆེ་བས་བཅོས་མ་མིན་པའི་རང་བྱུང་གི་མཛེས་པ་དེ་ཡག་གི་རྩེ་མོར་འཛིན།
 
༧ ནེའུ་ཟི་ལན་དུ། གདོད་མའི་མོ་རོའུ་རིག་གནས་ཀྱི་ཤན་ཤུགས་འོག་ཏུ། སྐྱེས་ཕོ་མོ་མང་པོས་རང་གི་གདོང་ལ་མོ་ཁོ་ཟེར་བའི་རི་མོ་ཞིག་བྲི་བར་བྱེད། 
 
༨ རྒྱ་ནག་ཏུ་ན་གཞོན་མང་པོས་ཚེགས་དང་དཀར་བར་མི་འཛེམ་པར་ཅི་ནུས་རྐང་བ་ཇེ་རིང་དུ་གཏོང་ཞིང་རིང་ཐུང་ལི་རྨིད་གཅིག་གཉིས་ཤིག་གི་ཕྱིར་ཏུ་སྐྱེ་བོ་མང་པོས་རྐང་བའི་ནང་ལྕགས་རིགས་ཤིག་དྲངས་ཡོད།
 
༩ འབར་མའི་ཡུལ་གྱི་གྲངས་ཉུང་མི་རིགས༼ཁར་དབྱང་བ༽ཡི་བུད་མེད་ཚོས་སྐེ་རིང་བ་དེ་ཡག་པར་འཛིན་པས་ཆུང་དུས་ནས་སྐེ་རུ་ཟངས་གདུབ་དཀྲི་བར་བྱེད་ཅིང་། ལོ་ན་ཡར་འཕགས་པ་དང་ཟངས་གདུབ་ཀྱི་གྲངས་ཀྱང་ཇེ་མང་དུ་གཏོང་།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།