མྱུག་ཆར་གྱི་སྙན་ངག་བདམས་བཀོད།

མྱུག་ཆར།(གཙོས) 琼迈文学网 2025-06-21

 མྱུག་ཆར། མིང་གཞན་ལ་དམེ་ཤུལ་ལྷ་མོ་སྐྱབས་ཟེར། སློབ་འབྲིང་ནས་སྙན་ངག་འབྲི་བར་ཚོད་ལྟ་བྱས་མྱོང་། བོད་ཁུལ་གྱི་དུས་དེབ༼གངས་རྒྱན་མེ་ཏོག༽དང་ཚགས་པར༼མཚོ་སྔོན་བོད་ཡིག་གསར་འགྱུར༽སོགས་སུ་རྩོམ་ཡིག་མང་པོ་སྤེལ། ད་ལྟ་སྒེར་ངོས་ནས་བྱིས་བཅོལ་ཁང་ཞིག་བཙུགས་ཏེ་བྱིས་པ་ཚོ་དང་ལྷན་དུ་འཚོ་བ་སྐྱེལ་གྱིན་ཡོད།

དཔེ་འཇོག
         
ང་ཡིས་ཁྱེད་རང་ཇི་སྲིད་འཚོ་བའི་ཀློང་གི་ཉི་འོད་ཀྱི་དཔེ་རུ་བྱས།
ཁྱེད་ཀྱིས་ང་ཡི་ཉམ་ཐག་པའི་སེམས་པར་དྲོད་ཅིག་སྟེར་ཆོག་པར་ཞུ།

ང་ཡིས་ཁྱེད་རང་དལ་གྱིས་བཞུར་བཞིན་པའི་གཙང་པོའི་དཔེ་རུ་བྱས།
ཁྱེད་ཀྱིས་ང་ཡི་འདོད་རྔམ་དང་སྲེད་པ་ཐ་དག་རྒྱང་དུ་འཁྲིད་ཆོག་པར་ཞུ།

ང་ཡིས་ཁྱེད་རང་མི་མངོན་པའི་རླུང་བུའི་དཔེ་རུ་བྱས།
ཁྱེད་ཀྱིས་ང་ཡི་ངལ་དུབ་དང་སྐྱོ་གདུང་ཡོད་ཚད་གནམ་ལ་སྤུར་ཆོག་པར་ཞུ།

ང་ཡིས་ཁྱེད་རང་འབབ་བཞིན་པའི་ཁ་བའི་དཔེ་རུ་བྱས།
ཁྱེད་ཀྱིས་ང་ཡི་ང་རྒྱལ་གྱིས་བཞེངས་པའི་གངས་རི་ལ་དབུ་འཕང་བསྟད་ཆོག་པར་ཞུ།

ང་ཡིས་ཁྱེད་རང་སྲོག་ལས་གད་པའི་མེ་ཏོག་ཅིག་གི་དཔེ་རུ་བྱས།
ཁྱེད་ཀྱིས་ང་ཡི་རུས་པའི་གསེང་གི་ཁེར་རྐྱང་གི་རྣམ་ཤེས་འདི་བསྲུང་ཆོག་པར་ཞུ།
                
བོར་སྟོར།

དགུན་གྱི་བ་མོའི་ནང་དུ།
སེམས་ནང་གི་མེ་ལྕེ་འཁྱག་པར་གྱུར་འདུག

འཁྲུལ་བའི་མིག་ཟུང་གིས།
སྡུག་གི་ན་བུན་གྱོན་པའི་གངས་རི་དེ་ཡང་མཐོང་ཐབས་མི་འདུག

བུ་ལོན་ཆད་པའི་སྒྲ་སྣ་ཚོགས་སུ།
རླུང་དང་མུན་པས་གཡུལ་འགྱེད།

དུས་ཚོད་ཀྱི་མིག་འབྲས་ལོང་བ་དེས།
རྣམ་དོག་གི་སྒོ་ཡོལ་ཕྱེ།

རྨི་ལམ་བོར་བའི་བྱེའུ་ཁྱུ་ཞིག
གྱེན་འཕུར་གནམ་གྲུ་ཞིག་གི་ནང་དུ་བསྡད་དེ།
མཐར་ཉི་ནུབ་ཀྱི་ས་ཚིགས་མཐའ་མར་བབས།
          
རྒྱང་རིང་།

སྐབས་ཤིག་ལ།
ང་ཡང་རྒྱང་རིང་དུ་འགྲོ་ཐུབ་ན་བསམས།
རྒྱང་རིང་ནི་ཆེས་མཐའ་མཇུག་གི་ལོག་མལ་ཡང་ཡིན་ན་བསམས།

དངོས་ཡོད་ཀྱིས་ངའི་འཕྲུལ་སྣང་གི་རྟོག་པ་འདི་དག་ཡོངས་སུ་གཏོར་སོང་།
རྒྱང་རིང་ན་བར་ཐག་གིས་བཞག་པའི་དྲན་གདུང་ལས།
གཞན་ཅི་ཡང་མི་འདུག

ད་ལྟ་ང་རང་སླེབས་ཐབས་མེད་པའི་རྒྱང་རིང་ལ་མི་དགའ།
ང་ཡིས་མངོན་ཆུང་གི་འཚོ་བ་རོལ་ཏེ།
སྙན་ངག་འབྲི་བའམ། གློག་བརྙན་ལ་ལྟ་བཞིན།
སྤྱིར་བཏང་བའི་མི་ཚེ་ཞིག་བསྐྱལ་ཆོག
 
དེ་བས། ཁྱེད་ཀྱིས་ང་ལ་རྒྱང་རིང་མི་གླེང་རོགས།
ང་ཡི་ཉམ་ང་བའི་སེམས་པ་འདི་ལ།
བརྩེ་བའི་དྲོད་ཁོལ་ཐེངས་གཅིག་གནང་ཐུབ་ན་དེས་ཆོག་གོ།

   རྣམ་ཁོ་ལ་ཕུལ་བའི་སྙན་ངག་མཐའ་མ།

གཟུགས་དང་ཁ་དོག་བྲལ་བའི་འཇིག་རྟེན་བྱུང་བ་རེ་རེ་ཡིས།
འུ་གཉིས་ལ་བར་ཐག་བཞག་ཅིང་།
ཧམ་སེམས་དང་སྐྱོ་གདུང་གི་རེག་བྱ་སྣ་ཚོགས་ཀྱིས།
འུ་གཉིས་ལ་འཇིག་རྟེན་ཞིག་བཞེངས་ཚར་བས།
རྣམ་ཁོ་ལགས། ད་ནས་ངས་ཁྱེད་ལ་སྙན་ངག་མི་འབྲི།

ང་ཡི་བཙའ་ཆགས་པའི་སེམས་པ་འདི་དང་།
བེད་མེད་དུ་གྱུར་པའི་རྣམ་ཤེས་འདིས།
ཁྱེད་ཀྱི་ཁེར་ཧྲེང་དུ་ལུས་པའི་སེམས་པ་འདི་ཡང་མཚོན་ཐབས་མེད་པས།

ཡིད་ཆེས་བོར་བའི་ང་ཡི་སེམས་པ་འདི་དང་།
ཨ་འཐས་སུ་གྱུར་པའི་ང་ཡི་སྙན་ངག་འདི་ལས།
ཁྱེད་རང་རང་གི་ནང་སེམས་སུ་ལོག་སྟེ།
རང་ལ་དབང་བའི་རྨི་ལམ་གྱི་གངས་རི་དང་གཙང་བོ་སྲུངས་ཤིག
 
དག་གཙང་གི་བྲང་གཞུང་དུ་བབས་པའི་ཁྲེལ་དང་ཕྱི་ཐག་མི་གླེང་།
སྒྱུ་འཕྲུལ་གྱི་གཙང་བོར་གཡེང་བའི་འཇིག་རྟེན་གྱི་ཆོས་ཉིད་ཀྱང་མི་གླེང་།
འོན་ཀྱང་། རྣམ་ཁོ་ལགས།
ཁྱེད་ཀྱིས་ཀྱང་རང་ལ་གསལ་བའི་སེམས་པ་གཅིག་པུ།
ཧ་ཅང་གཉོམ་ཆུང་ངང་གཞན་ལག་ཏུ་མི་འཇོག་པར་ཞུ།
 
ཚོད་ཚོད་ལ་དྲན་པ་སྨྲེང་བ། 
                           
བརྒལ་དཀའ་བའི་མཚན་མོ་མང་པོ་ཞིག་ལ།
ང་ནི་ལྷོད་ལ་འབབ་དཀའ་བའི་སྙིང་ཆུང་གི་འཕར་ལྡིང་ཁྲོད་ན་ལུས་ཡོད།
དུས་ཚོད་ཀྱི་གཙང་བོ་ཕྱིར་ལྡོག་མི་སྲིད་ན་འང་།
དྲན་པའི་ཁྲོད་དུ་ཁུ་སུམ་མེར་གྱུར་བའི་གཏམ་རྒྱུད་དེ་དག
ངའི་སྙིང་ཆུང་གི་ཁུད་དུ་མཛེས་སྡུག་གིས་བྱུར་བུར་བལྟམས་ཡོད་པ་ལ་ཨང་།

འཁོར་བའི་གཏིང་དུ་ཟུག་པའི་ཚོར་བའི་སྡུག་སྣང་དེ་དག་ནི།
ལོ་ཟླའི་མཛུབ་བར་ནས་ཟགས་པའི་བྱེ་མ་ལྟར།
ཁྱེད་ཀྱི་དྲན་པའི་ངོགས་སུ་ཡལ་བར་གྱུར་ན་ཡང་།
སྐྱིད་སྡུག་གི་ཆར་ཆུས་ང་རང་ཕྱི་ནང་མེད་པར་བརླན་རྗེས།
ངས་ཁྱེད་རང་ང་ཡི་སྤང་ཁར་མེ་ཏོག་བཞིན་བཞད་པར།
སྨོན་ལམ་ཡང་ཡང་བཏབ་ཡོད།

ངས་སླར་ཡང་མེ་ཏོག་ཅིག་སྙིམ་པར་བཏེགས་ཏེ་ཁྱེད་རང་བཙལ།
སྐབས་དང་སྐབས་སུ་ངས་མེ་ཏོག་དེ་ཁྱེད་རང་ཡིན་པར་སྙམ་ལ།
ཡང་སྐབས་རེར་རུས་པའི་གཏིང་ལ་འཐིམ་པའི་ཚ་གདུག་གི་གདུང་བ་དེ་དག་ཡིན་སྣང་ཤར།
ག་ལེར་ག་ལེར་ང་རང་མུན་ནག་གི་ཁྲོད་དུ་ལུས་སོང་།
འུ་གཉིས་ཀྱི་བར་དུ་མུན་པ་ཁམ་གང་དང་བརྩེ་བ་མཐོ་གང་ལས་མི་འདུག

སྡུག་བསྔལ་མཚོན་བྱེད་དུ།

ཁྱོད་ཀྱི་མིག་མདངས་ཁྲོད་ནས།
ངས་རང་གི་ནང་སེམས་རྙེད་མ་བྱུང་།
ཡིན་ཡང་། ངས་ཁྱོད་ཀྱི་སེམས་རྩར་བཏབ་པའི་མེ་ཏོག་དེ།
ཁྱོད་ཀྱི་མིག་མདངས་ཁྲོད་ན་རྙིད་ཀྱིན་པ་མཐོང་བྱུང་།

རྒྱུས་ཡོད་ཀྱི་གཞས་དེའི་ནང་ནས་ངས་ཁྱེད་རང་རྙེད་ཐབས་བྱས་ཀྱང་།
སྡུག་བསྔལ་གྱི་ཡོལ་བས་འདས་སོང་དག་རྙེད་ཐབས་མི་འདུག
དུས་ཚོད་ཀྱི་ཡོལ་ངོས་སུ་བརྙན་རིས་བཞིན་འཆར་ཡོང་བ་ཐ་དག
ད་ནི་བཤད་སྙིང་མེད་པའི་སྐད་ཆ་ཁྲོད་དུ་སིམ་ཡོད།

བྲལ་བ་ནི་ངེད་གཉིས་ལ་ཆེས་ཉེ་བའི་གནས་ལུགས་དེ་ཡིན།
མེ་ཏོག་རྙིད་པའི་དུས་ཚིགས་འདི་ཡང་ལས་དབང་ཞིག་དང་འདྲ།
ང་རང་སྐད་ཆ་དང་བྱ་བྱེད་མེད་པར་ཡུན་རིང་བོར་ལུས།
འཇིག་རྟེན་འདི་འང་རེ་ཞིག་དབུགས་ཆད་པ་ལྟར་ལུས།
ཁྱོད་དང་ང་རང་འགྲོགས་པའི་གྲིབ་མའི་ནང་ལ།
འཇིག་རྟེན་གྱི་མག་མོག་མཚོན་བྱེད་ཀྱི་ཐ་སྙད་མང་པོ་འབྱར་འདུག

ནང་སེམས་ཀྱི་འཁྲུལ་བ་ཆེན་པོ་དེས་ང་རང་རབ་ཏུ་གཙེ་བར་བྱས།
སྡུག་བསྔལ་གྱི་ཤུབས་ནང་དུ་ལུས་པའི་ཚེ་སྲོག་འདི་འང་མེ་ཏོག་དང་ལྷན་དུ་རྙིད་པར་བྱས།
ང་རང་ཁྱོད་ཀྱི་མིག་གོང་ལ་འཛུལ་ཞིང་།
རླངས་པར་གྱུར་ནས་ཁ་རྣ་དང་བུ་ག་སོ་སོ་ནས་ཕྱིར་བུད།
                     ༢༠༡༩ ༩ ༡༡ཉིན།

          གཅེས་ཕྲུག་ཚོར་ཕུལ་བ།

ཁྱེད་ཅག་ཡུན་རིང་འཁྱགས་པའི་བདག་གི་སེམས་སུ་བཞད་པའི་མེ་ཏོག་གི་ཚོམ་བུ།
ཁྱེད་ཅག་གདངས་ཉམས་པའི་ཁེར་རྐྱང་གི་སྣེ་རུ་ཤན་པའི་འོད་ཀྱི་གོང་བུ།
ཁྱེད་ཅག་ང་དང་ངའི་རྨི་ལམ་གྱི་རབ་ཁར་བབས་པ་ནས།
ཁེ་ཕན་དང་འདོད་རྔམ་ཐ་དག་དུར་ལ་སྦས་ཏེ།
རང་ལ་དབང་བའི་ནམ་མཁའ་ཞིག་སྲུང་བཞིན་ཡོད།

ང་ཡིས་བག་ལྷོད་པའི་ལག་ཟུང་ཕར་བསྲིངས་ཏེ།
ཁྱེད་ཅག་ལ་མིག་གིས་ཟིན་ཐབས་མེད་པའི་རྒྱང་རིང་མི་སྟོན།
མུན་ནག་དང་སྐྱ་འཐབ་པའི་ཡིག་འབྲུ་རེ་རེ་བེད་སྤྱད་ནས།
ཁྱེད་ཅག་ལ་སྒྲོམ་ཞིག་བཟོ་འདོད་ཀྱང་མི་འདུག

སེམས་ཀྱི་མངའ་ཐང་ཁྱེད་ཅག་རང་ལ་དབང་བས།
རྩྭ་ཐང་གདན་དུ་བཏིང་ཞིང་།
སྤྲིན་དཀར་གོས་སུ་གྱོན་ནས།
རང་དབང་ངང་ཉི་འོད་ལོངས་སུ་སྤྱོད་དང་།
སླར་ལྡོག་མི་སྲིད་པའི་དུས་ཚིགས་འདིའང་ཇེ་ཡག་ཏུ་འགྲོ་ངེས།
        
   བུ་ཆུང་སངས་རྒྱས་དོན་འགྲུབ་ལ་ཕུལ་བ།

  བུ་ཆུང་ལགས། ཁྱེད་རང་སྐྱེས་པའི་ཉིན་དང་པོར།
  ཨ་ཕས་སྨོན་ལམ་རྣམ་དག་ཅིག་བཏབ་རྗེས།
  ཁྱེད་རང་པང་དུ་བླངས་ཤིང་།
  སེམས་ཀྱི་བརྩེ་བ་མཚོན་པའི་འོ་ཞིག་བྱས།

  ཁྱེད་ཀྱི་བྱུང་བས་ཨ་ཕའི་སྐྱོ་གདུང་གི་སྨུག་སྤྲིན་སྐད་ཅིག་ཉིད་དུ་ཡལ།
  དུས་ཚོད་ཀྱི་འཁྱུག་འགྲོས་ལས་བཞུར་བའི་ངལ་དུབ་ཐ་དག་ཀྱང་རླུང་ལ་སྤུར།
 
  བུ་ཆུང་ལགས། ཨ་ཕས་བརྩེ་བའི་ཁ་དོག་ཕྱི་རུ་བཏོན་ནས།
  ཁྱེད་ལ་བདེ་སྐྱིད་ལྡན་པའི་སྙན་ངག་ཞིག་ཀྱང་འབྲི་གྱིན་ཡོད།
  ཨ་ཕས་མི་ཚེ་གང་བོར།
  ཨ་ཅེ་དང་ཁྱེད་གཉིས་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས།

  བུ་ཆུང་ལགས། ཨ་ཕ་དྭངས་གཙང་ལ་སྨོན་པ་ཇི་བཞིན།
  ཁྱོད་ཀྱིས་ཀྱང་དྭངས་གཙང་གི་འཚོ་བ་ཞིག་རོལ་ཐུབ་པར་ཤོག
  དེ་ཙམ་གྱིས། ཨ་ཕ་ཧ་ཅང་མགུ།
        
གཉའ་ཆག་པའི་མི་རབས།

འུ་ཅག་ཉི་འོད་ཀྱི་ཀློང་དུ་བསྡད་དེ་ཀ་ཁའི་མཚེར་སར་དབྱངས་ཀྱི་འདོགས་ཆ་བཟོ།
འུ་ཅག་དྲག་ཏུ་བརྒྱུགས་པའི་ཤྭ་འོད་ཀྱིས་རབ་ཁ་བརྒྱུད་ནས་གང་དུ་འགྲོའམ།
འུ་ཅག་ཕ་རིའི་རྡུལ་འཚུབ་ཀྱིས་གཡོགས་པའི་གངས་རི་མཐོང་བྱེད་ཀྱི་མེ་ལོང་ཡིན་འོས།
འུ་ཅག་དམིགས་མེད་ཀྱི་སྦྲང་ནག་ཞིག་ཏུ་སྤྲུལ་ནས་སྐད་ཅིག་མའི་མེ་ཏོག་ལ་འཁོར་རམ།
འུ་ཅག་མཚན་སྨག་གིས་བསྒྲིབས་པའི་རྩྭ་ཐང་གི་ལག་ཟུང་ཡིན་འོས།

འུ་ཅག་ནར་སོན་པ་ནི་འཆི་བའི་སྟ་གོན་ཡིན་ནམ།
འུ་ཅག་གཉོམ་ལག་མ་རྒྱས་པའི་སྔོན་ལ་རྒས་ཉམས་ཤོར་དོན་སུ་ཞིག་ལན་ནམ།
འུ་ཅག་གཡུལ་གྱི་དོ་རར་མཚོན་གྱིས་ཕོག་པའི་རི་དྭགས་རྨས་མ་ཞིག་ཏུ་གྱུར་པའི་ཚེ།
འུ་ཅག་ཟུག་རྔུ་མེད་པར་སྤྱང་ཁྱིས་དེད་དེ་གང་དུ་འབྲོའམ།
འུ་ཅག་བྱེ་ཐང་གི་སྐོམ་གདུང་ཁུར་བའི་བྱེ་མའི་མེ་ཏོག་རེ་རེར་གྱུར་རྗེས།
ངེས་མེད་རླུང་བུས་སྤུར་ཏེ་ཕྱོགས་བཞིར་འཁུར་ནས་གང་དུ་འབབ་བམ།
འུ་ཅག་ནད་མེད་འཁུན་སྒྲས་ཆོ་ངེ་འདེབས་མཁན་གྱི་སྡར་མ་ཞིག་ཏུ་གྱུར་དོན།
སྲོས་ལ་སྐྱེས་པའི་བྱིས་པ་དག་གིས་བོའུ་མཆུ་རང་ལ་གཏད་དེ།
མུན་པའི་སྒོ་ཡོལ་བརྒྱབ་ནས་ཁྱེད་ཀྱི་རི་ལུང་ཁེར་རྐྱང་དུ་བཏང་བས་ལན་ནམ།

འུ་ཅག་གིས་སེམས་པ་རལ་བའི་ཚིག་དང་ཐ་སྙད་སྤུངས་ཏེ།
ཀ་ཁའི་ཁ་ངོ་མག་མོག་ཏུ་བཏང་རྗེས།
རྒྱང་རིང་ན་སྐར་མའི་འཇིག་རྟེན་དང་མཉམ་དུ་མག་མོག་ཏུ་འགྱུར་བཞིན་པའི་ལྷ་དང་ལྷ་མོས།
འུ་ཅག་གི་རྣམ་ཤེས་ཀྱི་མདུན་དུ་སྙིང་རྗེ་མེད་པར་མིག་ཆུ་གསོག་བྱེད་ཀྱི་མཚོ་མོ་ཞིག་བསྐྱིལ་དོན།
འུ་ཅག་གི་རྐང་རྗེས་སྦེད་ས་མེད་པར་ཚེར་མས་ཁེངས་པའི་དམྱལ་བར་ལྷུང་བས་ཡིན་ནམ།

འུ་ཅག་དབྱངས་གསལ་གྱི་རྩྭ་ཐང་ནས་ཕྱིར་དྲན་གྱི་བྲག་གསེབ་ཏུ་ལྷུང་བའི་བྱེའུ་ཞིག་སྟེ།
འུ་ཅག་སྡོད་ས་གནས་ཡུལ་ནམ་མཁའ་མེད་པར་རང་དབང་གི་གཤོག་པ་གང་དུ་རྐྱོང་ངམ།
འུ་ཅག་མུར་ཅོལ་སྨྲ་ལ་རྒྱབ་རྟོན་བྲལ་བའི་དྭ་ཕྲུག་ཅིག་དང་མཚུངས་པར།
ནམ་མཁའི་ངོ་གདོང་ལས་བཞུར་བའི་སྡུག་བསྔལ་གྱི་སྤྲིན་ནག་གིས་མཐོང་ལམ་བསྒྲིབས་པའི་ལོང་པ་ཞིག་ཏུ་གྱུར།

འུ་ཅག་ཚེ་སྲོག་གི་རྨ་ཁར་བརྡབས་པའི་ལྕགས་ཀྱི་གཟེར་མ་རེ་རེ་དང་འདྲ་བར།
ལོ་རྒྱུས་ཀྱི་མེ་ཏོག་རེ་རེ་གཞོམ་རྗེས་འཆི་འཕོས་ཀྱི་གཡང་དུ་ལྷུང་།
འུ་ཅག་ཕྱི་རོལ་གྱི་སྒེའུ་ཁུང་ཁར་འགྲེང་སྟེ་དགུན་གྱི་བ་མོའི་ནང་གི་རྨི་ལམ་ལ་ལག་སྙོབ་བྱེད་ཚེ།
ལས་ཀྱི་བུ་ལོན་ལྕི་མོས་སྙིང་ཁར་ན་ཟུག་གི་ཁབ་མིག་བརྒྱུས་ཏེ་དྲན་པར་འཚེམ་བུ་བརྒྱབ།
འུ་ཅག་ཁ་ཁུ་སིམ་པའི་ལོ་ཟླའི་ངོས་སུ་དཔྱངས་པའི་ཐོ་ཡོར་ནག་པོ་སྟེ།
སྨག་ནག་པའི་ཕ་མཐའ་བརྒལ་བར་སྟ་གོན་ཙམ་ཡང་བྱེད་མ་ཕོད་པར་རང་སོར་ལུས།
འུ་ཅག་བརྩེ་གདུང་མེད་པའི་སྒྱུ་འཕྲུལ་གྱི་རོལ་རྩེད་ཁྲོད་དུ་གོམ་པ་ཡང་མོ་སྤོས་ཙམ་གྱིས།
མིག་ཀོང་ལས་དགའ་སྡུག་གི་ཆར་བ་མངོན་སུམ་འབབ་པའི་དུས་ཀྱི་མཐའ་མར་སྙིགས།

འུ་ཅག་རྒུད་པའི་སྣེ་མོར་མཐུད་དེ་མར་ངོའི་ཟླ་བར་གྱུར་རྗེས།
འུ་ཅག་ཀྲོང་ངེར་འགྱིང་བའི་པོ་ཏ་ལའི་གཟི་འོད་ཁྲོད་དུ་འཐིམ་པའི་འབུ་མེ་ལྕེབས་ཤིག་ཏུ་གྱུར།
འུ་ཅག་རྡོ་བའི་ངོས་དང་ཡིག་རྙིང་གི་གསེབ་ཏུ་ལྷུང་བའི་ཁ་བའི་འདབ་མ་རེ་རེར་གྱུར་རྗེས།
འུ་ཅག་མདངས་ཡལ་བའི་མེ་ལོང་གི་ནང་དུ་ཨམ་གཙིགས་དམ་པོར་བསྡམས་པའི་ཁྱི་སྨྱོན་ཞིག་ཏུ་གྱུར།
འུ་ཅག་གིས་མུན་པའི་མིག་ཟུང་ལས་སྐྱེས་པའི་རྣམ་ཤེས་ཀྱི་ཟོ་ཆུན་བསྐོར་དུས།
ཆོས་སྐད་སྒྲོག་པའི་གཅན་གཟན་དང་རི་དྭགས་སོགས་ཀྱིས་ཧབ་ཆ་རྒྱག
འུ་ཅག་མཚན་ལམ་རིང་མོའི་འཇིགས་སྐྲག་ལ་གཡུལ་འཐབ་པའི་འུག་པ་ཞིག་དང་འདྲ་བར།
ཉིན་མོའི་མཐོང་ལམ་ནས་གར་སོང་ཆ་མེད་དུ་གྱུར།
               ༢༠༢༤ལོའི་ཟླ༤པའི་ཚེས༡ཉིན་ལ།

ཨ་ཕའི་ལྷ་ས།

ཨ་ཕ་ལྷ་སར་ཐེངས་གཅིག་འབྱོར་མ་མྱོང་ན་ཡང་།
ལྷ་ས་ནི་ཨ་ཕའི་ཚེ་ནོམ་ཡིན་ཟེར།
ཆུང་དུས་སུ།ལྷ་ས་ལྷ་ས་ཞེས་འབོད་དུས།
ལྷ་ས་ནི་ལྷ་ཡུལ་རེད་སྙམ།
ངས་ཡང་དང་བསྐྱར་དུ་བསམ་བློ་ཇི་ལྟར་བཏང་ཡང་།
ལྷ་ས་ལས་ལྷག་པའི་མཛེས་སྡུག་གི་དག་ཞིང་ཞིག་མེད་པར་བསམས།

ལྷ་ས་རུ་ངས་རང་གི་ཅི་ཞིག་ལུས་ཡོད་པ་མི་ཤེས་ཀྱང་།
ལྷ་ས་ནི་ཨ་ཕའི་ཚེ་ནོམ་ཡིན་ཟེར་བས།
ང་རང་ལྷ་ས་ལ་དགའ་ཞིང་།ལྷ་སའི་མིང་ནས་འབོད་པར་དེ་ལས་ཀྱང་དགའ།
ཡང་ལྷ་ས་ལྷ་ས་ཞེས་འབྲི་དུས།
ངས་རྨོ་མོས་བཤད་པའི་གནའ་གཏམ་ཁ་ཤས་དྲན་བྱུང་།
གནའ་གཏམ་དེ་དག་གི་ཁྲོད་དུ།
ལྷ་ས་ནི་རྣམ་ཤེས་ལ་བྱི་དོར་བྱེད་སའི་གནས་མཆོག་ཅིག་ཡིན་རབས་བཤད་པས།
ང་རང་ལྷ་ས་ལ་ལྷག་ཏུ་དགའ་བར་གྱུར།

མ་གཞི་ལྷ་ས་ནི་ཨ་ཕའི་ལྷ་ས་ཡིན་ལ།
རྨོ་མོའི་ལྷ་ས་འང་ཡིན་འདུག་པས།
ངས་ལྷ་ས་ནི་བོད་མི་རྣམས་ཀྱིས།
དད་པའི་ཕྱག་གིས་སྨོན་ལམ་རྒྱག་ས་ཞིག་ཡིན་པ་ཤེས།

ཕྱིས་སུ།ངས་ལྷ་ས་དང་འབྲེལ་བའི་སྙན་ངག་མང་པོ་ཞིག་བཀླགས་པ་ཡིན།
ལྷ་ས་དང་འབྲེལ་བའི་ལོ་རྒྱུས་ཇི་སྙེད་ཅིག་ལ་བལྟས་པ་ཡིན།
ད་གཟོད་ལྷ་ས་ནི་མེས་པོའི་ཚོའི་བླ་མཁར་ཡིན་པ་ཤེས།
ལྷ་ས་ནི་དུས་ཚོད་ཀྱི་སྔ་ནུབ་ཏུ་འཐོར་ཞིག་ཏུ་སོང་བའི།
ཁེར་རྐྱང་གི་ཕོ་བྲང་ཞིག་ཡིན་པ་ཚོར།

ད་ལྟ་ད་དུང་།ཨ་ཕ་ལྷ་སར་འགྲོ་མ་ཐུབ་ནའང་།
ཨ་ཕས་ལྷ་ས་སྔར་བཞིན་ཚེ་ནོམ་ཞིག་ཏུ་སེམས་བཞིན་འདུག
ཡིན་ཡང་།ཨ་ཕ་མ་གཏོགས།
ལྷ་ས་ནི་རང་གི་ཚེ་ནོམ་དུ་རློམ་མཁན་ཇེ་ཉུང་དུ་འགྲོ་བཞིན་འདུག

ངས་མིག་ཟུང་བཙུམ་ནས་ལྷ་ས་དྲན་ན།
ཡིད་ངོར་བུམ་པ་རིའི་རྒྱབ་མདུན་ཡོངས་སུ་འཆར་ཞིང་།
ལོ་རྒྱུས་ཀྱི་རྒས་གཉེར་བརྩིགས་པའི་ལྷ་སའི་ཕོ་བྲང་ན།
ཁུ་སིམ་མེར་བཞུགས་པའི་ལྷ་ཚོགས་ཀྱིས།
འུར་ཟིང་ལ་གཡེང་བའི་མི་རྣམས་བསྐྱུར་ནས།
སུས་ཀྱང་མི་ཤེས་པའི་རྒྱང་རིང་ཞིག་ཏུ་ཕེབས་བཞིན་ཡོད་སྣང་ཤར།

ཡིན་ཡང་།ཨ་ཕས་ལྷ་ས་ནི་ཚེ་ནོམ་ཡིན་ཟེར་བས།
ལྷ་ས་ནི་ཨ་ཕའི་ལྷ་ས་ཡིན་ལ།
ང་ཡི་ལྷ་ས་ཡང་ཡིན་པས།
ལྷ་ས་ནི་ང་ཡི་ཚེ་ནོམ་ཡིན་ལ།
ང་ཚོའི་ཚེ་ནོམ་འང་ཡིན་པ་དྲན་ན།
ལྷ་སས་ང་ཚོ་བསྐྱུར་མི་སྲིད་ལ།
ང་ཚོས་ཀྱང་ལྷ་ས་བརྗེད་ག་ལ་རུང་ཨང་།
                ༢༠༢༢ལོའི་ཟླ༣ཚེས༢༤ཉིན་ལ།

བདག་མེད།

དེ་ནས་ང་རང་ས་ཆེན་རྡོག་པས་བརྫིས་པའི་བང་ཆེན་ཞིག་ཏུ་སྐྱེས།
ང་ཡིས་དུས་ཚོད་ཀྱི་ཤིང་རྟ་དྲུད་དེ་རྡོ་བའི་གླིང་ཕྲན་ཞིག་ཏུ་ཆས།

དེ་ནས་ང་རང་རལ་བ་རླུང་གིས་སྐྱོད་པའི་སེང་གེ་ཞིག་ཏུ་སྐྱེས།
ང་ཡིས་རྨོངས་པའི་ནགས་ཚལ་ནང་དུ་རྒྱུ་བའི་རི་དྭགས་ཐམས་ཅད་བདག་གིར་བྱས།

དེ་ནས་ང་རང་འཁོར་བའི་འདམ་ལས་བུད་པའི་གངས་རི་ཞིག་ཏུ་སྐྱེས།
ཤེལ་དཀར་ལྟ་བུའི་ཞི་འཇམ་གྱི་བརྩེ་བས་ཁྱེད་རང་ང་ཡི་སྙིམ་པར་བླངས།

དེ་ནས་ང་རང་གངས་རི་འཕྲེད་ཀྱིས་གཅོད་པའི་བྱ་རྒོད་ཞིག་ཏུ་སྐྱེས།
ང་ཡིས་བོར་ཟིན་པའི་དོན་སྙིང་ཡོད་ཚད་ལ་ནམ་མཁའ་གཞན་ཞིག་བསྐྲུན།

དེ་ནས་ང་རང་དབེན་པའི་གནས་སུ་འཚེར་བའི་སྐར་མ་ཞིག་ཏུ་གྱུར།
ང་ཡིས་རང་ཁྱིམ་བོར་བའི་དྭ་ཕྲུག་ཅིག་ལ་བགྲོད་ལམ་བསྩལ།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མྱུག་ཆར་གྱི་སྙན་ངག་བདམས་བཀོད།

2025-06-21 མྱུག་ཆར།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།