ཁུ་སིམ་པའི་སྒྲ་ཞེས་པའི་གཞས་ཚིག་ཨིན་བོད་ཤན་སྦྱར་མ།

          The sound of silence

              Words and Music by Paul Simon

Hello darkness, my old friend
I’ve come to talk with you again

Because a vision softly creeping
Left its seeds while I was sleeping

And the vision that was planted in my brain
Still remains

Within the sound of silence

In restless dreams I walked alone

Narrow streets of cobblestone
‘Neath the halo of a streetlamp
I turned my collar to the cold and damp
When my eyes were stabbed by the flash of a neon light

That split the night
And touched the sound of silence

And in the naked light I saw
Ten thousand people, maybe more

People talking without speaking

People hearing without listening
People writing songs that voices never share
No one dare

Disturb the sound of silence

“Fools” said I, “You do not know
Silence like a cancer grow
Hear my words that I might teach you
Take my arms that I might reach you”

But my words like silent raindrops fell


And echoed in the wells of silence
And the people bowed and prayed

To the neon god they made

And the sign flashed out its warning
In the words that it was forming

And the sign said “The words of the prophets

Are written on subway walls
And tenement halls
And whispered in the sounds of silence”

             ཁུ་སིམ་པའི་སྒྲ།

                 
 
                    P.Simonགྱིས་བརྩམས།
                  

འགྱུར་དང་པོ།

ཀྭ་ཡེ་མུན་པ་ཡུན་རིང་འདྲིས་པའི་གྲོགས་པོ།།
ང་ནི་སླར་ཡང་ཁྱོད་སར་བགྲོ་བར་ཡོང་ཡོད།།
གང་ཚེ་བདག་ནི་གཉིད་ཀྱི་ཞིང་དུ་འགྲིམ་དུས།།
རྣམ་རྟོག་ཅིག་ནི་དལ་བུར་འཇབ་སྟེ་འོངས་ཤིང་།།
ས་བོན་ཞིག་ནི་དེ་ལ་བཞག་སྟེ་བུད་སོང་།།
དེ་ནི་བདག་གི་བློ་ལ་བཏབ་པར་བྱས་པ།།
ཁུ་སིམ་པ་ལ་ཐིམ་སྟེ་ལྷག་ནས་ཡོད་དོ།།



ང་ནི་གཅིག་པུར་རྨི་ལམ་འཚུབ་པོ་འགྲིམ་ཞིང་།།
རྡེའུ་ཧྲུག་བཏིང་པའི་ཁྲོམ་ལམ་དོག་མོ་བརྒལ་ཏེ།།
འོད་གུར་ཕུབ་པའི་ལམ་སྒྲོན་འོག་ཏུ་བསྡད་དོ།།
གློག་བཞུའི་འོད་ཀྱིས་བདག་གི་མིག་ལ་གཙེ་ཞིང་།།
མཚན་མོ་གཤགས་ཏེ་ཁུ་སིམ་སྒྲ་ལ་རེག་དུས།།
གྲང་ངར་འགོག་ཕྱིར་གོང་བ་ཡར་ལ་འཐེན་བཞག།

གློག་འོད་རྗེན་པ་ཧྲེང་ངེར་འཕྲོས་པའི་འོག་ཏུ།།
ཁྲི་ཕྲག་སྐྱེ་བོའམ་དེ་ལས་མང་བ་མངོན་ཡོང་།།
ཕན་ཚུན་མོལ་ཡང་སྨྲ་བ་མེད་པར་འདུག་ལ།།
སྒྲ་ནི་ཐོས་ཀྱང་ཉན་གྱིན་མེད་པར་འདུག་གོ།།
གཞས་ནི་རྩོམ་ཡང་ལེན་རོགས་གཅིག་ཀྱང་མི་འདུག།།
ཁུ་སིམ་པ་དེ་དཀྲོག་ནི་སུས་ཀྱང་མི་ཕོད།།

དེའི་ཚེ་བདག་གིས་ཁོ་ཚོར་གཏམ་དུ་སྨྲས་པ།།
ཀྭ་ཡེ་བླུན་པོ་ཁྱོད་ཅག་རྨོངས་པར་འདུག་སྟེ།།
ཁུ་སིམ་པ་ནི་སྐྲན་བཞིན་སྐྱེ་བར་འདུག་གོ།
ང་ལ་ཉོན་དང་བསླབ་བྱ་ཡོད་ཀྱང་སྲིད་དོ།།
དཔུང་བར་སྙོབས་དང་ཁྱོད་ལ་རྩེབས་ཀྱང་སྲིད་དོ།།
འོན་ཏེ་ང་ཡི་གཏམ་ནི་ཁུ་སིམ་ཆར་བ།།
ཁུ་སིམ་ཁྲོན་པར་ལྷུང་སྟེ་བྲག་ཅ་ཆལ་ཆིལ།།

གློག་བཞུའི་ལྷ་གཅིག་རང་གིས་བཟོས་པ་གང་དེར།།
སྐྱེ་བོ་རྣམས་ཀྱིས་ཕྱག་འཚལ་གསོལ་བ་འདེབས་སོ།།
གློག་བཞུའི་ཐ་ཚིག་བརྡ་ཡི་རྣམ་པར་འཕྲོ་ཞིང་།།
ཡི་གེའི་གཟུགས་སུ་གྲུབ་སྟེ་འདི་སྐད་ཅེས་སོ།།
ཅི་སྟེ་ལུང་བསྟན་མཁན་གྱི་གསུང་གི་རི་མོ།།
ས་འོག་གྱང་དང་གཞིས་ཀའི་ཁྱམས་སུ་བྲིས་ཡོད།།
དེ་ཡང་ཁུ་སིམ་སྒྲ་རུ་ཤུབ་བུར་མཆེད་སོང་།།

འགྱུར་གཉིས་པ།

ཨ་རོ་རོགས་གཅེས་མུན་པ།།
ང་ནི་སླར་ཡང་ཁྱོད་སར།།
ཁ་བརྡ་བྱེད་པར་ཡོང་ཡོད།།
ཡོང་དོན་ཅི་ཡིན་ཟེར་ན།།
ང་རང་གཉིད་དེ་ཡོད་དུས།།
རྣམ་རྟོག་འཇབ་ནས་ཡོང་སྟེ།།
དེ་ཡི་ས་བོན་གཏོར་ཅིང་།།
ང་ཡི་བློ་ལ་བཏབ་པ།།
ཁུ་སིམ་སྒྲ་ལ་ཐིམ་ནས།།
ད་དུང་དེ་ན་ལྷག་འདུག།

རྨི་ལམ་འཚུབ་པོའི་ནང་གི།
གྲམ་པའི་ལམ་ཕྲན་བརྒྱུད་ནས།།
ང་རང་གཅིག་པུར་སོང་ཞིང་།།
ལམ་སྒྲོན་འོད་གུར་ཆི་ལེར།།
གློག་འོད་ལམ་ལམ་འཁྱུག་པས།།
ང་ཡི་མིག་ལ་གཙེ་སྟེ།།
མཚན་མོ་དུམ་བུར་གཤགས་ནས།།
ཁུ་སིམ་སྒྲ་ལ་རེག་དུས།།
ང་ཡིས་གོས་ཀྱི་གོང་བ།།
ཡར་ལ་འཐེན་ཙམ་བྱས་ཏེ།།
བརླན་དང་གྲང་བ་བཀག་བསྡད།།

དཀར་གསལ་གློག་འོད་འཕྲོས་པས།།
སྐྱེ་བོ་ཁྲི་ཕྲག་མ་ཟད།།
དེ་ལས་མང་བ་མངོན་ཡོང་།།
ཕན་ཚུན་ཁ་བརྡ་བྱེད་ཀྱང་།།
ཅི་ཡང་བཤད་ཀྱིན་མི་འདུག།
སྐད་སྒྲ་ཐོས་ནི་ཐོས་མོད།།
ཉན་གྱིན་མེད་པར་འདུག་གོ།།
གཞས་ནི་རྩོམ་གྱིན་འདུག་མོད།།
ལེན་རོགས་གཅིག་ཀྱང་མི་འདུག།
སུས་ཀྱང་ཁུ་སིམ་སྒྲ་དེ།།
དཀྲོག་ནི་ཡེ་ནས་མི་ཕོད།།

དེའི་ཚེ་ང་ཡིས་ཁོ་ཚོར།།
སྐད་ཆ་འདི་འདྲ་ཐལ་སོང་།།
ཀྭ་ཡེ་ཀློས་རྒན་ཁྱོད་ཚོས།།
ཤེས་ནི་མི་ཤེས་ངེས་ཏེ།།
ཁུ་སིམ་པ་ཡི་སྐྲ་དེ།།
སྐྲན་བཞིན་སྐྱེ་བར་འདུག་གོ།།
རྣ་བ་ང་ལ་གཏོད་དང་།།
བསླབ་བྱ་ཡོད་ཀྱང་སྲིད་དོ།།
ང་ཡིས་དཔུང་བར་སྙོབས་དང་།།
ཁྱོད་ལ་རྩེབས་ཀྱང་སྲིད་དོ།།
འོན་ཀྱང་ང་ཡི་གཏམ་ནི།།
ཁ་ཁུ་སིམ་པའི་ཆར་བ་།།
ཁུ་སིམ་ཁྲོན་པར་ལྷུང་སྟེ།།
བྲག་ཅ་ཆལ་ཆིལ་བྱེད་དོ།།

འཇིག་རྟེན་སྐྱེ་བོ་དེ་ཚོས།།
རང་གི་འདོད་པ་ལྟར་དུ།།
གློག་བཞུའི་ལྷ་གཅིག་བཟོས་པར།།
ཕྱག་འཚལ་གསོལ་བ་འདེབས་སོ།།
གློག་བཞུ་ཁྲ་ཆིལ་དགུ་ཆིལ།།
བརྡ་ཡི་རྣམ་པར་འཕྲོ་ཞིང་།།
ཡི་གེའི་གཟུགས་སུ་གྲུབ་ནས།།
འདི་ལྟར་གཏམ་དུ་ཐལ་ལོ།།
ལུང་བསྟན་མཁན་གྱི་གསུང་རྣམས།།
ས་འོག་མེ་འཁོར་འཇུག་སའི།།
གྱང་གི་ངོས་སུ་ཡོད་ཅིང་།།
གཞིས་ཀའི་ཁྱམས་སུའང་བྲིས་ཡོད།།
དེ་ཡང་ཁུ་སིམ་སྒྲ་རུ།།
ཤབ་ཤུབ་མཆེད་ནས་འདུག་གོ།།

     ༢༠༡༤ལོའི་ཟླ་༧པའི་ཚེས་༤ཉིན།

             སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་སིམ་པའི་སྒྲ་ཞེས་པའི་གཞས་ཚིག་ཨིན་བོད་ཤན་སྦྱར་མ།

2014-09-04 Paul Simon ཀློག་གྲངས། མཆན ཡོད།

          The sound of silence

              Words and Music by Paul Simon

Hello darkness, my old friend
I’ve come to talk with you again

Because a vision softly creeping
Left its seeds while I was sleeping

And the vision that was planted in my brain
Still remains

Within the sound of silence

In restless dreams I walked alone

Narrow streets of cobblestone
‘Neath the halo of a streetlamp
I turned my collar to the cold and damp
When my eyes were stabbed by the flash of a neon light

That split the night
And touched the sound of silence

And in the naked light I saw
Ten thousand people, maybe more

People talking without speaking

People hearing without listening
People writing songs that voices never share
No one dare

Disturb the sound of silence

“Fools” said I, “You do not know
Silence like a cancer grow
Hear my words that I might teach you
Take my arms that I might reach you”

But my words like silent raindrops fell


And echoed in the wells of silence
And the people bowed and prayed

To the neon god they made

And the sign flashed out its warning
In the words that it was forming

And the sign said “The words of the prophets

Are written on subway walls
And tenement halls
And whispered in the sounds of silence”

             ཁུ་སིམ་པའི་སྒྲ།

                 
 
                    P.Simonགྱིས་བརྩམས།
                  

འགྱུར་དང་པོ།

ཀྭ་ཡེ་མུན་པ་ཡུན་རིང་འདྲིས་པའི་གྲོགས་པོ།།
ང་ནི་སླར་ཡང་ཁྱོད་སར་བགྲོ་བར་ཡོང་ཡོད།།
གང་ཚེ་བདག་ནི་གཉིད་ཀྱི་ཞིང་དུ་འགྲིམ་དུས།།
རྣམ་རྟོག་ཅིག་ནི་དལ་བུར་འཇབ་སྟེ་འོངས་ཤིང་།།
ས་བོན་ཞིག་ནི་དེ་ལ་བཞག་སྟེ་བུད་སོང་།།
དེ་ནི་བདག་གི་བློ་ལ་བཏབ་པར་བྱས་པ།།
ཁུ་སིམ་པ་ལ་ཐིམ་སྟེ་ལྷག་ནས་ཡོད་དོ།།



ང་ནི་གཅིག་པུར་རྨི་ལམ་འཚུབ་པོ་འགྲིམ་ཞིང་།།
རྡེའུ་ཧྲུག་བཏིང་པའི་ཁྲོམ་ལམ་དོག་མོ་བརྒལ་ཏེ།།
འོད་གུར་ཕུབ་པའི་ལམ་སྒྲོན་འོག་ཏུ་བསྡད་དོ།།
གློག་བཞུའི་འོད་ཀྱིས་བདག་གི་མིག་ལ་གཙེ་ཞིང་།།
མཚན་མོ་གཤགས་ཏེ་ཁུ་སིམ་སྒྲ་ལ་རེག་དུས།།
གྲང་ངར་འགོག་ཕྱིར་གོང་བ་ཡར་ལ་འཐེན་བཞག།

གློག་འོད་རྗེན་པ་ཧྲེང་ངེར་འཕྲོས་པའི་འོག་ཏུ།།
ཁྲི་ཕྲག་སྐྱེ་བོའམ་དེ་ལས་མང་བ་མངོན་ཡོང་།།
ཕན་ཚུན་མོལ་ཡང་སྨྲ་བ་མེད་པར་འདུག་ལ།།
སྒྲ་ནི་ཐོས་ཀྱང་ཉན་གྱིན་མེད་པར་འདུག་གོ།།
གཞས་ནི་རྩོམ་ཡང་ལེན་རོགས་གཅིག་ཀྱང་མི་འདུག།།
ཁུ་སིམ་པ་དེ་དཀྲོག་ནི་སུས་ཀྱང་མི་ཕོད།།

དེའི་ཚེ་བདག་གིས་ཁོ་ཚོར་གཏམ་དུ་སྨྲས་པ།།
ཀྭ་ཡེ་བླུན་པོ་ཁྱོད་ཅག་རྨོངས་པར་འདུག་སྟེ།།
ཁུ་སིམ་པ་ནི་སྐྲན་བཞིན་སྐྱེ་བར་འདུག་གོ།
ང་ལ་ཉོན་དང་བསླབ་བྱ་ཡོད་ཀྱང་སྲིད་དོ།།
དཔུང་བར་སྙོབས་དང་ཁྱོད་ལ་རྩེབས་ཀྱང་སྲིད་དོ།།
འོན་ཏེ་ང་ཡི་གཏམ་ནི་ཁུ་སིམ་ཆར་བ།།
ཁུ་སིམ་ཁྲོན་པར་ལྷུང་སྟེ་བྲག་ཅ་ཆལ་ཆིལ།།

གློག་བཞུའི་ལྷ་གཅིག་རང་གིས་བཟོས་པ་གང་དེར།།
སྐྱེ་བོ་རྣམས་ཀྱིས་ཕྱག་འཚལ་གསོལ་བ་འདེབས་སོ།།
གློག་བཞུའི་ཐ་ཚིག་བརྡ་ཡི་རྣམ་པར་འཕྲོ་ཞིང་།།
ཡི་གེའི་གཟུགས་སུ་གྲུབ་སྟེ་འདི་སྐད་ཅེས་སོ།།
ཅི་སྟེ་ལུང་བསྟན་མཁན་གྱི་གསུང་གི་རི་མོ།།
ས་འོག་གྱང་དང་གཞིས་ཀའི་ཁྱམས་སུ་བྲིས་ཡོད།།
དེ་ཡང་ཁུ་སིམ་སྒྲ་རུ་ཤུབ་བུར་མཆེད་སོང་།།

འགྱུར་གཉིས་པ།

ཨ་རོ་རོགས་གཅེས་མུན་པ།།
ང་ནི་སླར་ཡང་ཁྱོད་སར།།
ཁ་བརྡ་བྱེད་པར་ཡོང་ཡོད།།
ཡོང་དོན་ཅི་ཡིན་ཟེར་ན།།
ང་རང་གཉིད་དེ་ཡོད་དུས།།
རྣམ་རྟོག་འཇབ་ནས་ཡོང་སྟེ།།
དེ་ཡི་ས་བོན་གཏོར་ཅིང་།།
ང་ཡི་བློ་ལ་བཏབ་པ།།
ཁུ་སིམ་སྒྲ་ལ་ཐིམ་ནས།།
ད་དུང་དེ་ན་ལྷག་འདུག།

རྨི་ལམ་འཚུབ་པོའི་ནང་གི།
གྲམ་པའི་ལམ་ཕྲན་བརྒྱུད་ནས།།
ང་རང་གཅིག་པུར་སོང་ཞིང་།།
ལམ་སྒྲོན་འོད་གུར་ཆི་ལེར།།
གློག་འོད་ལམ་ལམ་འཁྱུག་པས།།
ང་ཡི་མིག་ལ་གཙེ་སྟེ།།
མཚན་མོ་དུམ་བུར་གཤགས་ནས།།
ཁུ་སིམ་སྒྲ་ལ་རེག་དུས།།
ང་ཡིས་གོས་ཀྱི་གོང་བ།།
ཡར་ལ་འཐེན་ཙམ་བྱས་ཏེ།།
བརླན་དང་གྲང་བ་བཀག་བསྡད།།

དཀར་གསལ་གློག་འོད་འཕྲོས་པས།།
སྐྱེ་བོ་ཁྲི་ཕྲག་མ་ཟད།།
དེ་ལས་མང་བ་མངོན་ཡོང་།།
ཕན་ཚུན་ཁ་བརྡ་བྱེད་ཀྱང་།།
ཅི་ཡང་བཤད་ཀྱིན་མི་འདུག།
སྐད་སྒྲ་ཐོས་ནི་ཐོས་མོད།།
ཉན་གྱིན་མེད་པར་འདུག་གོ།།
གཞས་ནི་རྩོམ་གྱིན་འདུག་མོད།།
ལེན་རོགས་གཅིག་ཀྱང་མི་འདུག།
སུས་ཀྱང་ཁུ་སིམ་སྒྲ་དེ།།
དཀྲོག་ནི་ཡེ་ནས་མི་ཕོད།།

དེའི་ཚེ་ང་ཡིས་ཁོ་ཚོར།།
སྐད་ཆ་འདི་འདྲ་ཐལ་སོང་།།
ཀྭ་ཡེ་ཀློས་རྒན་ཁྱོད་ཚོས།།
ཤེས་ནི་མི་ཤེས་ངེས་ཏེ།།
ཁུ་སིམ་པ་ཡི་སྐྲ་དེ།།
སྐྲན་བཞིན་སྐྱེ་བར་འདུག་གོ།།
རྣ་བ་ང་ལ་གཏོད་དང་།།
བསླབ་བྱ་ཡོད་ཀྱང་སྲིད་དོ།།
ང་ཡིས་དཔུང་བར་སྙོབས་དང་།།
ཁྱོད་ལ་རྩེབས་ཀྱང་སྲིད་དོ།།
འོན་ཀྱང་ང་ཡི་གཏམ་ནི།།
ཁ་ཁུ་སིམ་པའི་ཆར་བ་།།
ཁུ་སིམ་ཁྲོན་པར་ལྷུང་སྟེ།།
བྲག་ཅ་ཆལ་ཆིལ་བྱེད་དོ།།

འཇིག་རྟེན་སྐྱེ་བོ་དེ་ཚོས།།
རང་གི་འདོད་པ་ལྟར་དུ།།
གློག་བཞུའི་ལྷ་གཅིག་བཟོས་པར།།
ཕྱག་འཚལ་གསོལ་བ་འདེབས་སོ།།
གློག་བཞུ་ཁྲ་ཆིལ་དགུ་ཆིལ།།
བརྡ་ཡི་རྣམ་པར་འཕྲོ་ཞིང་།།
ཡི་གེའི་གཟུགས་སུ་གྲུབ་ནས།།
འདི་ལྟར་གཏམ་དུ་ཐལ་ལོ།།
ལུང་བསྟན་མཁན་གྱི་གསུང་རྣམས།།
ས་འོག་མེ་འཁོར་འཇུག་སའི།།
གྱང་གི་ངོས་སུ་ཡོད་ཅིང་།།
གཞིས་ཀའི་ཁྱམས་སུའང་བྲིས་ཡོད།།
དེ་ཡང་ཁུ་སིམ་སྒྲ་རུ།།
ཤབ་ཤུབ་མཆེད་ནས་འདུག་གོ།།

     ༢༠༡༤ལོའི་ཟླ་༧པའི་ཚེས་༤ཉིན།

             སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།

               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།