གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁའི་ཀུ་ཅོ།༼རང་མོས༽

2013-09-11 15:54:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།


རླུང་དམར་ལྡང་ཐེངས་ཤིག་གིས
དབྱར་ཁའི་མིག་འབྲས་ཞར་བར་བྱས
སྤྲིན་པ་གྲང་མོ་དག
སྤྲང་པོ་དང་ཕྱུག་པོ་གཉིས་ཀྱི་ཀླད་དུ་འཐིབས

གད་སྙིགས་སུ་དོར་བའི་ཕྲུ་གུ་དམར་འབྱར་ཚོས
མཉམ་གཅིག་ཏུ་གླུ་གཞས་བཏང
མུན་ནག་ཀྱང་སྐྲན་ནད་ཀྱིས་ཟིན་པས
ཐམས་ཅད་ཀྱི་རྨི་ལམ་རབ་ཏུ་འཁྲུག

སི་རི་ཡའི་གཞུང་གིས་དམངས་དམར་གསོད་བྱས
ཨ་རིས་སི་རི་ཡར་འཇིགས་བསྐུལ
འཇིགས་སྐུལ་བས་ཨ་རི་ལ་ཉེན་ཁ་བཟོས
ཁྱོད་ཀྱིས་འཇིགས་སྐུལ་བ་ཟེར་བ་ཤེས་སམ

ཀླད་པ་གཅིག་ལས་མེད་པའི་ཚན་རིག་པ་དག་གིས
ཀླད་པ་བརྒྱད་ཅན་གྱི་ཁ་པར་ཞིག་བཟོས
སེམས་པ་གཅིག་ལས་མེད་པའི་ང་ཡིས
སེམས་པ་གཉིས་ཅན་ཁྱོད་ལ་སྙན་ངག་བྲིས

ཁང་བ་དེ་བཙོན་ཁང་རེད་ཤག
ལྡེ་མིག་དེ་ང་ལ་མི་དགོས
བསམ་བློ་དེ་ལྕགས་སྒྲོག་རེད་ཤག
དཔེ་ཆ་དེ་ང་ལ་མི་དགོས

འོ་ཇ་དཀར་ཡོལ་གང་བཏུང་བའི་རྗེས་སུ
སྟོང་བ་ཉིད་རྟོགས་པར་འགྱུར་ན
འགྲོ་ཁར་ཁྱོད་ཀྱི་འགྲམ་པར་འོ་ཞིག་བྱ་བ་དེ
འཁོར་བའི་སྙིང་བོ་ཡིན་པར་ངེས་སོ
                     2013 9 11





 

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།