ཁྱོད་མེད་པས།༼རང་མོས༽

ཁྱོད་མེད་པས
ནམ་མཁའ་འདི་ང་རང་བཙོན་དུ་འཇུག་བྱེད་ཀྱི་གཟེབ་ཆུང་ཆུང་ཞིག་ཏུ་གྱུར
ཁྱོད་མེད་པས
ང་རང་གང་དུ་འཕུར་ཡང་གཤོག་པ་ཞིག་སྟོང་བར་རླུང་གིས་སྐྱོད་པ་འདྲ
ཁྱོད་མེད་པས
ང་རང་ལྗིད་ཤུགས་མེད་པའི་ཀུ་ཤུ་ཞིག་ལྟར་མཁའ་དབྱིངས་ནས་རུལ1
ཁྱོད་མེད་པས
ང་ཡི་ཁ་པར་ནང་དུ་མུན་པ་འཐིབས་ནས་ཡི་གེ་ཚང་མ་ནག་པོར་གྱུར
ཁྱོད་མེད་པས
ང་རང་གཉིད་དུ་ཡུར་བར་བརྩམས   རྨི་ལམ་གྱི་ཤེལ་སྒོ་ཡོད་ཚད་ལས་ཁྱོད་རང་ཨེ་འཆར་བལྟས

ང་ལ་མཚོན་ན  ཁྱོད་མེད་པ་ནི
འཇིག་རྟེན་འདི་ཉིད་ཉི་ཟླ་སྐར་གསུམ་དང་བཅས་མེད་པར་གྱུར་བ་སྟེ
སངས་རྒྱས་པའི་ལམ་ཡང་གློ་བུར་ཏུ་ཁེགས་ནས
བསྐལ་བའི་ཕུག་པ་ནག་པོའི་2ནང་དུ
རྡེའུ་ཞིག་མར་ཟགས་པ་བཞིན་དམྱལ་བར་ལྷུང་བའོ

                  ༢༠༡༣ལོའི་ཟླ་༥པའི་ཚེས་༡༤ཉིན་ལན་ཀྲུའི་གསོལ་ཁང་ཞིག་ནས་ཤར་མར་བྲིས་པའོ།།

1 འདི་ནི་ཚན་རིག་པ་ཉུའུ་ཐུན་གྱིས་ཀུན་ལྡན་འཐེན་ཤུགས་ཀྱི་སྤྱི་འགྲོས་རྙེད་པའི་སྒྲུང་ལ་སྦྱར་བའོ།།
2 འདི་ནི་Black holeཞེས་པ། སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་གཞུང་ལུགས་ལས་བྱུང་བའི་ཐ་སྙད་ཅིག་གོ། དེ་ནི་སྟོང་ཆེན་པོའི་ནང་གི་འདུས་ཚད་ཤིན་ཏུ་ཆེ་བའི་དངོས་པོ་ཞིག་སྟེ། ཚ་ཤུགས་རིག་པའི་ནང་གི་འོད་གཏན་ནས་འགྱེད་པར་མི་བྱེད་པའི་མུན་པའི་ཕུང་བོ་དང་མཚུངས་པས་ཕུག་པ་ནག་པོ་ཞེས་མིང་དུ་བཏགས་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།