གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་གངས་ལམ།༼རང་མོས༽

2013-01-15 21:38:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

ཁ་བ་ཆེན་པོ་ཞིག་བབས་ནས

རྨ་ཆུ་རྫོང་མཁར་གྱི་སྲང་ལམ་ཀུན་འཁྱག་རོམ་གྱིས་མར་མནན

རྣམ་ཤེས་ནད་པ་དག་དང་རྣམ་ཤེས་དེ་ཚོའི་ཤ་ཁྲག་ལྟ་བུའི་ས་རྡུལ་དག་ཀྱང་མར་མནན



སྟོང་ལྷང་ལྷང་གི་སྲང་ལམ་ཞིག་ན

སྲང་ལམ་དེའི་མིང་ཡིག་ནི
ཤེལ་དམ་སྟོང་བའི་འགའི་དབུས་ན

གྲང་ངར་གྱིས་ཡར་སྐྱེ་རུ་འཇུག་པ་འདྲ

ཁྱིམ་ཚང་དག་གི་ཕུགས་ན་སྲུང་མ་བདག་མེད་རེ
འཇིགས་དངངས་ཀྱི་ངང་དུ་འདུག་ལ

ཁྱིམ་བདག་རྣམས་ཕྱོགས་ཕྱོགས་སུ་བུད་སོང


གལ་སྲིད  དེ་དགུང་ཁོ་ཚོ་གློ་བུར་ཏུ 
མཉམ་གཅིག་ཏུ་ཕྱིར་བསླེབ་སྲིད་ན

འཁྱག་རོམ་དག་ཀྱང་མར་མནན་ནས་ནག་པོ་ནག་རྐྱང་ཞིག་ཏུ་བསྒྱུར་བའི་སྒྲ་ཡིས
ང་རང་གཉིད་ལས་དཀྲོག་སྲིད་དམ
                    

           ༢༠༡༣ལོའི་ཟླ་༡པའི་ཚེས་༦ཉིན་རྨ་ཆུ་རྫོང་ནས་བྲིས། 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།