སྙན་ངག་ཐུང་ངུ་ཁག་བདུན།

བྱམས་ཕྲུག༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-09

   ༼ཁྱོད་ཀྱི་ཨག་འབོད་ལ་དུད་པའི་ངའི་དོན་ལྔ་སྣོད་དྲུག༽

ཡོང་གིན་འདུག
ཟེར་མའི་མེ་ཏོག་གི་བརླ་རྐང་ཆག་རོ
ཡོང་གིན་འདུག
མེ་ལྕེའི་དཔུང་རྡང་ལ་འཐམས་པའི་མཚལ་གྱི་ཕྲ་ཕུང
ཡོང་གིན་འདུག
སྦྲུལ་གྱི་སྤར་སེན་དང་ཅེ་སྤྱང་གི་གྲོད་པུ་ཐོགས་པའི་ནུར་ནུར་བོ་དེ
ཡོང་གིན་འདུག
¡­¡­
                              ༢༠༡༡ ༣ ༡༦

             ༼རང་ལ་ཞེ་མེར་ཚུལ༽
ལུས་སྟོད་ཀྱི་མདུན་ངོས་སུ་འབྱར་བའི་གྲོད་པུ་འདི
ཐ་སྙད་དང་བརྡ་སྤྲོད་ཤོང་སའི་སྣོད་ཅིག་ཡིན་པར་རྟོག
མགོ་རུས་ཀྱི་རྩིབས་མར་ཁེན་པའི་ཀླད་པ་འདི
མེ་དང་ཆུའི་ཡན་ལག་ཤོང་ས་ཞིག་ཡིན་པར་བསམ་ནས
སྙན་ངག་ཁྲི་ཕྲག་ལྷག་ཁམ་དུ་ཟས་ན་ཡང
སྐྱུགས་རྒྱུ་ཞིག་ཕར་ཞོག
སྙན་ངག་ཅིག་ལོས་ཡིན་སྙམ་པའི་སྙན་ངག་ཅིག་ཀྱང
གཏོང་རྒྱུ་མེད་པ་འདི་ག་རེ་ཡིན་ནམ
ཤ་གཟུགས་དང་རྣམ་ཤེས་འདུས་པའི
ལན་ཆགས་ཀྱི་ཐོ་ཡོར་ཁྱོད
                ཐོ་རེངས་གཉིས་པར།

         ༼མཚན་མོ་མིག་ཤེལ་གྱོན་ནས་སྲང་དུ་ཉུལ་བ༽
སྐྲ་ལོས་བར་སྣང་བཏུམས་རྗེས་ཀྱི་སུལ་དང་སུལ་ནས
རྒྱུ་སྐར་གྱི་སྲོ་མང་འགས་ལྕགས་ཀྱི་མཆུ་ཏོ་ང་སར་བསྲིངས
ངས་གཡུ་རལ་ཁུར་བའི་གངས་དཀར་སྲས་མོ་དེ་ང་མིན་ནོ་ཞེས་བཤད
ནམ་མཁའི་ཁྲོམ་སྲང་གི་གཡེར་བག་གིས
ཉ་ཟླའི་དཀར་ཡོལ་དང་བརྔོས་དྲིའི་ན་བུན་ང་སར་གཏད
ངས་འདོད་ཡོན་གྱི་བུམ་པ་ཐོགས་པའི་མི་དེ་ང་མིན་ནོ་ཞེས་བཤད
མཚན་སྨག་གི་ལྭ་རིང་གྱོན་པའི་ནག་ཚོགས་ཀྱིས
གཏུབ་གྲིའི་གནམ་ལྕགས་དང་ཞགས་ནག་གི་ཆར་ཞོད་ང་སར་འཕངས
ངས་ཛམྦྷ་ལའི་ཤ་ཆད་ཀྱི་བུ་ཕྲུག་དེ་ང་མིན་ནོ་ཞེས་བཤད

     ༼ཚ་གདུག་ཆེ་དུས་ཤིག་ལ་སྐྱེས་བུ་ཞིག་དྲན་པ༽
སུས་ཀྱང་ཁྱོད་རང་ལྷའི་ལུང་བསྟན་དུ་འདོད་མེད
མེ་ཕུང་སྐོར་བྲོའི་འགྲམ་གྱི་ངོ་གདོང་གྲང་ཏོ་དག་བསམ་དེ
རྣམ་ཤེས་ཀྱི་མུ་ཟིས་སྐྱེ་འགྲོའི་སྙིང་མགོར་ཡང་ཡང་བྲད
རྡོ་དམར་ཉག་གའི་ཆུ་ཤི་བོ་དང་དབུགས་རལ་བོ་བརྒྱུད་ནས་ཕྱིར་སླེབས་དུས
དཔྲལ་བའི་རྣང་མར་ཁ་བའི་སྐྲ་ལོ་བབས
དེ་ནས་བཟུང
གཤིན་རྗེའི་སྒོ་འགྲམ་དུ
ཁྱོད་ཀྱིས་བརྒལ་དཀའ་བའི་མི་སེམས་ཀྱི་གཅོང་རོང་དང་འདམ་མྱགས་བྲིས
མེ་ལོང་ཆག་ཅིང་བཞིན་རས་ཐེད
དེ་ནས་བཟུང

          ༼སྙན་ངག་ཟུར་གསུམ་མ༽
བཙན་པོའི་གཡེར་བག་ལྟར་གྱི་སྡུག་གིས་བཟུང་བའི་གངས་རི
ཨ་ཞང་གི་འཛུམ་དང་སྒྱུ་མའི་གྲོང་གི་དེ་དག
མེ་ཟླུམ་འཕྲད་རྗེས་ཀྱི་ཆར་ཞོད
མི་མཐོང་བའི་རང་ཉིད
ཆག་རོའི་བསླུ་བྲིད
བརླན་གཤེར

                   ལྦེན་ཁོ་རེ་ཡར།
                           ༢༡  ༨  ༢༠༡༠

     ༼གློག་ཀླད་བདེ་མོ་ཞིག་མེད་ཚེ་སྙན་ངག་ཡག་པོ་ཞིག་འབྲི་རྒྱུ་དངོས་གནས་དཀའ་འདུག༽
ཚོར་བའི་མདའ་ཁབ་དག་དུས་ཚོད་ཀྱི་ལྡེབས་ངོས་སུ་གཏན་རྗེས
མགོ་བོ་མྱུག་ཏེ་ལས་འགུལ་གང་ཞིག་རྩོམ་གྲབས་བྱས་ན་ཡང
འགྲམ་ལྕགས་གཞུས་ཤུལ་གྱི་ཤེལ་ངོས་ལས
འོད་ཀྱི་སྤུ་གྲི་དང་རྡུལ་གྱི་ཚ་ཚ་བསྲིངས་པས
ཕྲད་དང་ཚེག་གི་ལག་རྡང་དུམ་བུར་གཏུབ
ལག་པ་རྩུབ་མོ་ཞིག་དྲུད་ཤུལ་གྱི་འཐེབ་གཞོང་ལས
ཡིག་འབྲུའི་རྣོ་མདེའུ་དང་འགྱིག་གི་འགད་རྫས་འཕངས་པས
ཐ་སྙད་དང་རྣམ་ཤེས་ཀྱི་ཁང་བཟང་རྡུལ་དུ་གསིལ
གློག་ཀླད་བདེ་མོ་ཞིག་མེད་ཚེ
སྙན་ངག་ཡག་པོ་ཞིག་འབྲི་རྒྱུ་དངོས་གནས་དཀའ་འདུག

                                                 ༣ ༢༨

         ༼ཉི་ཧོང་གི་འཇིགས་པར་བཏེགས་པ༽
ཁུ་རོ་ས་བཱ*དེ་མི་ཞིག་མིན་འདུག
གལ་ཏེ་ཡིན་ན
རྨི་ལམ་ལས་ཀྱང་ལུང་བསྟན་ཐུབ་དོན་ཅི་ཡིན
ད་ལྟ་ཀུ་ཤུའི་ཕྱེད་ཀ་ཟོས་ཚར་ལ
ཤོག་བུའི་སྣེ་ཀྱང་རལ་ཚར
མཐའ་ན་མཛེས་མའི་རྐང་སྣམ་ཁ་ཐིག་ཀྱང་སྡོམ་ཁོམ་ཡོད་ཀྱིན་མི་འདུག
དེ་ལྟར་ཀྱང
མི་སེམས་ཀྱི་རྩྭ་མགོའི་ཟིལ་བ
ཤོག་ངོས་དཀའ་པོའི་ཉི་མ་དམར་པོས་བྲེས་འདུག

  * ཁུ་རོ་ས་བཱ་ནི༡༩༡༠ལོར་སྐྱེས་པའི་འཇའ་ཕན་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཆོད་པ་ཞིག་སྟེ། ཁོས༡༩༩༠ལོར་འཁྲབ་ཁྲིད་བྱས་པའི་གློག་བརྙན<<རྨི་ལམ>>གྱི་རྨི་ལམ་ཨང༦པའི་ནང༢༠༡༡ལོར་འཇའ་ཕན་དུ་ས་འགུལ་དང་མཚོ་འཁྱོམས། ཧི་འབར་གས་བྱུང་སྲིད་པ་སོགས་བསྟན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཐུང་ངུ་ཁག་བདུན།

2011-06-09 བྱམས་ཕྲུག༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།