རྟོགས་བརྗོད་མུ་ཏིག་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཨོ་རྒྱན་དཔལ་འབྱོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-10-22

 

 

སྒྲིབ་གཉིས་མུན༵་པས་བཏང་བའི་ཡེ་ཤེས་ཀྱི།།
འོད་སྣང་ཕྱོགས་སུ་བཞད་པའི་རྩེ་དགའ་ཅན།།
གང་ཁྱོད་སྤྱི་གཙུག་རལ་བའི་ཅོད་པན་དུ།།
སྲིད་ཞིའི་གདུང་བ་སེལ༵་བའི་དཔྱིད་དུ་བསྟེན།།

བཙོ་སྦྱངས་ངལ་བས་དག་པའི་ཀཉྪ་ནར།།
འབུམ་ཕྲག་འོད་སྟོང་རྒྱལ་བོའི་སྣང་བ་ཡིས།།
འཁྱུད་མཚུངས་མཚན་དཔེའི་གཟི་བྱིན་ལམ་མེ་བ།།
ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་བགྱི་འོ།།

དངུལ་དཀར་ཞུན་མ་འཁྱིལ་བའི་རླབས་ཕྲེང་རྩེར།།
མ་སྙིགས་འདབ་སྟོང་གྲོལ་བའི་གེ་སར་ལ།།
ཞབས་སེན་མུ་ཏིག་དཀར་བོ་སྙོམས་འཇུག་པའི།།
མཚོ་སྐྱེས་བླ་མ་དུས་གསུམ་ཀུན་ཏུ་བསྙེན།།

བརྒྱད་གཉིས་ལང་ཚོས་དཔལ་འཆང་གཞོན་ནུའི་སྐུ།།
སྙན་འཇེབས་ཟླ་བྲལ་ཡན་ལག་དྲུག་ཅུའི་གསུང་།།
ཨེ་ཝཾ་བདེ་སྟོང་ཡེ་ཤེས་རྫོགས་པའི་ཐུགས།།
མཁྱེན་པའི་དཔལ་སྩོལ་ལྷ་དེ་ཕྱག་གི་ཡུལ།།
ཀ་ཁ་སུམ་བཅུ་ཚང་བའི་ཚིག་བཅད་དོ།།

རྒྱལ་ཀུན་གསང་གསུམ་རྒྱན་གྱི་འཁོར་ལོའི་ཕུལ།།
རྒྱལ་སྲས་བྱེ་བའི་ཟློས་གར་ཀློང་ཆེན་པས།།
བྱིན་རླབས་མེ་ཏོག་མནྡར་ཡི་ཆར།།
འཛད་མེད་སྙིལ་བས་དེང་འདིར་ཤིས་པ་སྒྲུབས།།

མཛེས་སྐུ་ཤེལ་གྱི་འཁྲི་ཤིང་རྒྱས་པའི་རྩེར།།
ཡིད་འཕྲོག་ཞལ་གྱི་པདྨོ་འཛུམ་པའི་ལྟོར།།
ཚེམས་དཀར་ཟེའུ་འབྲུ་བཞད་པའི་ཚལ་ཡངས་ལས།།
ངག་རིག་སྦྲང་རྩིའི་དཔྱིད་འཇོ་བཅོམ་ལྡན་མ།།

གང་གི་རྣམ་ཐར་མུ་ཏིག་དཀར་བོའི་ཚལ།།
སྙན་ཚིག་གསེར་གྱི་སྐུད་པ་ལ་བརྒྱུས་ཏེ།།
དཔྱོད་ལྡན་རྣ་བའི་རྒྱན་དུ་སྦྱིན་པ་ལ།།
འཛད་མེད་གཟུངས་སྤོབས་བློ་ཡི་སྣང་བ་སྩོལ།།

རྣམ་ཐར་རྗེས་སུ་དྲན་པའི་ཀུན་རྟོག་གི་དྲི་བཞོན།།
དད་གསུམ་དཔག་བསམ་ལྗོན་པའི་འཁྲི་ཤིང་ལ་ཕྱོཊ་སྐབས།།
སྡེབ་ལེགས་ཡལ་ག་གཡོ་བའི་སྙན་ཚིག་གི་རང་སྒྲ།།
མཛུབ་རྩེ་གར་དུ་བསྒྱུར་པའི་རྗེས་ཤུལ་ལས་གསལ་བ།།

ཨེ་མ་ཛམྦུ་པྲྀཀྵའི་རྐང་འཐུང་གི།།
སྨིན་ལེགས་ཡལ་ག་འཐོར་བའི་ངོ་མཚར་དབྱངས།།
སྙན་པ་རྣ་བར་ལྷུང་བས་མིང་ཆགས་པ།།
དེ་ཡི་ཡུལ་གྲུ་འདོད་ཁམས་སྨད་ཀྱི་ཆ།།

ལུགས་གཉིས་དགེ་མཚན་དྭངས་མའི་རྩེ་དགའ་ཡིས།།
མངོན་དགའི་ཞིང་གི་ཕུན་ཚོགས་དཔལ་འཛིན་པ།།
རྨ་ཡུལ་གསེར་ལྡན་འཛིན་མའི་གདུལ་བྱའི་ཞིང་།།
བརྩེ་ཆེན་ཕྱག་རྒྱ་དམ་པོས་ཉེ་བར་བཅིངས།།

རབ་དམར་བྱུ་རུའི་མདངས་འཛིན་སྒྲ་ལྡན་མའི།།
ཟླ་ཕྲེེང་བཞད་པ་བཅུ་བའི་དམར་བོའི་ཕྱོགས།།
རྫོགས་པ་གསུམ་པའི་ལང་ཚོའི་མེ་ཏོག་གི།།
འདབ་སྟོང་རྣམ་པར་བཞད་པའི་དུས་ཚེས་ལ།།

ཁྱད་ཆོས་དྲུག་ལྡན་ཀུན་བཟང་གདོད་མའི་གཤིས།།
མ་བཅོས་སོ་མའི་རིག་པ་བྱང་ཆུབ་སེམས།།
བརྗོད་བྲལ་མི་ཤིག་སྙིང་གི་ཏི་ལ་ཀཿ །
ཕྱི་གསལ་སྐུ་རུ་ལྡང་བའི་སྐད་ཅིག་ལ།།

རིགས་རུས་ཆོ་འབྲང་སྐྱོན་གྱིས་མ་སྨད་པ།།
ཡབ་གཅིག་ཐིག་ལེ་འཛིན་པའི་སྡུག་གུ།།
སྦྲུམ་པའི་མངལ་རྒྱ་གྲོལ་བའི་ལྟས་བཟང་བོས།།
རབ་ཡངས་འཛིན་མའི་ཁྱོན་ཀུན་དོག་པོར་གྱུར།།

རྣམ་སད་གོས་ཀྱི་དུམ་བུ་སྤྲིན་དཀར་གྱི།།
ག་ཤལ་ས་ལ་ལྷུང་བཞིན་ཕྱོགས་ཀྱི་ཁྱོན།།
གངས་རིའི་མཛེས་ལྡན་ཁ་བ་རི་བའི་སྡེར།།
ཕན་བདེའི་འོད་སྟོང་སྤྲོ་བའི་ཉེར་བསྡོགས་བརྩམས།།

དེ་ཚེ་གྲུབ་རིགས་ཁྱུ་མཆོག་གིས།།
བསྟན་འགྲོའི་ཕུང་རྒུད་མུན་པའི་སྨག །
སེལ་བྱེད་སྒྲོན་མེ་འདི་ཡིན་ཞེས།།
དོན་མཐུན་མཚན་གྱི་ཅོད་པན་བྱིན།།

དྲི༵་མེད༵་རྒྱལ་བསྟན་པད་མའི་ཚལ།།
གསལ་བྱེད་འོད༵་ཟེར༵་དྲ་བ་ཅན།།
གང་གི་གསང་གསུམ་སྒྱུ་འཕྲུལ་དུ།།
བསྔགས་བརྗོད་མགྲིན་པའི་སིལ་སྙན་ཁྲོལ།།

ཞབས་སྐྱེས་འཁོར་ལོས་མཛེས་པའི་རིས།།
ཆེ་དགུའི་གཙུག་ཏུ་བཀོད་དང་ལྷན།།
འཕྲོག་བྱེད་ནག་པོའི་རྩ་ལག་གི།།
སྙིང་ལ་ཟུག་རྔུའི་ཚོར་བ་བསླངས།།

དཀར་གསལ་དབང་བོའི་གཞུ་ཡི་འཁྲི་ཤིང་རྒྱུད།།
མ་ཉམས་གཙུག་ཏུ་བཏེགས་པའི་ངོ་མཚར་གྱིས།།
ལོག་རྟོག་སྐྱེ་བོའི་ཡིད་ཀྱི་ཞིང་ས་ཡང་།།
དད་གསུམ་མྱུ་གུ་སྨིན་པའི་འབྲས་ལྡན་གྱུར།།

རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྟ་བདུན་དབང་།།
མཛེས་སྡུག་མཚན་དཔེའི་འོད་ཟེར་དྲ་བ་ཅན།།
ལྷོ་གླིང་རྒྱན་དུ་བཞད་དང་ཆབ་གཅིག་པར།།
ས་གསུམ་མྱ་ངན་མེད་པའི་དཔལ་ལ་བཀོད།།

བགྲང་ཡས་བསོད་ནམས་དཔལ་ལས་ལེགས་འཁྲུངས་པའི།།
བལྟས་པའི་མི་ངོམས་མཐོང་གྲོལ་མཚན་དཔེའི་སྐུ།།
གསར་ཚེས་ཟླ་བ་དཀར་བོའི་ལང་ཚོ་བཞིན།།
སྨིན་པའི་དགེ་མཚན་སྣང་བ་ཡར་ལ་ཕྱོགས།།

དེ་ནས་བཀྲ་ཤིས་རི་མོ་ཕྱོགས་རྫོགས་པའི།།
བགྲང་བྱ་གཡས་འཁྱིལ་དུང་གི་འཛུམ་གྲོལ་ཚེ།།
འབྲི་དང་ཀློག་སོགས་བརྡ་བསྟན་ཙམ་རེས་ཀྱང་།།
མཐའ་དག་ཐུགས་སུ་ཆུད་པའི་མཛད་པ་བསྟན།།

དེ་ཚེ་དེ་ཡིས་འདོད་པའི་དཔལ་རྣམས་ཀུན།།
དྲི་བཞོན་ཤུགས་ཀྱིས་བསྐྱོད་པའི་རྐང་འཐུང་ཁར།།
ཅུང་ཟད་ངལ་གསོ་ཐོབ་པའི་ཆུ་ཐིགས་ལྟར།།
མི་བརྟན་གཡོ་བའི་ངང་ཚུལ་འདི་མཐོང་ནས།།

ཕུལ་བྱུང་ཡོན་ཏན་བྱེ་བ་འབྱུང་བའི་གནས།།
ངུར་སྨྲིག་མཚམས་སྤྲིན་གསལ་བ་ལི་ཁྲིའི་རྡུལ།།
འཕན་མེད་ཕྲག་ཏུ་བཞེས་པའི་རྣམ་ཐར་ལ།།
རྒྱལ་ཀུན་སྙིམ་པའི་མེ་ཏོག་སྙིང་ཁར་ཟུམ།།

སྡོམ་བརྩོན་མ་ལ་ཡ་དག་གི།།
དྲི་བསུང་སྣུམ་པོའི་དགའ་སྟོན་གྱིས།།
འཁོར་ཡུག་ཁྱོན་གྱི་དྲི་འཛིན་ལ།།
བདུད་རྩིའི་སིམ་པ་ལན་བརྒྱར་བྱིན།།

ལང་ཚོའི་མེ་ཏོག་ན་ཕྲ་ཡང་།།
མཁྱེན་རྩལ་རྫོགས་པའི་ཤེད་མོང་གིས།།
ལྔ་རིག་སྨྲ་བའི་མཁས་དབང་ཡང་།།
སེ་འུ་བཅུ་བའི་གྲལ་ལ་བཀོད།།

དགུང་གྲངས་བཅོ་བརྒྱད་ཆུ་མོ་བྱ་ཡི་ལོར།།
འཕགས་ཡུལ་མ་ག་དྷ་དང་མི་གཉིས་པའི།།
འབུམ་ཕྲག་འཇའ་ལུས་གྲུབ་པའི་གདན་ས་དེར།།
ཞབས་ཟུང་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད།།

བཤད་སྒྲུབ་ནོར་བུའི་ལྷུན་པོ་ནས།།
ངེས་པ་དོན་གྱི་དགེ་བའི་བཤེས།།
མགོ་ཚ་ཨོ་རྒྱན་བསྟན་འཕེལ་གྱི།།
ཞབས་པད་གཙུག་གི་ནོར་བུས་བཏེགས།།

མཁས་པ་སྔ་མའི་བཀའ་སྲོལ་ལྟར།།
བརྒྱ་ཕྲག་གཅིག་དང་ཉེར་ལྔ་བོའི།།
གཞུང་གི་དཀའ་བའི་མདུད་རྒྱ་ཡང་།།
རྣམ་དཔྱོད་སོར་རྩེ་གཅིག་གིས་ཕྱེས།།

སྒོམ་བྱུང་སྒྲོ་འདོགས་གཅད་པའིི་ཡུལ།།
པོད་ལྔའི་གཞུང་གི་ཚིག་དོན་ཆ།།
ལན་རེ་ཟུང་རེ་ཐོས་ཙམ་གྱིས།།
མཐའ་དག་ཐུགས་ལ་སྙོམས་ཞུགས་པས།།

འཇམ་མགོན་ས་སྐྱ་པཎ་ཊི་ཏའི།།
མཁྱེན་རབ་ལས་ཀྱང་དཔང་མཐོ་ཞེས།།
འཛིན་མའི་ཁྱོན་གྱི་སྐྱེ་འགྲོའི་ཁ།།
དལ་བ་མེད་པར་བཟླས་བརྗོད་བརྩོན།།

གཞན་ཡང་མན་ང༵ག་སྦྲང་རྩིའི་བཅུད།།
འགྲེམ་མཛད་མཁས་དབ༵ང་དཔ༵ལ་གྱི་གོས།།
བཟ༵ང་བོའི་མཚན་གྱི་རྩེ་དགའ་ཅན།།
དད་གསུམ་སྙིང་གི་མཛའ་མོར་བསུས།།

རྡོ་རྗེ་འཆང་ནས་རིམ་པ་བཞིན།།
མེར་མེ་གཅིག་ལས་གཅིག་མཆེད་ལྟར།།
བརྒྱུད་པའི་གསེར་སྐུད་མ་ཉམས་པའི།།
རིག་འཛིན་གོང་མའི་སྙིང་གི་ནོར།།

ཚེ་གཅིག་འོད་སྐུར་གྲོལ་བའི་ལམ།།
སྙན་རྒྱུད་རིན་ཆེན་ནོར་བུའི་དབྱིག །
མཁའ་འགྲོའི་ཞལ་རླངས་མ་ཉམས་པ།།
མི་ཤིགས་སྙིང་གི་ཐིག་ལེར་གདམས།།

མཁས་མང་སྐལ་ལྡན་ཤིང་རྟའི་ཉེར་དྲངས་པའི།།
རྒྱལ་དབང་པད་མ་ཀ་རའི་དགོངས་པའི་བཅུད།།
སྡེ་གསུམ་ཀློང་དགུའི་ཆོས་ཚུལ་གཱངྒ་མ།།
རྫོགས་པར་ཁོང་དུ་བསྐྱིལ་བའི་གྲགས་པ་འབར།།

དེ་ཚེ་བུ་རམ་ཤིང་བས་སྡེ་སྣོད་གསུམ།།
རང་སྲས་འོད་སྲུང་ཆེན་པོར་གཏད་པ་ལྟར།།
ཐུབ་བསྟན་སྤྱི་དང་གསང་བ་སྙིང་ཐིག་གི།།
གདམས་ཟབ་རྨད་བྱུང་ཆོས་ཀྱི་གན་མཛོད་གཏད།།

བྱམས་བརྩེའི་གྲིབ་བསིལ་ཡངས་པའི་འཁོར་ཡུག་ཁྱོན།།
སྲིད་ཞིའི་ཚ་གདུང་མིང་གི་ལྷག་མ་རུ།།
བྱེད་པའི་འཕགས་རིགས་བཤེས་གཉེན་གཞན་དང་གཞན།།
བསྟེན་པའི་སྐལ་བཟང་ཆོ་ག་རྫོགས་ཡོད་མིན།།

རྨོངས་པའི་བརྟན་པ་འཕྲོག་བྱེད་ནོར་གྱི་ཕུལ།།
མང་ཐོས་འོད་བརྒྱ་འབར་བའི་སྣང་བ་ཅན།།
ཡེ་གསང་རྫོགས་ཆེན་པད་མའི་རྩ་ལག་ཏུ།།
སྨིན་པས་ཐང་ལྷོད་བགྱིད་ལ་ཡིད་མ་རངས།།

འོན་ཀྱང་ཚིག་སྐམ་འཇའ་རིས་ཚོན་བརྒྱ་བ།།
མཚར་དུ་རྫོགས་ཀྱང་ལྔ་ལམ་ལ་ཚེ།།
ཞི་བའི་དཔལ་ལ་ཉེ་བར་ཕན་པའི་ཟོང།།
གནམ་སྟོང་ཟླ་བའི་རྗེས་སུ་བསྙེག་སྙམ་ནས།།

སྔོན་བྱོན་གྲུབ་རིག་བཞད་ལྡན་ནགས་ཀྱི་ལྗོང་།།
ཡིད་འོང་རྡོ་བས་གཅལ་བཀྲམ་གཞལ་མེད་ཁང་།།
བྱིན་རླབས་དྲི་བསུང་འཐུལ་བའི་ལྡིང་ཁང་དུ།།
རིམ་གཉིས་ཏིང་འཛིན་འགུགས་ལ་གཅིག་ཏུ་དྲིལ།།

རྙེད་དཀའ་འཇིག་སླ་དལ་འབྱོར་ཤིང་ལོའི་འདབ།།
ཟིན་མེད་བྱ་བཞག་ལྷོ་ཡི་དྲི་ལེན་མས།།
ཚུལ་མིན་ཡུལ་དྲུག་སྒྱུ་མའི་ཐང་ཆེན་དུ།།
ཁྱེར་བའི་ཕྱི་ཐག་སྟུང་བ་དེ་དང་དེར།།

མི་བརྟན་གཡོ་བ་གྱ་གྱུའི་ལང་ཚོ་ཅན།།
རང་སེམས་ཞི་བར་བསྒྱུར་བའི་དྲང་སྲོང་གིས།།
མཆོག་ཏུ་མི་འགྱུར་གཉུག་མའི་ཏིང་འཛིན་ལ།།
སྙོམས་འཇུག་བགྱིས་པའི་རྣམ་ཐར་སུ་ཡིས་གཞལ།།

སྒྲོན་དྲུག་འོད་གསལ་ནང་དབྱིངས་རིག་པའི་གདངས།།
རྟོགས་གོམས་མཐའ་རུ་ཕྱིན་པའི་ཉམས་ལེན་གྱིས།།
ལྷུན་གྲུབ་སྣང་བ་བཞི་ཡི་རྩལ་རྫོགས་པའི།།
གསང་ཆེན་ཨ་ཏིའི་ཤིང་རྟ་གཞན་ཡོད་མིན།།

དེ་ཡང་སྤྱི་མཐུན་ལས་དམན་མཐུ་བཙན་པོས།།
དགེ་ལེགས་ཕན་བདེའི་མྱུ་གུ་གཅོད་པའི་མཚོན།།
ངན་སྤྱོད་ཀླ་ཀློ་གདུག་པའི་མེ་ཡི་ཆར།།
ཁ་བ་དཀར་བོའི་མུ་འཁྱུད་མཐོངས་སུ་བབ།།

དགེ་སྡིག་མི་རྩི་རྒྱུ་འབྲས་ལོག་པར་སྤྱོད།།
ཡ་རབས་བྱ་བ་མི་སྲིད་ཐན་དུ་བལྟས།།
བསྟན་འཛིན་མཆོག་རྣམས་ཁྲིམས་ལ་སྦྱར་བ་སོགས།།
ཆེར་སྙིགས་དུས་ཀྱི་རང་མཚང་རྡོལ་བའི་སྐབས།།

གསར་མཐོང་འཁྲུལ་སྣང་ར་རིའི་རྡུལ།།
འཆི་བ་བྲལ་བའི་བདུད་རྩི་ཞེས།།
སྟོང་འུར་ནམ་མཁའི་འབྲུག་གི་སྒྲས།།
འཛིན་མའི་ཁྱོན་ལ་ཕུང་བ་སྦྱིན།།

དཔལ་སྟུག་བཅུད་ཀྱིས་ཡོངས་གཏམ་པའི།།
ཕ་ཆོས་ནུ་ཞོས་མྱོས་བུམ་ལ།།
ལོག་རྟོག་སོ་རྣོན་སྟ་རེའི་དབལ།།
བཏབ་པས་བསྟན་སྲོག་ལྷག་མར་བྱས།།

དུས་འདི་ཉིད་ན་འདྲེན་པ་མཆོག །
བརྩེ་བྲལ་མི་ཡི་སྲིན་པོ་འགས།།
བགྲང་བྱའི་འཁྱུད་འཁོར་ཉེར་གཉིས་བར།།
འཇིགས་རུང་མུན་པའི་འོབས་སུ་བཅུག །

ཤུགས་དྲག་ཞུགས་ཁའི་ས་བོན་ཚིག་པོ་ལས།།
མེ་འབྲས་གཡུལ་དུ་སྨིན་པའི་རེ་སྒུག་ལྟར།།
གྱ་གྱུའི་ཀུན་རྟོག་ཡོན་པོའི་ཆུ་རིས་ཀྱིས།།
མ་ནོངས་དུས་འདིར་ལུས་པ་སྲིད་མཐའ་ཙམ།།

འོན་ཀྱང་འདམ་ལས་སྐྱེས་པའི་པད་མ་ལ།།
འདམ་གྱི་དྲི་མས་གོས་པ་མེད་པ་ལྟར།།
གང་ཐུགས་ནགས་མའི་འཁྲི་ཤིང་རྒྱས་པའི་ཁར།།
ཉམས་རྟོགས་མྱུ་གུ་སྨིན་པའི་གྲོགས་སུ་གྱུར།།

ངོ་མཚར་འགྱོག་འགྲོ་བདུན་གྱི་ཤུགས་འཆང་བ།།
སྣང་བྱེད་བདག་པོའི་འགྲོས་ཀྱིས་མཚོན་མིན་པའི།།
ཐེག་མཆོག་རྡོ་རྗེ་རྩེ་མོའི་འཕྲུལ་ཐབས་ཀྱིས།།
མཐར་ཐུག་སྐུ་བཞིའི་རྒྱལ་ས་མངོན་དུ་བྱས།།

ལོག་ཞུགས་གོར་མའི་བ་དཔང་མཐོ་བ།།
མཐའ་བྲལ་རིག་ལམ་རྡོ་རྗེའི་མེ་ཆར་གྱིས།།
བསྙོལ་བའི་གྲགས་དཀར་སྐྱེ་བ་ལྔ་བའི་དབྱངས།།
ཕྱོགས་ཀྱི་བུ་མོའི་ཐོས་འཛིན་རྒྱན་དུ་བྱས།།

ཆེར་སྙིགས་སྔོ་བསངས་མཛེས་མའི་གདོང་བ་ལས།།
ངན་རྟོག་སྤྲིན་གྱི་འཚུབ་མ་ཉམས་སྨད་དེ།།
གཡོ་རྒྱུའི་དུག་ཆར་འབེབས་པའི་མཚམས་འཇོག་སྐབས།།
ཞབས་ཟུང་གསེར་གྱི་ཤིང་རྟ་རང་ཡུལ་བསྐྱོད།།

མེ་ཕོ་འབྲུག་གི་གནམ་ལོ་ནས།།
འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱིས།།
རྒུད་པའི་དཔུང་ལ་སྐྱེངས་པ་སྦྱིན།།
ཐུབ་བསྟན་མེ་རོ་རྨང་ནས་གསོས།།

མཁྱེན་བཟང་ལྷ་ཡི་ཡུར་བ་རུ།།
སྡེ་གསུམ་ཆོས་ཚུལ་ཉལ་འགྲོའི་རྒྱུན།།
ཕུལ་བྱུང་འདྲེན་པའི་ཤིང་རྟ་ཞེས།།
ས་གསུམ་གྲགས་པ་དཀར་བོས་གཏམས།།

ངང་བ་གཡུ་འབྲུག་འདུ་བའི་ཁུགས་སོ་རུ།།
ཐུབ་བསྟན་བཤད་སྒྲུབ་བཀྲ་ཤིས་ཆོས་འཁོར་གླིང།།
རྟེན་དང་བརྟེན་པའི་བཀོད་པ་རབ་བསྐྲུན་ཏེ།།
ཕུན་ཚོགས་ཕན་བདེའི་སྒོ་འཕར་ཡངས་པོར་ཕྱེས།།

ས་གཞི་གཡུ་ཡི་མེ་ལོང་དག་པ་རུ།།
རྩྭ་ལྗང་མྱུ་གུའི་ཤམ་བུ་བཀྲམ་པའི་ཕང་།།
ས་ལུས་ཁྱུ་ཚོགས་རྩེ་བའི་དོ་ར་དེར།།
གཞེན་འདེབས་ཚིག་གི་མེ་ཏོག་ཅུང་ཟད་གཏོར།།

གཡའ་རྫ་གང་ནས་བབ་པའི་ཉལ་འགྲོ་མས།།
དཀར་འཛུམ་ལྦུ་བ་འགྲེམ་པའི་མུ་ཏིག་ཚལ།།
དྲི་བྲལ་སྒེག་ལྡན་འཆི་མེད་རྫིང་རིང་དུ།།
རྒྱུ་སྐར་བདག་པོའི་དཔུང་ཚོགས་བཀྲམ་པ་བཞིན།།

བགྲང་ཡས་འདབ་སྟོང་འཛུམ་པའི་གེ་སར་གྱི།།
རྡུལ་ཕྲེང་གསེར་གྱི་ཕྱེ་མ་བརྡལ་བའི་གཞིར།།
བུང་བའི་ན་ཆུང་མགྲིན་པ་གྲོལ་བའི་གླུས།།
དྲི་ཟའི་རྒྱུད་མང་སྟོང་གི་དཔལ་ལ་འགྲན།།

ལྷུགས་ལྷུགས་འདབ་གཤོག་སྟོང་དུ་གྲོལ་བ་ཡིས།།
མཛེས་མཛེས་མིག་གི་གཟི་ལེན་པད་དཀར་ལྗོན།།
ལྡེམ་ལྡེམ་རླུང་གིས་བསྐྱོད་པའི་གར་སྟབས་ནི།།
ལྷག་ལྷག་དད་པའི་ལྷ་ཕྱག་འཚལ་བ་བཞིན།།

མཚར་སྡུག་དབྱར་གྱི་དཔལ་མོ་དར་བ་མོས།།
འདུ་བྱས་ཛཱ་ལི་ཀ་དང་ཀ་མ་ལ།།
དགུན་གསུམ་འཐོར་རླུང་དྲག་པོའི་འཕྲུལ་འཁོར་གྱིས།།
བསྙིལ་བས་མི་རྟག་སྣང་ཤེས་གསལ་བར་མཚོན།།

དེ་ལྟའི་ཡིད་འོང་ཆོས་ཀྱི་མདུན་ས་དེར།།
ཆོས་བརྒྱད་དུག་ཆུའི་རྫིང་ལ་མི་ཆགས་པར།།
གཉུག་སེམས་ཨུཏྤལ་མཛེས་པའི་དགའ་ཚལ་དུ།།
ཏིང་འཛིན་བཅུད་ཀྱིས་འཚོ་བའི་སྐྱེས་ཆེན་དང་།།

དགག་སྒྲུབ་རིགས་པའི་ཆ་ཤས་ཕྲ་མོས་ཀྱང་།།
ཀུན་རྨོངས་ལོག་རྟོག་ལྕུག་མའི་འཆིང་ཐག་རྒྱ།།
གྲོལ་ཏེ་ཐུན་མིན་རིག་པའི་གཞུང་འཛིན་པ།།
གཅིག་ལས་གཅིག་མཚར་ཕན་ཚུན་འགྲན་བཞིན་ལྷགས།།

དེ་ཚེ་རབ་ཡངས་འཛིན་མའི་དོ་ར་རུ།།
ཐུབ་བསྟན་བཤད་སྒྲུབ་ཀ་མ་ལ་ཡི་ཚལ།།
ལྷུགས་པར་གྲོལ་བའི་ཟབ་གསལ་སྦྲང་རྩིའི་བཅུད།།
གཞིབ་པའི་སྐལ་བཟང་མཐའ་ནི་གཞལ་ཡོད་མིན།།

བརྒྱུད་ལྡན་བླ་མའི་ཐུགས་བརྩེའི་རལ་ཀླུང་ལས།།
སྙན་རྒྱུད་ཆོས་དཀར་ཛ་ཧུའི་བུ་མོའི་རྒྱུན།།
བབ་པ་མི་ཤིག་སྙིག་གི་ཡོལ་གོ་རུ།།
བསྐྱིལ་བའི་མོས་ལྡན་སྐལ་བ་བཟང་བོར་བྱས།།

དེ་ནས་ཐུན་མོང་གདུལ་བྱའི་སྣང་ངོ་རུ།།
ཞིང་འདིར་མཛད་པ་རེ་ཞིག་རྫོགས་ཚུལ་གྱིས།།
བདག་ནི་ཀུན་མཁྱེན་དྲི་མེད་འོད་ཟེར་དང་།།
དགོངས་པའི་ཆུ་བོ་མ་ལུས་གཅིག་འདྲེས་ཏེ།།

མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ།།
རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་འབྱོར་བས།།
ཐུགས་རྗེ་བྱིན་རླབས་སྔར་ལས་ལྷག་པ་ཡིན།།
ཞེས་སོགས་ངོ་མཚར་གདམས་ངག་ཞལ་ཆེམ་དང་།།

རྨད་བྱུང་ཕྲིན་ལས་སྣང་བའི་མུ་འཁྱུད་ཀྱིས།།
ཟླུམ་པོར་བཅིངས་པའི་སྐུ་སྐྱེ་རྟ་བདུན་དབང་།།
སླར་ཡང་གདུལ་བྱའི་དཔལ་དུ་འཇུག་པ་ཡི།།
ཞལ་བཞེས་འདུས་པ་ཡོངས་ལ་བརྩེ་བས་གནང།།

དགུང་གྲངས་དོན་བརྒྱད་ཆུ་མོ་བྱ་ཡི་ལོའི།།
ཟླ་ཕྲེང་ལང་ཚོ་འཛུམ་པའི་ཐ་མའི་ཆ།།
དཀར་ཕྱོགས་རྫོགས་པ་གསུམ་པའི་ཐུན་མཚམས་ལ།།
སྒྱུ་འཕྲུལ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།།

རླབས་ཆེན་བསོད་ནམས་ཤིང་རྟས་ཉེར་དྲངས་པའི།།
རྒྱལ་སྲས་སྤྱོད་པ་ས་འཛིན་སྤོ་ན་མཛེས།།
མཛད་ཕྲིན་དགེ་ལེགས་སྣང་བ་འབུམ་འགྱེད་དེ།།
རེ་ཞིག་ཞི་བའི་དབྱིངས་སུ་གཟིམས་པར་གྱུར།།

སྐབས་དེར་གཉུག་སེམས་ལྷ་ཡི་ཌཱཀི་མས།།
ཉི་ཁྲི་ཆིག་སྟོང་ལས་རླུང་སྙིག་མའི་སྲོག །
དོགས་མེད་ཟོས་པས་རབ་སྔངས་ནོར་འཛིན་མ།།
ལུས་ཀུན་འདར་བཞིན་གྱེན་དུ་འཕགས་སྙམ་བྱུང་།།

ཆེ་བ་སྟོང་ལྡན་དུ་མའི་གཙུག་གི་རྒྱན།།
གདུང་སྐུ་ཞུགས་ལ་སྦྱངས་པའི་ངོ་མཚར་དགེས།།
རྣམ་མང་གདུལ་གདུལ་བྱའི་བསོད་ནམས་ས་གཞི་ལ།།
ཕན་དང་བདེ་བའི་ལོ་ཏོག་ཅི་ཡང་བསྐྲུན།།

འཕོ་ལྟུང་ཟུག་རྔུའི་སྤྲོས་པ་རང་སར་དག །
འཕོ་མེད་རིག་སྟོང་ཆོས་སྐུའི་རང་ཞལ་མཐོང་།།
འཕོ་འགྱུར་རྟོག་པའི་དྲ་བ་དབྱིངས་སུ་ནུབ།།
འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་གྲུབ།།

ཨ་ཧོ་བརྒྱུད་གསུམ་བླ་མའི་ལམ་སྲོལ་མཆོག །
ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་རྫོགས་པ་ཆེའི།།
མན་ངག་སྙིང་གི་དབུས་སུ་སུམ་པ་ཡི།།
མོས་ལྡན་བདག་ཅག་སྐལ་བ་བཟང་སྙམ་སེམས།།

ད་ལྟ་ལེགས་བཤད་ཟེར་བརྒྱ་འཛུམ་པའི་རླབས།།
ཕྱོགས་སུ་འགྲེམ་པའི་བཤེས་གཉེན་ཨ་དིའི་བུ།།
གཞན་སྐྱེན་རྟ་བདུན་ཤིང་རྟས་ཉེར་དྲངས་ཏེ།།
ཞི་དབྱིངས་ཆུ་ལྷའི་ཕང་བར་ཡིབས་འདིས་སྐྱོ།།

སྲས་བཅས་རྒྱལ་བའི་ཕྲིན་ལས་ཟློས་པའི་གར།།
སྐྱབས་གཅིག་མཚུངས་མེད་བླ་མ་རིན་པོ་ཆེ།།
དྲན་པའི་གདུང་བ་དྲག་པོ་དུས་ཀུན་ཏུ།།
སྙིང་ལ་ཉལ་བའི་རེ་ཁཱ་གསུབ་དུ་མེད།།

གང་གསུང་པདྨའི་རྫིང་བུ་ལ་བརྟེན་པའི།།
ཚངས་སྤྱོད་ངུར་སྨྲིག་གསལ་བའི་ངང་མོ་འབུམ།།
དྲན་པ་ཙམ་ལས་མིག་གི་དགའ་སྟོན་དུ།།
འགྱུར་བ་མེད་འདིས་སྙིང་ཁུང་ཆུ་བཞིན་གྲང་།།

ལྔ་ཕྲག་ལག་འགྲོ་གདུག་པའི་ཁ་རླངས་ཀྱིས།།
ཐུབ་བསྟན་འཛིན་མའི་ཁྱོན་ཀུན་སྒྲིབ་འདོད་པས།།
ཉེས་སྤྱོད་སྣ་དགུའི་གང་གི་མདུན་ས་ཡང་།།
སྟོང་ལ་ཕྱོགས་པས་མགོན་ཁྱོད་ལྷག་པར་དྲན།།

ད་ནི་མཉེས་གཤིན་ཨ་ཤྭད་ཐ་ཡི་ཚལ།།
བོར་ནས་གྲགས་སྐམ་ཆུ་ཤིང་དར་མ་ལ།།
རེ་བའི་ངན་མཚང་བཀོད་མའི་ཆུ་བཞིན་དུ།།
མཐའ་དབུས་ཀུན་ཏུ་ལུད་པ་དེས་ཀྱང་སྐྱོ།།

རང་སེམས་དྲི་བྲལ་འཆི་མེད་ལམ་ཡངས་པོར།།
གསལ་བའི་སྐྱོ་སྣང་ཆུ་འཛིན་དྲ་བ་ལས།།
ལྟ་བྱེད་མཆི་མའི་གྲུ་ཆར་འགྲམ་པའི་སར།།
ལྷུང་བ་ཀུ་མུད་གསར་བའི་དོག་པ་བཞིན།།

འོན་ཀྱང་ཀུན་གཞིའི་དར་དཀར་ངོས་ཡངས་ལ།།
ལས་དམན་ཚོན་བརྒྱས་རི་མོར་བྲིས་པའི་གཟུགས།།
མངོན་པར་གསལ་བ་ཐུབ་ཆེན་ཕྱག་གིས་ཀྱང་།།
བསྐྱོད་དུ་མེད་ན་གཞན་གྱིས་ཅི་བྱར་ཡོད།།

དེས་ན་འགྲོ་ཀུན་སྲིད་པའི་གཅོང་རུང་དུ།།
དཀར་མིན་ལས་ཀྱི་ཆུ་བོས་བར་མེད་དུ།།
ཁྱེར་བ་དེ་སྲིད་བྱིན་རླབས་ལྦུ་ཕྲེང་གིས།།
ཉེ་བར་སྐྱོངས་ཤིག་འདྲེན་མཆོག་ཐུགས་རྗེ་ཅན།།

འདིར་འབད་དགེ་ཚོགས་ཟླ་བའི་འཛུམ་ཟེར་གྱིས།།
ཐུབ་བསྟན་ཀུ་མུད་དགོད་པའི་ནགས་ཀློང་དང་།།
རྣམ་མང་སྐྱེ་དགུའི་ཕན་བདེའི་ཆུ་གཏེར་ཆེ།།
ཀུན་ནས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

བདག་ཀྱང་བདག་ལྟའི་འཆིང་བ་དམ་པོ་ལས།།
ཐར་ནས་ཐར་བའི་ཁང་བཟང་ཉམས་དགའ་བར།།
ལུས་ཅན་ལུས་པ་མེད་པ་ཐམས་ཅད་ཀུན།།
འདྲེན་པའི་འདྲེན་པ་མཆོག་གི་དཔལ་ཐོབ་ཤོག །

ཚེ་རབས་ཀུན་ཏུ་དཔལ་མགོན་བླ་མ་ཡི།།
ལེགས་བཤད་བདུད་རྩིའི་དགའ་སྟོན་ངོམས་མེད་དུ།།
འཐུང་བས་རླབས་ཆེན་བྱང་ཆུབ་སྤྱོད་པ་ཡིས།།
རྒྱལ་བའི་དམ་ཆོས་མཐའ་དག་འཛིན་གྱུར་ཅིག །

ཅེས་རིས་མེད་བསྟན་འགྲོའི་སྤྱི་དཔལ་སྐྱབས་རྗེ་མུན་སེལ་རིན་པོ་ཆེའི་རྣམ་ཐར་བསྡུས་པ་འདི་ནི་སྔར་ཚིག་ལྷུག་གི་ལམ་ནས་བྲིས་པ་ཞིག་ཡོད་པ་བླ་མ་ཚེ་རིང་རྒྱ་མཚོས་རྣམ་ཐར་མཐོང་བ་དོན་ལྡན་འབྲི་སྐབས་ཞིབ་གཟིགས་གནང་ནས་ལེགས་ཆ་རྣམས་དེར་བྲིས་པས་དར་སྤེལ་མ་བྱས་པ་དེ་ཉིད་ཀྱི་འགོ་བརྗོད་དང་དང་མཇུག་རྩོམ་གཞིར་བྱས་ཏེ་བོད་རབ་བྱུང་བཅུ་བདུན་པའི་མེ་ཕག་ལོའི་ཟླ་ ༦ ཚེས་ ༡༤ ཉིན་མགོ་གྲྭ་ཨོ་རྒྱན་དཔལ་འབྱོར་གྱིས་རྫོགས་པར་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་དཔལ་མགོན་བླ་མ་དམ་པ་གང་དེའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།།།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟོགས་བརྗོད་མུ་ཏིག་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

2014-10-22 ཨོ་རྒྱན་དཔལ་འབྱོར། ཀློག་གྲངས། མཆན ཡོད།

 

 

སྒྲིབ་གཉིས་མུན༵་པས་བཏང་བའི་ཡེ་ཤེས་ཀྱི།།
འོད་སྣང་ཕྱོགས་སུ་བཞད་པའི་རྩེ་དགའ་ཅན།།
གང་ཁྱོད་སྤྱི་གཙུག་རལ་བའི་ཅོད་པན་དུ།།
སྲིད་ཞིའི་གདུང་བ་སེལ༵་བའི་དཔྱིད་དུ་བསྟེན།།

བཙོ་སྦྱངས་ངལ་བས་དག་པའི་ཀཉྪ་ནར།།
འབུམ་ཕྲག་འོད་སྟོང་རྒྱལ་བོའི་སྣང་བ་ཡིས།།
འཁྱུད་མཚུངས་མཚན་དཔེའི་གཟི་བྱིན་ལམ་མེ་བ།།
ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་བགྱི་འོ།།

དངུལ་དཀར་ཞུན་མ་འཁྱིལ་བའི་རླབས་ཕྲེང་རྩེར།།
མ་སྙིགས་འདབ་སྟོང་གྲོལ་བའི་གེ་སར་ལ།།
ཞབས་སེན་མུ་ཏིག་དཀར་བོ་སྙོམས་འཇུག་པའི།།
མཚོ་སྐྱེས་བླ་མ་དུས་གསུམ་ཀུན་ཏུ་བསྙེན།།

བརྒྱད་གཉིས་ལང་ཚོས་དཔལ་འཆང་གཞོན་ནུའི་སྐུ།།
སྙན་འཇེབས་ཟླ་བྲལ་ཡན་ལག་དྲུག་ཅུའི་གསུང་།།
ཨེ་ཝཾ་བདེ་སྟོང་ཡེ་ཤེས་རྫོགས་པའི་ཐུགས།།
མཁྱེན་པའི་དཔལ་སྩོལ་ལྷ་དེ་ཕྱག་གི་ཡུལ།།
ཀ་ཁ་སུམ་བཅུ་ཚང་བའི་ཚིག་བཅད་དོ།།

རྒྱལ་ཀུན་གསང་གསུམ་རྒྱན་གྱི་འཁོར་ལོའི་ཕུལ།།
རྒྱལ་སྲས་བྱེ་བའི་ཟློས་གར་ཀློང་ཆེན་པས།།
བྱིན་རླབས་མེ་ཏོག་མནྡར་ཡི་ཆར།།
འཛད་མེད་སྙིལ་བས་དེང་འདིར་ཤིས་པ་སྒྲུབས།།

མཛེས་སྐུ་ཤེལ་གྱི་འཁྲི་ཤིང་རྒྱས་པའི་རྩེར།།
ཡིད་འཕྲོག་ཞལ་གྱི་པདྨོ་འཛུམ་པའི་ལྟོར།།
ཚེམས་དཀར་ཟེའུ་འབྲུ་བཞད་པའི་ཚལ་ཡངས་ལས།།
ངག་རིག་སྦྲང་རྩིའི་དཔྱིད་འཇོ་བཅོམ་ལྡན་མ།།

གང་གི་རྣམ་ཐར་མུ་ཏིག་དཀར་བོའི་ཚལ།།
སྙན་ཚིག་གསེར་གྱི་སྐུད་པ་ལ་བརྒྱུས་ཏེ།།
དཔྱོད་ལྡན་རྣ་བའི་རྒྱན་དུ་སྦྱིན་པ་ལ།།
འཛད་མེད་གཟུངས་སྤོབས་བློ་ཡི་སྣང་བ་སྩོལ།།

རྣམ་ཐར་རྗེས་སུ་དྲན་པའི་ཀུན་རྟོག་གི་དྲི་བཞོན།།
དད་གསུམ་དཔག་བསམ་ལྗོན་པའི་འཁྲི་ཤིང་ལ་ཕྱོཊ་སྐབས།།
སྡེབ་ལེགས་ཡལ་ག་གཡོ་བའི་སྙན་ཚིག་གི་རང་སྒྲ།།
མཛུབ་རྩེ་གར་དུ་བསྒྱུར་པའི་རྗེས་ཤུལ་ལས་གསལ་བ།།

ཨེ་མ་ཛམྦུ་པྲྀཀྵའི་རྐང་འཐུང་གི།།
སྨིན་ལེགས་ཡལ་ག་འཐོར་བའི་ངོ་མཚར་དབྱངས།།
སྙན་པ་རྣ་བར་ལྷུང་བས་མིང་ཆགས་པ།།
དེ་ཡི་ཡུལ་གྲུ་འདོད་ཁམས་སྨད་ཀྱི་ཆ།།

ལུགས་གཉིས་དགེ་མཚན་དྭངས་མའི་རྩེ་དགའ་ཡིས།།
མངོན་དགའི་ཞིང་གི་ཕུན་ཚོགས་དཔལ་འཛིན་པ།།
རྨ་ཡུལ་གསེར་ལྡན་འཛིན་མའི་གདུལ་བྱའི་ཞིང་།།
བརྩེ་ཆེན་ཕྱག་རྒྱ་དམ་པོས་ཉེ་བར་བཅིངས།།

རབ་དམར་བྱུ་རུའི་མདངས་འཛིན་སྒྲ་ལྡན་མའི།།
ཟླ་ཕྲེེང་བཞད་པ་བཅུ་བའི་དམར་བོའི་ཕྱོགས།།
རྫོགས་པ་གསུམ་པའི་ལང་ཚོའི་མེ་ཏོག་གི།།
འདབ་སྟོང་རྣམ་པར་བཞད་པའི་དུས་ཚེས་ལ།།

ཁྱད་ཆོས་དྲུག་ལྡན་ཀུན་བཟང་གདོད་མའི་གཤིས།།
མ་བཅོས་སོ་མའི་རིག་པ་བྱང་ཆུབ་སེམས།།
བརྗོད་བྲལ་མི་ཤིག་སྙིང་གི་ཏི་ལ་ཀཿ །
ཕྱི་གསལ་སྐུ་རུ་ལྡང་བའི་སྐད་ཅིག་ལ།།

རིགས་རུས་ཆོ་འབྲང་སྐྱོན་གྱིས་མ་སྨད་པ།།
ཡབ་གཅིག་ཐིག་ལེ་འཛིན་པའི་སྡུག་གུ།།
སྦྲུམ་པའི་མངལ་རྒྱ་གྲོལ་བའི་ལྟས་བཟང་བོས།།
རབ་ཡངས་འཛིན་མའི་ཁྱོན་ཀུན་དོག་པོར་གྱུར།།

རྣམ་སད་གོས་ཀྱི་དུམ་བུ་སྤྲིན་དཀར་གྱི།།
ག་ཤལ་ས་ལ་ལྷུང་བཞིན་ཕྱོགས་ཀྱི་ཁྱོན།།
གངས་རིའི་མཛེས་ལྡན་ཁ་བ་རི་བའི་སྡེར།།
ཕན་བདེའི་འོད་སྟོང་སྤྲོ་བའི་ཉེར་བསྡོགས་བརྩམས།།

དེ་ཚེ་གྲུབ་རིགས་ཁྱུ་མཆོག་གིས།།
བསྟན་འགྲོའི་ཕུང་རྒུད་མུན་པའི་སྨག །
སེལ་བྱེད་སྒྲོན་མེ་འདི་ཡིན་ཞེས།།
དོན་མཐུན་མཚན་གྱི་ཅོད་པན་བྱིན།།

དྲི༵་མེད༵་རྒྱལ་བསྟན་པད་མའི་ཚལ།།
གསལ་བྱེད་འོད༵་ཟེར༵་དྲ་བ་ཅན།།
གང་གི་གསང་གསུམ་སྒྱུ་འཕྲུལ་དུ།།
བསྔགས་བརྗོད་མགྲིན་པའི་སིལ་སྙན་ཁྲོལ།།

ཞབས་སྐྱེས་འཁོར་ལོས་མཛེས་པའི་རིས།།
ཆེ་དགུའི་གཙུག་ཏུ་བཀོད་དང་ལྷན།།
འཕྲོག་བྱེད་ནག་པོའི་རྩ་ལག་གི།།
སྙིང་ལ་ཟུག་རྔུའི་ཚོར་བ་བསླངས།།

དཀར་གསལ་དབང་བོའི་གཞུ་ཡི་འཁྲི་ཤིང་རྒྱུད།།
མ་ཉམས་གཙུག་ཏུ་བཏེགས་པའི་ངོ་མཚར་གྱིས།།
ལོག་རྟོག་སྐྱེ་བོའི་ཡིད་ཀྱི་ཞིང་ས་ཡང་།།
དད་གསུམ་མྱུ་གུ་སྨིན་པའི་འབྲས་ལྡན་གྱུར།།

རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྟ་བདུན་དབང་།།
མཛེས་སྡུག་མཚན་དཔེའི་འོད་ཟེར་དྲ་བ་ཅན།།
ལྷོ་གླིང་རྒྱན་དུ་བཞད་དང་ཆབ་གཅིག་པར།།
ས་གསུམ་མྱ་ངན་མེད་པའི་དཔལ་ལ་བཀོད།།

བགྲང་ཡས་བསོད་ནམས་དཔལ་ལས་ལེགས་འཁྲུངས་པའི།།
བལྟས་པའི་མི་ངོམས་མཐོང་གྲོལ་མཚན་དཔེའི་སྐུ།།
གསར་ཚེས་ཟླ་བ་དཀར་བོའི་ལང་ཚོ་བཞིན།།
སྨིན་པའི་དགེ་མཚན་སྣང་བ་ཡར་ལ་ཕྱོགས།།

དེ་ནས་བཀྲ་ཤིས་རི་མོ་ཕྱོགས་རྫོགས་པའི།།
བགྲང་བྱ་གཡས་འཁྱིལ་དུང་གི་འཛུམ་གྲོལ་ཚེ།།
འབྲི་དང་ཀློག་སོགས་བརྡ་བསྟན་ཙམ་རེས་ཀྱང་།།
མཐའ་དག་ཐུགས་སུ་ཆུད་པའི་མཛད་པ་བསྟན།།

དེ་ཚེ་དེ་ཡིས་འདོད་པའི་དཔལ་རྣམས་ཀུན།།
དྲི་བཞོན་ཤུགས་ཀྱིས་བསྐྱོད་པའི་རྐང་འཐུང་ཁར།།
ཅུང་ཟད་ངལ་གསོ་ཐོབ་པའི་ཆུ་ཐིགས་ལྟར།།
མི་བརྟན་གཡོ་བའི་ངང་ཚུལ་འདི་མཐོང་ནས།།

ཕུལ་བྱུང་ཡོན་ཏན་བྱེ་བ་འབྱུང་བའི་གནས།།
ངུར་སྨྲིག་མཚམས་སྤྲིན་གསལ་བ་ལི་ཁྲིའི་རྡུལ།།
འཕན་མེད་ཕྲག་ཏུ་བཞེས་པའི་རྣམ་ཐར་ལ།།
རྒྱལ་ཀུན་སྙིམ་པའི་མེ་ཏོག་སྙིང་ཁར་ཟུམ།།

སྡོམ་བརྩོན་མ་ལ་ཡ་དག་གི།།
དྲི་བསུང་སྣུམ་པོའི་དགའ་སྟོན་གྱིས།།
འཁོར་ཡུག་ཁྱོན་གྱི་དྲི་འཛིན་ལ།།
བདུད་རྩིའི་སིམ་པ་ལན་བརྒྱར་བྱིན།།

ལང་ཚོའི་མེ་ཏོག་ན་ཕྲ་ཡང་།།
མཁྱེན་རྩལ་རྫོགས་པའི་ཤེད་མོང་གིས།།
ལྔ་རིག་སྨྲ་བའི་མཁས་དབང་ཡང་།།
སེ་འུ་བཅུ་བའི་གྲལ་ལ་བཀོད།།

དགུང་གྲངས་བཅོ་བརྒྱད་ཆུ་མོ་བྱ་ཡི་ལོར།།
འཕགས་ཡུལ་མ་ག་དྷ་དང་མི་གཉིས་པའི།།
འབུམ་ཕྲག་འཇའ་ལུས་གྲུབ་པའི་གདན་ས་དེར།།
ཞབས་ཟུང་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད།།

བཤད་སྒྲུབ་ནོར་བུའི་ལྷུན་པོ་ནས།།
ངེས་པ་དོན་གྱི་དགེ་བའི་བཤེས།།
མགོ་ཚ་ཨོ་རྒྱན་བསྟན་འཕེལ་གྱི།།
ཞབས་པད་གཙུག་གི་ནོར་བུས་བཏེགས།།

མཁས་པ་སྔ་མའི་བཀའ་སྲོལ་ལྟར།།
བརྒྱ་ཕྲག་གཅིག་དང་ཉེར་ལྔ་བོའི།།
གཞུང་གི་དཀའ་བའི་མདུད་རྒྱ་ཡང་།།
རྣམ་དཔྱོད་སོར་རྩེ་གཅིག་གིས་ཕྱེས།།

སྒོམ་བྱུང་སྒྲོ་འདོགས་གཅད་པའིི་ཡུལ།།
པོད་ལྔའི་གཞུང་གི་ཚིག་དོན་ཆ།།
ལན་རེ་ཟུང་རེ་ཐོས་ཙམ་གྱིས།།
མཐའ་དག་ཐུགས་ལ་སྙོམས་ཞུགས་པས།།

འཇམ་མགོན་ས་སྐྱ་པཎ་ཊི་ཏའི།།
མཁྱེན་རབ་ལས་ཀྱང་དཔང་མཐོ་ཞེས།།
འཛིན་མའི་ཁྱོན་གྱི་སྐྱེ་འགྲོའི་ཁ།།
དལ་བ་མེད་པར་བཟླས་བརྗོད་བརྩོན།།

གཞན་ཡང་མན་ང༵ག་སྦྲང་རྩིའི་བཅུད།།
འགྲེམ་མཛད་མཁས་དབ༵ང་དཔ༵ལ་གྱི་གོས།།
བཟ༵ང་བོའི་མཚན་གྱི་རྩེ་དགའ་ཅན།།
དད་གསུམ་སྙིང་གི་མཛའ་མོར་བསུས།།

རྡོ་རྗེ་འཆང་ནས་རིམ་པ་བཞིན།།
མེར་མེ་གཅིག་ལས་གཅིག་མཆེད་ལྟར།།
བརྒྱུད་པའི་གསེར་སྐུད་མ་ཉམས་པའི།།
རིག་འཛིན་གོང་མའི་སྙིང་གི་ནོར།།

ཚེ་གཅིག་འོད་སྐུར་གྲོལ་བའི་ལམ།།
སྙན་རྒྱུད་རིན་ཆེན་ནོར་བུའི་དབྱིག །
མཁའ་འགྲོའི་ཞལ་རླངས་མ་ཉམས་པ།།
མི་ཤིགས་སྙིང་གི་ཐིག་ལེར་གདམས།།

མཁས་མང་སྐལ་ལྡན་ཤིང་རྟའི་ཉེར་དྲངས་པའི།།
རྒྱལ་དབང་པད་མ་ཀ་རའི་དགོངས་པའི་བཅུད།།
སྡེ་གསུམ་ཀློང་དགུའི་ཆོས་ཚུལ་གཱངྒ་མ།།
རྫོགས་པར་ཁོང་དུ་བསྐྱིལ་བའི་གྲགས་པ་འབར།།

དེ་ཚེ་བུ་རམ་ཤིང་བས་སྡེ་སྣོད་གསུམ།།
རང་སྲས་འོད་སྲུང་ཆེན་པོར་གཏད་པ་ལྟར།།
ཐུབ་བསྟན་སྤྱི་དང་གསང་བ་སྙིང་ཐིག་གི།།
གདམས་ཟབ་རྨད་བྱུང་ཆོས་ཀྱི་གན་མཛོད་གཏད།།

བྱམས་བརྩེའི་གྲིབ་བསིལ་ཡངས་པའི་འཁོར་ཡུག་ཁྱོན།།
སྲིད་ཞིའི་ཚ་གདུང་མིང་གི་ལྷག་མ་རུ།།
བྱེད་པའི་འཕགས་རིགས་བཤེས་གཉེན་གཞན་དང་གཞན།།
བསྟེན་པའི་སྐལ་བཟང་ཆོ་ག་རྫོགས་ཡོད་མིན།།

རྨོངས་པའི་བརྟན་པ་འཕྲོག་བྱེད་ནོར་གྱི་ཕུལ།།
མང་ཐོས་འོད་བརྒྱ་འབར་བའི་སྣང་བ་ཅན།།
ཡེ་གསང་རྫོགས་ཆེན་པད་མའི་རྩ་ལག་ཏུ།།
སྨིན་པས་ཐང་ལྷོད་བགྱིད་ལ་ཡིད་མ་རངས།།

འོན་ཀྱང་ཚིག་སྐམ་འཇའ་རིས་ཚོན་བརྒྱ་བ།།
མཚར་དུ་རྫོགས་ཀྱང་ལྔ་ལམ་ལ་ཚེ།།
ཞི་བའི་དཔལ་ལ་ཉེ་བར་ཕན་པའི་ཟོང།།
གནམ་སྟོང་ཟླ་བའི་རྗེས་སུ་བསྙེག་སྙམ་ནས།།

སྔོན་བྱོན་གྲུབ་རིག་བཞད་ལྡན་ནགས་ཀྱི་ལྗོང་།།
ཡིད་འོང་རྡོ་བས་གཅལ་བཀྲམ་གཞལ་མེད་ཁང་།།
བྱིན་རླབས་དྲི་བསུང་འཐུལ་བའི་ལྡིང་ཁང་དུ།།
རིམ་གཉིས་ཏིང་འཛིན་འགུགས་ལ་གཅིག་ཏུ་དྲིལ།།

རྙེད་དཀའ་འཇིག་སླ་དལ་འབྱོར་ཤིང་ལོའི་འདབ།།
ཟིན་མེད་བྱ་བཞག་ལྷོ་ཡི་དྲི་ལེན་མས།།
ཚུལ་མིན་ཡུལ་དྲུག་སྒྱུ་མའི་ཐང་ཆེན་དུ།།
ཁྱེར་བའི་ཕྱི་ཐག་སྟུང་བ་དེ་དང་དེར།།

མི་བརྟན་གཡོ་བ་གྱ་གྱུའི་ལང་ཚོ་ཅན།།
རང་སེམས་ཞི་བར་བསྒྱུར་བའི་དྲང་སྲོང་གིས།།
མཆོག་ཏུ་མི་འགྱུར་གཉུག་མའི་ཏིང་འཛིན་ལ།།
སྙོམས་འཇུག་བགྱིས་པའི་རྣམ་ཐར་སུ་ཡིས་གཞལ།།

སྒྲོན་དྲུག་འོད་གསལ་ནང་དབྱིངས་རིག་པའི་གདངས།།
རྟོགས་གོམས་མཐའ་རུ་ཕྱིན་པའི་ཉམས་ལེན་གྱིས།།
ལྷུན་གྲུབ་སྣང་བ་བཞི་ཡི་རྩལ་རྫོགས་པའི།།
གསང་ཆེན་ཨ་ཏིའི་ཤིང་རྟ་གཞན་ཡོད་མིན།།

དེ་ཡང་སྤྱི་མཐུན་ལས་དམན་མཐུ་བཙན་པོས།།
དགེ་ལེགས་ཕན་བདེའི་མྱུ་གུ་གཅོད་པའི་མཚོན།།
ངན་སྤྱོད་ཀླ་ཀློ་གདུག་པའི་མེ་ཡི་ཆར།།
ཁ་བ་དཀར་བོའི་མུ་འཁྱུད་མཐོངས་སུ་བབ།།

དགེ་སྡིག་མི་རྩི་རྒྱུ་འབྲས་ལོག་པར་སྤྱོད།།
ཡ་རབས་བྱ་བ་མི་སྲིད་ཐན་དུ་བལྟས།།
བསྟན་འཛིན་མཆོག་རྣམས་ཁྲིམས་ལ་སྦྱར་བ་སོགས།།
ཆེར་སྙིགས་དུས་ཀྱི་རང་མཚང་རྡོལ་བའི་སྐབས།།

གསར་མཐོང་འཁྲུལ་སྣང་ར་རིའི་རྡུལ།།
འཆི་བ་བྲལ་བའི་བདུད་རྩི་ཞེས།།
སྟོང་འུར་ནམ་མཁའི་འབྲུག་གི་སྒྲས།།
འཛིན་མའི་ཁྱོན་ལ་ཕུང་བ་སྦྱིན།།

དཔལ་སྟུག་བཅུད་ཀྱིས་ཡོངས་གཏམ་པའི།།
ཕ་ཆོས་ནུ་ཞོས་མྱོས་བུམ་ལ།།
ལོག་རྟོག་སོ་རྣོན་སྟ་རེའི་དབལ།།
བཏབ་པས་བསྟན་སྲོག་ལྷག་མར་བྱས།།

དུས་འདི་ཉིད་ན་འདྲེན་པ་མཆོག །
བརྩེ་བྲལ་མི་ཡི་སྲིན་པོ་འགས།།
བགྲང་བྱའི་འཁྱུད་འཁོར་ཉེར་གཉིས་བར།།
འཇིགས་རུང་མུན་པའི་འོབས་སུ་བཅུག །

ཤུགས་དྲག་ཞུགས་ཁའི་ས་བོན་ཚིག་པོ་ལས།།
མེ་འབྲས་གཡུལ་དུ་སྨིན་པའི་རེ་སྒུག་ལྟར།།
གྱ་གྱུའི་ཀུན་རྟོག་ཡོན་པོའི་ཆུ་རིས་ཀྱིས།།
མ་ནོངས་དུས་འདིར་ལུས་པ་སྲིད་མཐའ་ཙམ།།

འོན་ཀྱང་འདམ་ལས་སྐྱེས་པའི་པད་མ་ལ།།
འདམ་གྱི་དྲི་མས་གོས་པ་མེད་པ་ལྟར།།
གང་ཐུགས་ནགས་མའི་འཁྲི་ཤིང་རྒྱས་པའི་ཁར།།
ཉམས་རྟོགས་མྱུ་གུ་སྨིན་པའི་གྲོགས་སུ་གྱུར།།

ངོ་མཚར་འགྱོག་འགྲོ་བདུན་གྱི་ཤུགས་འཆང་བ།།
སྣང་བྱེད་བདག་པོའི་འགྲོས་ཀྱིས་མཚོན་མིན་པའི།།
ཐེག་མཆོག་རྡོ་རྗེ་རྩེ་མོའི་འཕྲུལ་ཐབས་ཀྱིས།།
མཐར་ཐུག་སྐུ་བཞིའི་རྒྱལ་ས་མངོན་དུ་བྱས།།

ལོག་ཞུགས་གོར་མའི་བ་དཔང་མཐོ་བ།།
མཐའ་བྲལ་རིག་ལམ་རྡོ་རྗེའི་མེ་ཆར་གྱིས།།
བསྙོལ་བའི་གྲགས་དཀར་སྐྱེ་བ་ལྔ་བའི་དབྱངས།།
ཕྱོགས་ཀྱི་བུ་མོའི་ཐོས་འཛིན་རྒྱན་དུ་བྱས།།

ཆེར་སྙིགས་སྔོ་བསངས་མཛེས་མའི་གདོང་བ་ལས།།
ངན་རྟོག་སྤྲིན་གྱི་འཚུབ་མ་ཉམས་སྨད་དེ།།
གཡོ་རྒྱུའི་དུག་ཆར་འབེབས་པའི་མཚམས་འཇོག་སྐབས།།
ཞབས་ཟུང་གསེར་གྱི་ཤིང་རྟ་རང་ཡུལ་བསྐྱོད།།

མེ་ཕོ་འབྲུག་གི་གནམ་ལོ་ནས།།
འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱིས།།
རྒུད་པའི་དཔུང་ལ་སྐྱེངས་པ་སྦྱིན།།
ཐུབ་བསྟན་མེ་རོ་རྨང་ནས་གསོས།།

མཁྱེན་བཟང་ལྷ་ཡི་ཡུར་བ་རུ།།
སྡེ་གསུམ་ཆོས་ཚུལ་ཉལ་འགྲོའི་རྒྱུན།།
ཕུལ་བྱུང་འདྲེན་པའི་ཤིང་རྟ་ཞེས།།
ས་གསུམ་གྲགས་པ་དཀར་བོས་གཏམས།།

ངང་བ་གཡུ་འབྲུག་འདུ་བའི་ཁུགས་སོ་རུ།།
ཐུབ་བསྟན་བཤད་སྒྲུབ་བཀྲ་ཤིས་ཆོས་འཁོར་གླིང།།
རྟེན་དང་བརྟེན་པའི་བཀོད་པ་རབ་བསྐྲུན་ཏེ།།
ཕུན་ཚོགས་ཕན་བདེའི་སྒོ་འཕར་ཡངས་པོར་ཕྱེས།།

ས་གཞི་གཡུ་ཡི་མེ་ལོང་དག་པ་རུ།།
རྩྭ་ལྗང་མྱུ་གུའི་ཤམ་བུ་བཀྲམ་པའི་ཕང་།།
ས་ལུས་ཁྱུ་ཚོགས་རྩེ་བའི་དོ་ར་དེར།།
གཞེན་འདེབས་ཚིག་གི་མེ་ཏོག་ཅུང་ཟད་གཏོར།།

གཡའ་རྫ་གང་ནས་བབ་པའི་ཉལ་འགྲོ་མས།།
དཀར་འཛུམ་ལྦུ་བ་འགྲེམ་པའི་མུ་ཏིག་ཚལ།།
དྲི་བྲལ་སྒེག་ལྡན་འཆི་མེད་རྫིང་རིང་དུ།།
རྒྱུ་སྐར་བདག་པོའི་དཔུང་ཚོགས་བཀྲམ་པ་བཞིན།།

བགྲང་ཡས་འདབ་སྟོང་འཛུམ་པའི་གེ་སར་གྱི།།
རྡུལ་ཕྲེང་གསེར་གྱི་ཕྱེ་མ་བརྡལ་བའི་གཞིར།།
བུང་བའི་ན་ཆུང་མགྲིན་པ་གྲོལ་བའི་གླུས།།
དྲི་ཟའི་རྒྱུད་མང་སྟོང་གི་དཔལ་ལ་འགྲན།།

ལྷུགས་ལྷུགས་འདབ་གཤོག་སྟོང་དུ་གྲོལ་བ་ཡིས།།
མཛེས་མཛེས་མིག་གི་གཟི་ལེན་པད་དཀར་ལྗོན།།
ལྡེམ་ལྡེམ་རླུང་གིས་བསྐྱོད་པའི་གར་སྟབས་ནི།།
ལྷག་ལྷག་དད་པའི་ལྷ་ཕྱག་འཚལ་བ་བཞིན།།

མཚར་སྡུག་དབྱར་གྱི་དཔལ་མོ་དར་བ་མོས།།
འདུ་བྱས་ཛཱ་ལི་ཀ་དང་ཀ་མ་ལ།།
དགུན་གསུམ་འཐོར་རླུང་དྲག་པོའི་འཕྲུལ་འཁོར་གྱིས།།
བསྙིལ་བས་མི་རྟག་སྣང་ཤེས་གསལ་བར་མཚོན།།

དེ་ལྟའི་ཡིད་འོང་ཆོས་ཀྱི་མདུན་ས་དེར།།
ཆོས་བརྒྱད་དུག་ཆུའི་རྫིང་ལ་མི་ཆགས་པར།།
གཉུག་སེམས་ཨུཏྤལ་མཛེས་པའི་དགའ་ཚལ་དུ།།
ཏིང་འཛིན་བཅུད་ཀྱིས་འཚོ་བའི་སྐྱེས་ཆེན་དང་།།

དགག་སྒྲུབ་རིགས་པའི་ཆ་ཤས་ཕྲ་མོས་ཀྱང་།།
ཀུན་རྨོངས་ལོག་རྟོག་ལྕུག་མའི་འཆིང་ཐག་རྒྱ།།
གྲོལ་ཏེ་ཐུན་མིན་རིག་པའི་གཞུང་འཛིན་པ།།
གཅིག་ལས་གཅིག་མཚར་ཕན་ཚུན་འགྲན་བཞིན་ལྷགས།།

དེ་ཚེ་རབ་ཡངས་འཛིན་མའི་དོ་ར་རུ།།
ཐུབ་བསྟན་བཤད་སྒྲུབ་ཀ་མ་ལ་ཡི་ཚལ།།
ལྷུགས་པར་གྲོལ་བའི་ཟབ་གསལ་སྦྲང་རྩིའི་བཅུད།།
གཞིབ་པའི་སྐལ་བཟང་མཐའ་ནི་གཞལ་ཡོད་མིན།།

བརྒྱུད་ལྡན་བླ་མའི་ཐུགས་བརྩེའི་རལ་ཀླུང་ལས།།
སྙན་རྒྱུད་ཆོས་དཀར་ཛ་ཧུའི་བུ་མོའི་རྒྱུན།།
བབ་པ་མི་ཤིག་སྙིག་གི་ཡོལ་གོ་རུ།།
བསྐྱིལ་བའི་མོས་ལྡན་སྐལ་བ་བཟང་བོར་བྱས།།

དེ་ནས་ཐུན་མོང་གདུལ་བྱའི་སྣང་ངོ་རུ།།
ཞིང་འདིར་མཛད་པ་རེ་ཞིག་རྫོགས་ཚུལ་གྱིས།།
བདག་ནི་ཀུན་མཁྱེན་དྲི་མེད་འོད་ཟེར་དང་།།
དགོངས་པའི་ཆུ་བོ་མ་ལུས་གཅིག་འདྲེས་ཏེ།།

མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ།།
རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་འབྱོར་བས།།
ཐུགས་རྗེ་བྱིན་རླབས་སྔར་ལས་ལྷག་པ་ཡིན།།
ཞེས་སོགས་ངོ་མཚར་གདམས་ངག་ཞལ་ཆེམ་དང་།།

རྨད་བྱུང་ཕྲིན་ལས་སྣང་བའི་མུ་འཁྱུད་ཀྱིས།།
ཟླུམ་པོར་བཅིངས་པའི་སྐུ་སྐྱེ་རྟ་བདུན་དབང་།།
སླར་ཡང་གདུལ་བྱའི་དཔལ་དུ་འཇུག་པ་ཡི།།
ཞལ་བཞེས་འདུས་པ་ཡོངས་ལ་བརྩེ་བས་གནང།།

དགུང་གྲངས་དོན་བརྒྱད་ཆུ་མོ་བྱ་ཡི་ལོའི།།
ཟླ་ཕྲེང་ལང་ཚོ་འཛུམ་པའི་ཐ་མའི་ཆ།།
དཀར་ཕྱོགས་རྫོགས་པ་གསུམ་པའི་ཐུན་མཚམས་ལ།།
སྒྱུ་འཕྲུལ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།།

རླབས་ཆེན་བསོད་ནམས་ཤིང་རྟས་ཉེར་དྲངས་པའི།།
རྒྱལ་སྲས་སྤྱོད་པ་ས་འཛིན་སྤོ་ན་མཛེས།།
མཛད་ཕྲིན་དགེ་ལེགས་སྣང་བ་འབུམ་འགྱེད་དེ།།
རེ་ཞིག་ཞི་བའི་དབྱིངས་སུ་གཟིམས་པར་གྱུར།།

སྐབས་དེར་གཉུག་སེམས་ལྷ་ཡི་ཌཱཀི་མས།།
ཉི་ཁྲི་ཆིག་སྟོང་ལས་རླུང་སྙིག་མའི་སྲོག །
དོགས་མེད་ཟོས་པས་རབ་སྔངས་ནོར་འཛིན་མ།།
ལུས་ཀུན་འདར་བཞིན་གྱེན་དུ་འཕགས་སྙམ་བྱུང་།།

ཆེ་བ་སྟོང་ལྡན་དུ་མའི་གཙུག་གི་རྒྱན།།
གདུང་སྐུ་ཞུགས་ལ་སྦྱངས་པའི་ངོ་མཚར་དགེས།།
རྣམ་མང་གདུལ་གདུལ་བྱའི་བསོད་ནམས་ས་གཞི་ལ།།
ཕན་དང་བདེ་བའི་ལོ་ཏོག་ཅི་ཡང་བསྐྲུན།།

འཕོ་ལྟུང་ཟུག་རྔུའི་སྤྲོས་པ་རང་སར་དག །
འཕོ་མེད་རིག་སྟོང་ཆོས་སྐུའི་རང་ཞལ་མཐོང་།།
འཕོ་འགྱུར་རྟོག་པའི་དྲ་བ་དབྱིངས་སུ་ནུབ།།
འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་གྲུབ།།

ཨ་ཧོ་བརྒྱུད་གསུམ་བླ་མའི་ལམ་སྲོལ་མཆོག །
ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་རྫོགས་པ་ཆེའི།།
མན་ངག་སྙིང་གི་དབུས་སུ་སུམ་པ་ཡི།།
མོས་ལྡན་བདག་ཅག་སྐལ་བ་བཟང་སྙམ་སེམས།།

ད་ལྟ་ལེགས་བཤད་ཟེར་བརྒྱ་འཛུམ་པའི་རླབས།།
ཕྱོགས་སུ་འགྲེམ་པའི་བཤེས་གཉེན་ཨ་དིའི་བུ།།
གཞན་སྐྱེན་རྟ་བདུན་ཤིང་རྟས་ཉེར་དྲངས་ཏེ།།
ཞི་དབྱིངས་ཆུ་ལྷའི་ཕང་བར་ཡིབས་འདིས་སྐྱོ།།

སྲས་བཅས་རྒྱལ་བའི་ཕྲིན་ལས་ཟློས་པའི་གར།།
སྐྱབས་གཅིག་མཚུངས་མེད་བླ་མ་རིན་པོ་ཆེ།།
དྲན་པའི་གདུང་བ་དྲག་པོ་དུས་ཀུན་ཏུ།།
སྙིང་ལ་ཉལ་བའི་རེ་ཁཱ་གསུབ་དུ་མེད།།

གང་གསུང་པདྨའི་རྫིང་བུ་ལ་བརྟེན་པའི།།
ཚངས་སྤྱོད་ངུར་སྨྲིག་གསལ་བའི་ངང་མོ་འབུམ།།
དྲན་པ་ཙམ་ལས་མིག་གི་དགའ་སྟོན་དུ།།
འགྱུར་བ་མེད་འདིས་སྙིང་ཁུང་ཆུ་བཞིན་གྲང་།།

ལྔ་ཕྲག་ལག་འགྲོ་གདུག་པའི་ཁ་རླངས་ཀྱིས།།
ཐུབ་བསྟན་འཛིན་མའི་ཁྱོན་ཀུན་སྒྲིབ་འདོད་པས།།
ཉེས་སྤྱོད་སྣ་དགུའི་གང་གི་མདུན་ས་ཡང་།།
སྟོང་ལ་ཕྱོགས་པས་མགོན་ཁྱོད་ལྷག་པར་དྲན།།

ད་ནི་མཉེས་གཤིན་ཨ་ཤྭད་ཐ་ཡི་ཚལ།།
བོར་ནས་གྲགས་སྐམ་ཆུ་ཤིང་དར་མ་ལ།།
རེ་བའི་ངན་མཚང་བཀོད་མའི་ཆུ་བཞིན་དུ།།
མཐའ་དབུས་ཀུན་ཏུ་ལུད་པ་དེས་ཀྱང་སྐྱོ།།

རང་སེམས་དྲི་བྲལ་འཆི་མེད་ལམ་ཡངས་པོར།།
གསལ་བའི་སྐྱོ་སྣང་ཆུ་འཛིན་དྲ་བ་ལས།།
ལྟ་བྱེད་མཆི་མའི་གྲུ་ཆར་འགྲམ་པའི་སར།།
ལྷུང་བ་ཀུ་མུད་གསར་བའི་དོག་པ་བཞིན།།

འོན་ཀྱང་ཀུན་གཞིའི་དར་དཀར་ངོས་ཡངས་ལ།།
ལས་དམན་ཚོན་བརྒྱས་རི་མོར་བྲིས་པའི་གཟུགས།།
མངོན་པར་གསལ་བ་ཐུབ་ཆེན་ཕྱག་གིས་ཀྱང་།།
བསྐྱོད་དུ་མེད་ན་གཞན་གྱིས་ཅི་བྱར་ཡོད།།

དེས་ན་འགྲོ་ཀུན་སྲིད་པའི་གཅོང་རུང་དུ།།
དཀར་མིན་ལས་ཀྱི་ཆུ་བོས་བར་མེད་དུ།།
ཁྱེར་བ་དེ་སྲིད་བྱིན་རླབས་ལྦུ་ཕྲེང་གིས།།
ཉེ་བར་སྐྱོངས་ཤིག་འདྲེན་མཆོག་ཐུགས་རྗེ་ཅན།།

འདིར་འབད་དགེ་ཚོགས་ཟླ་བའི་འཛུམ་ཟེར་གྱིས།།
ཐུབ་བསྟན་ཀུ་མུད་དགོད་པའི་ནགས་ཀློང་དང་།།
རྣམ་མང་སྐྱེ་དགུའི་ཕན་བདེའི་ཆུ་གཏེར་ཆེ།།
ཀུན་ནས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

བདག་ཀྱང་བདག་ལྟའི་འཆིང་བ་དམ་པོ་ལས།།
ཐར་ནས་ཐར་བའི་ཁང་བཟང་ཉམས་དགའ་བར།།
ལུས་ཅན་ལུས་པ་མེད་པ་ཐམས་ཅད་ཀུན།།
འདྲེན་པའི་འདྲེན་པ་མཆོག་གི་དཔལ་ཐོབ་ཤོག །

ཚེ་རབས་ཀུན་ཏུ་དཔལ་མགོན་བླ་མ་ཡི།།
ལེགས་བཤད་བདུད་རྩིའི་དགའ་སྟོན་ངོམས་མེད་དུ།།
འཐུང་བས་རླབས་ཆེན་བྱང་ཆུབ་སྤྱོད་པ་ཡིས།།
རྒྱལ་བའི་དམ་ཆོས་མཐའ་དག་འཛིན་གྱུར་ཅིག །

ཅེས་རིས་མེད་བསྟན་འགྲོའི་སྤྱི་དཔལ་སྐྱབས་རྗེ་མུན་སེལ་རིན་པོ་ཆེའི་རྣམ་ཐར་བསྡུས་པ་འདི་ནི་སྔར་ཚིག་ལྷུག་གི་ལམ་ནས་བྲིས་པ་ཞིག་ཡོད་པ་བླ་མ་ཚེ་རིང་རྒྱ་མཚོས་རྣམ་ཐར་མཐོང་བ་དོན་ལྡན་འབྲི་སྐབས་ཞིབ་གཟིགས་གནང་ནས་ལེགས་ཆ་རྣམས་དེར་བྲིས་པས་དར་སྤེལ་མ་བྱས་པ་དེ་ཉིད་ཀྱི་འགོ་བརྗོད་དང་དང་མཇུག་རྩོམ་གཞིར་བྱས་ཏེ་བོད་རབ་བྱུང་བཅུ་བདུན་པའི་མེ་ཕག་ལོའི་ཟླ་ ༦ ཚེས་ ༡༤ ཉིན་མགོ་གྲྭ་ཨོ་རྒྱན་དཔལ་འབྱོར་གྱིས་རྫོགས་པར་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་དཔལ་མགོན་བླ་མ་དམ་པ་གང་དེའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།།།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།