༄༅། །ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་པ་བརྗོད་པ་དགེ་ལེགས་དཔལ་སྟེར།

རྫ་ཤུལ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-30

  ༄༅། །ཨྃ་སྭ་སྟི། ངེས་པ་ལྔ་ལྡན་འོག་མིན་ཞིང་ཁམས་སུ། །བདེ་ཆེན་ཟུང་འཇུག་གར་གྱི་སྐུར་བཞེངས་པ། །དཔལ་ལྡན་དང་པོའི་མགོན་པོ་རྡོ་རྗེ་འཆང། །ངུར་སྨྲིག་ཚུལ་བཟུང་རྩ་བའི་བླ་མར་འདུད། །རྒྱ༵ལ་ཀུན་མཁྱེན་རབ་དམར་སེར་ལི་ཁྲིའི་མད༵ངས། །མད༵ངས་སུ་འཕོས་པ་བརྟན་པའི་འཁོར་ལོའི་ག༵ར། །གར༵་དུ་རྩེན་པ་རྗེ་བཙུན་བློ་བཟང་གྲག༵ས། །གྲག༵ས་སྙན་རྣ་བའི་བཅུད་ལེན་གང་དེར་རྒྱ༵ལ། །ཕུལ་བྱུང་བདེ་ཆེན་ལང་ཚོ་རབ་རྒྱས་མ༵། །མ༵་ལུས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ཏེ༵། །ཏེ༵་བོར་བསྟེན་པའི་བུ་ལ་ནོར་གྱི་མཆོ༵ག །མཆོ༵ག་ཏུ་སྩོལ་ཅིག་ཨརྱ་ཏཱ་རེ་མ། །ཆུ་ཤེལ་ཟླ་ལྟར་དཀར་བའི་གཞོན་ལུས་ཅན། །བྱུ་རུའི་འཁྲི་ཤིང་སོར་མོའི་གར་སྟབས་ལས། །བཻཌྰུར་མཐོང་ཀའི་རྒྱུད་ལས་ཟབ་ཆོས་ཀྱིས། །བློ་གསལ་གཞོན་ནུའི་སྨྲ་སྒོ་འབྱེད་པར་མཛོད། །འཁྲུལ་བྲལ་འཇ༷མ་མགོན་དགོངས་པའི་བཅུད། །རྫོགས་པར་རོལ་པའི་རྣམ་དཔྱོད་ཅན། །དབྱང༷ས་ལྡན་དགའ་མའི་སྲས་གཅིག་པུ། །མཁྱེ༷ན་ར༷བ་རྒྱ༷་མཚོ༷་གང་དེས་སྐྱོངས། །འཇ༵མ་དབྱང༵ས་གཞོན་ནུ་སྙིགས་མའི་དུས། །ཡེ༵་ཤེ༵ས་སྒྱུ་མའི་སྐུར་བཞེངས་ནས། །ཐུབ་དབང་བསྟན༵་པ༵འི་རྒྱལ༵་མཚ༵ན་ཆེ། །བསྒྲེང་ལ་མི་འཇིགས་སྤོབས་པ་ཅན། །རྒྱལ་བའི་རྒྱལ་ཚབ་བློ༷་བཟ༷ང་གྲགས་པའི་བསྟན། །འཛིན་ལ་འགྲན་བྲལ་ཆོ༷ས་ཀྱི༷་ཉི༷་མ༷་ཡི། །ཟླ་མེད་མཁྱེན་དཔྱོད་རྒྱས་པའི་འོད་སྣང་གིས། །མདོ་སྔགས་པད་མོའི་སྦུབ་རྒྱ་གྲོལ་བར་མཛད། །བློ༷་བཟ༷ང་བརྩེ་ཆེན་གངས་རི་ལས་འོང་བའི། །ཚུ༷ལ་ཁྲིམ༷ས་ལ་སོགས་བསླབ་གསུམ་གངྒཱའི་ཆབ། །མང་ཐོས་རྒྱ༷་མཚོ༷འི་སྙིང་པོར་ཡོངས་འཁྱིལ་བའི། །གསུམ་ལྡན་དཔལ་ལྡན་བླ་མ་གཙུག་གིས་བསྟེན། །ད༷ག་དང་མ་ད༷ག་ཞིང་ཁམས་མཐའ་ཡས་པར། །སྤྲུལ༷་བ་ཡང་སྤྲུལ༷་བྱེ་བའི་རོལ་གར་གྱིས། །དཔ༷ག་མེད་ཚད་དཔ༷ག་དཀའ་བའི་དམྱལ་བའི་འགྲོར། །བཟོ༷ད་མེད་ཀུན་བཟོ༷ད་མི་ཐེག་ཐུགས་བསྐྱེད་པ། །ངོ་མཚར་གསང་གསུམ་མཛད་པའི་རྟོགས་བརྗོད་གང། །གྲངས་མེད་རྒྱལ་བས་བརྗོད་པར་མི་ནུས་ན། །ཕྱི་ཡི་ཚུར་ལུགས་མཐོང་བས་ཡུལ་མིན་པས། །ཆ་ཙམ་བརྗོད་པའི་སྤོབས་པ་མེད་མོད་ཀྱང་། །རླབས་ཆེན་རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལས། །ཀུ་ཤུས་བླངས་པའི་ཆུ་ཡི་ཐིགས་པ་ཙམ། །རབ་དཀར་ལྷག་བསམ་དག་པས་བསྐྲུན་པ་འདི། །རང་གཞན་བསོད་ནམས་བསགས་པའི་རྒྱུར་སྨིན་ཤོག། །རྣམ༵་དཀར་དགེ་བའི་སྤྱན་ཟུང་ཕྲ་ཡང་འགྱུར་མེད་དད་པའི་ལྟོ་བ་དཀར། །རྣམ༵་ཀུན་བརྩོན་པའི་གཤོག་རྩལ་མེད་ཀྱང་གཞན་སྨོན་བྱེད་སའི་ཁྲབ་རིས་བཀྲ། །རྣམ༵་དཔྱོད་བློ་གྲོས་ཉམ་ཆུང་ཡིན་ཡང་ན་མཉམ་འགུག་པའི་འཁྱུག་རྩལ་ལྡན། །རྣམ༵་དག་སེམས་འདི་འཛིན་ཐབས་མེད་ཀྱང་དད་མཚོ་འབྲལ་མེད་དཔའ་གདེངས་ཐོབ། །དོན༷་མེད་གཏམ་གྱི་ཕྲེང་བ་སྒྲིག་པ་མ༵་ཡིན་དོན༷་ལྡན་གང་གི་རྟོགས་བརྗོད་འདི། །ཁུང༷ས་མེད་རང་བཟོས་རི་མོ་བྲིས་པ་མ༵་ཡིན་ཁུང༷ས་ལྡན་ཚིག་སྦྱོར་ལ་སྤེལ་བ། །བས༷མ་མེད་སྨྱོན་པའི་ལབ་རྡོལ་འབྱིན་པ་མ༵་ཡིན་བས༷མ་བཟང་བླ་མའི་ཞལ་གསུང་ཡིན། །འབྲེལ༷་མེད་སྒྲོ་བཏགས་འུད་བརྗོད་བྱས་པ་མ༵་ཡིན་འབྲེལ་ཡོད་ཡིག་ཆར་ཁུངས་བཅོལ་ལོ། །གང་གི་མཛད་འཕྲིན་ཆུ་སྐྱེས་དགའ་ཚལ་བདག་སེམས་བུང་བའི་ཡིད་སོང་ནས། །སྙན་ཚིག་མགྲིན་པའི་དབྱངས་འདི་སྒྲོག་པ་མཁས་རྣམས་དགྱེས་པའི་རྒྱུར་འགྱུར་མོད། །སྐལ་མེད་བྱང་བསྟན་ཁུང་བུར་གནས་པའི་ཕྱོགས་ལྷུང་འགའ་ལ་ཕན་དཀའ་རུང། །ལྷག་བསམ་སེམས་ཀྱིས་ཀུན་ནས་བསླངས་ཏེ་རྟོག༷ས་བརྗོད༷་དགེ༷་ལེ༷གས་དཔ༵ལ་སྟེར༷་འབྲི། །དམ་པའི་རྟོགས་བརྗོད་ཡིད་བཞིན་ནོར། །དད་ལྡན་རལ་བའི་རྒྱན་མཆོག་ཏུ། །དག་པའི་སེམས་ཀྱིས་འགོད་པ་ལ། །མ་གཡེངས་གུས་པས་ལོངས་ཤིག་ཀྱེ། །ཞེས་བྱ་བ་ནི་ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་པ་བརྗོད་པ་དགེ་ལེགས་དཔལ་སྟེར་ལས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་སྔོན་དུ་འགྲོ་བའི་མེ་ཏོག་གི་འདབ་མ་སྟེ་དང་པོའོ། །
 ༄༅། །ཟག་མེད་ཡེ་ཤེས་དབྱངས་ཀྱི་དབང་ཕྱུག་མ། །བདེ་སྟོང་གར་ལ་རྩེན་པའི་ཚངས་སྲས་མ། །ཆོས་དབྱིངས་མི་ཟད་གདངས་སུ་འགུག་མཛད་མ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་གཅིག་མ། །འཇ༵མ་དཔལ་དབྱང༵ས་དངོས་བློ་བཟང་གྲགས་པ་ཡི། །མཁྱེན༵་ར༵བ་རྣོ་དབལ་རལ་གྲིའི་འཕྲུལ་འཁོར་གྱིས། །མི་ཤེས་རྨོངས་པའི་དྲ་རྒྱ་གཅོད་མཁས་པའི། །ཤེས་རབ་རྒྱ༵་མཚོ༵ར་མངའ་བ་དེས་སྐྱོངས་ཤིག །རིན་ཆེན་སྣ་ལྔའི་བ་གམ་མཐོར་བརྩེགས་པའི། །བརྗིད་ཆགས་རི༵་རྒྱལ༵་དབང་པོའི་སྲིད་པ་གསུམ། །དབང་དུ་འདུ་བར་དཔའ་བའི་སྙིང་སྟོབས་ཀྱིས། །གླིང་བཞི་གླིང་ཕྲན་བཅས་ལ་རེས་མོར་ལྟ། །འཛ༵མ་བུ༵་པྲིཀྵིའི་རྒྱལ་མཚན་མཐོན་པོའི་རྩེར། །གངས་དཀར་ཤེལ་གྱི་ཏོག་གི་མཛེས་པ་ཡི། །གླིང༵་གཞན་ཀུན་ལས་རྒྱལ་བའི་མཚན་མ་ཅན། །ཆོལ་གསུམ་བོད་པའི་བསོད་ནམས་ཞིང་དུ་གྲུབ། །གངས་དཀར་མུ་ཏིག་ཕྲེང་བ་ཡི། །ཡོངས་བསྐོར་ས་ལཱའི་སྨན་གྱི་ལྗོངས། །ཕྱག་ན་པད་མོས་རྗེས་བཟུང་ནས། །མངོན་དགའི་ཞིང་གི་སྙན་པ་ལྡིར། །བི་ཤྭ་ཀརྨས་པིར་རྩེ་ལས། །བཀོད་ལེགས་སྲིད་པའི་མཛེས་སྡུག་ཀུན། །གཅིག་ཏུ་བཞེངས་འདྲའི་དགེ་མཚན་ཅན། །ས་གཙང་ཆུ་དྭངས་བོད་ཀྱི་ཡུལ། །ལྷ་ཀླུའི་འཛད་མེད་གཏེར་ཁ་ཀུན། །ལེགས་པར་གྲོལ་བའི་དབྱིག་འཛིན་མར། །དགོས་འདོད་ནོར་གྱི་དངོས་གྲུབ་ཆར། །ཉིན་བཞིན་འབབ་པའི་ལྗོངས་ཆེན་པོ། །མདོ༷་སྨད༷་གྱི་ལང་མགྱོགས་འགྲོས་རྩེན་པ་ཡི། །བརྒྱད་ལྡན་རྨ་ཀླུང་རིང་མོའི་ལྷོ༷་རྒྱུད༷་ཀྱི། །ལུགས་གཉིས་དགེ་བཅུའི་དཔལ་ལ་རྟག་རོལ་བའི། །གླི༷ང་ས༷་མཐོང་བ་ཀུན་སྨོན་ཞེས་སུ་གྲགས། །ས༷་གཞིར་འད༷བ་བརྒྱ༷ད་པདྨོ༷འི་སོ་ཕྲེང་དཀར། །གན༷མ་ཚུགས་གསེར་གྱི་འཁོ༷ར་ལོ༷འི་རྩིབ༷ས་བརྒྱ༷ད་བཀྲ། །ལོ༷ག་རྣམས་བ༷ཀྲ་ཤིས༷་རྟག༷ས་བརྒྱ༷ད་མཛེས་པ་ཡི། །དགེ༷་ལེགས་མཚན་མ་བཅུ༷་ཡི་དཔལ་གཡང་འཛོམ༷ས། །གནས་དེར་སྒྲུབ་རྒྱལ་འཛིན་པ་ཆོ༷ས་སེང༷་དང་། །གྲུབ་པའི་དབང་ཕྱུག་གཉན༵་ཐོ༵ག་གཅོ༵ད་པ༵། །ཞབས་དྲུང་སྐལ༷་བཟ༷ང་དཀོ༷ན་མཆོ༷ག་རྒྱ༷་མཚོ༷་སོགས། །སྐྱེས་ཆེན་དུ་མ་བལྟམས་ཤིང་བྱིན་གྱིས་བརླབས། །གཡུ་ཡི་མེ་ལོང་དྭངས་མའི་ངོར། །སྣ་ལྔའི་འདབ་ལྡན་པད་མོའི་ཚོགས། །ཚོམ་བུ་ལྟར་བཀོད་མཛེས་པའི་དཔལ། །སྐབས་གསུམ་ཚལ་དུ་ཡོད་རེ་སྐན། །མརྒད་རྡུལ་མང་བརྩེགས་པའི་ལྷུན། །ལྷུན་ཆགས་ཆུ་དཀར་གསལ་རི་དང་། །དྭངས་རི་དམར་ཡག་ལ་སོགས་པའི། །ཕྱོགས་དང་ཕྱོགས་མཚམས་བར་མེད་སྐོར། །མནན་ནེམ་བཏེགས་འཕར་སྤང་ལྗོངས་མཛེས་པའི་ཁར། །དྭངས་གཙང་ཆུ་མཚོ་དངུལ་གྱི་མ་ཀུ་རར། །མུ་ཏིག་ཟེགས་མས་ལན་བརྒྱར་དཀྲུས་པ་འདིས། །མིག་གི་དབང་པོའི་གཟི་མདངས་ཉམས་ཀྱིས་དོགས། །སྔོ་ལྗང་ལོ་འདབ་གུར་དུ་ཕུག་པའི་རྩེར། །འགྱུར་ཁུག་དྲུག་ལྡན་གླེང་བུ་འབུད་པ་ཡི། །ཁུ་བྱུག་འཇོལ་མོ་ལ་སོགས་གཉིས་སྐྱེས་ཚོགས། །ཕན་ཚུན་འགྲན་བཞིན་མགྲིན་པའི་གླུ་འདི་སྙན། །གང་འདོད་དགའ་མགུར་རྩེན་པ་ཡི། །ཤ་དགོ་གནའ་སོགས་རི་སྐྱེས་མོ། །བག་ཡངས་ལྷོད་པོར་རྒྱུ་བའི་གནས། །གནས་མཆོག་གཞན་ན་ཡོད་མ་ཡིན། །རྐང་བཞི་རྟ་ནོར་ར་ལུག་ཁྱུ། །གཅིག་ལས་གཅིག་ལྷག་གྲངས་མང་འདི། །མཁའ་ལ་རྒྱུ་བའི་སྐར་མའི་ཚོགས། །ས་འདིར་འཕོས་པའི་སྣང་བ་སྟེར། །འཇམ་མགོན་བླ་མའི་རྒྱལ་ཚབ་ཟླ་མེད་པ། །ཧོར་གཙང་ཁྲི་ཆེན་དཔལ་ལྡན་གྲགས་པ་དང་། །འདུལ་འཛིན་ནག་ཥེ་བསྟན་པའི་རྒྱལ་མཚན་སོགས། །པཎ་གྲུབ་དུ་མའི་བྱིན་གྱིས་བརླབས་པའི་རྒྱུད། །རབ་ཚེས་བགྲང་བྱ་མིག་དབང་འཕྲོག་པ་ཡི། །འབྱུང་བ་གསུམ་ལྡན་སེ་ཞིག་སྤེན་པའི་རླུངས། །དབང་ཐང་བརྟན་པ་ནོར་འཛིན་ཐིག་ལེ་རུ། །མྱུར་མགྱོགས་ལྕགས་ཀྱི་ཀླུང་རྟ་འཕུར་བའི་ལོར། །རིགས་རུས་ཕུལ་བྱུང་ནོར་བུའི་ཁང་བཟང་ནང་། །དལ་འབྱོར་ཚང་བའི་ལུས་རྟེན་ཟ་མ་ཏོག །ངོ་མཚར་ལྟས་བཟང་མང་པོས་མདུན་བསུས་ཏེ། །མཚན་དཔེ་ལང་ཚོ་རྫོགས་པའི་ཁྱེའུ་བལྟམས། །ལེགས་བྱས་གཟུགས་ཀྱི་རི་མོ་ཀུན། །གསལ་རྫོགས་མཛེས་སྐུའི་ཟླ་བ་གཞོན། །སྲིད་ཞིའི་སྙིང་པོ་གཅིག་བསྡུས་ལྟར། །ལང་ཚོའི་གསར་བའི་གཟི་བྱིན་འབར། །དེ་ལྟའི་དགེ་མཚན་བརྗོད་ཀྱིས་མི་ལང་བ། །མིག་གི་བདུད་རྩིར་གྱུར་པའི་དགའ་བདེའི་དཔལ། །འཇིག་རྟེན་བྱེད་པོས་སྨྲ་བསམ་ཡུལ་འགོང་ན། །སྙན་ངག་ཕལ་བའི་པིར་གྱིས་ཇི་ལྟར་འབྲི། །འོན་ཀྱང་དད་གུས་མི་འགྱུར་རི་མོའི་རྒྱ༷། །རྒྱ༷་མདུད་ཡིད་ངོར་ཕབ་པའི་སྤྲང་འཁྱམས་པ༷ས། །བ༷ས་མཐའི་ནགས་སུ་བསྟི་བའི་ཐོས་པ་དག༵འ། །དག༷འ་ལྡན་ཞིང་དུ་ཕེབས་པའི་དྲན་རྟེན་དུའོ། །ཞེས་བྱ་བ་ནི་ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་པ་བརྗོད་པ་དགེ་ལེགས་དཔལ་སྟེར་ལས་དམ་པ་གང་ཉིད་སྐུ་འཁྲུངས་ཤིང་བྱིན་གྱིས་བརླབས་པའི་གནས་ཀྱི་དགེ་མཚན་བརྗོད་པའི་མེ་ཏོག་གི་འདབ་མ་སྟེ་གཉིས་པའོ། །
   ༄༅། །རྒྱལ་ཀུན་སོར་རྟོགས་ཡེ་ཤེས་སྙིང་གི་དཔྱིད། །དམར་སེར་འོད་དུ་འཚེར་བའི་མཚན་བཟང་ཅན། །ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །སྦྱིན་མཁས་འཇམ་དབྱངས་སྨྲ་བས་བདག་སྐྱོངས་ཤིག།།དེ་ལྟའི་རྒྱལ་སྲས་ཟླ་དཀར་གཞོན། །ལང་ཚོའི་ཆ་ཤས་མ་རྫོགས་ཀྱང། །སྔོན་གོམས་དམ་པའི་བག་ཆགས་ཀྱི། །ཡོན་ཏན་འོད་ཀྱིས་གླིང་ཀུན་གསལ། །ན་ཚོད་མ་སྨིན་བྱིས་པའི་དུས། །སོ་སྐྱེས་གཞན་ལས་རབ་འཕགས་པའི། །མཛད་སྲོལ་བཟང་པོས་དུ་མའི་འགྲོར། །ཐར་བ་མཆོག་གི་ལམ་བཟང་བསྐྲུན། །ཡབ་ཡུམ་བཀའ་གསུང་ནོར་བུའི་ཏོག། །དད་གུས་སྙིམ་པའི་ལེགས་བཏེགས་ཏེ། །སྤྱི་བོའི་གཙུག་གི་རྒྱན་མཆོག་ཏུ། །རྣམ་ཀུན་མཛེས་འདི་ཀུན་ཡིད་སྨོན། །ནམ་མཁའ་མིག་བུག་བསེ་རུ་ཡི། །གནམ་ལོ་ལྕགས་སྤྲེལ་ཤར་བའི་ལོར། །ཕྱི་ནང་རྐྱེན་ངན་ཕྲན་ཙམ་ལས། །རུ་བ་མ་སྡེ་ཆུ་ཁར་སྤར། །རིང་ནས་བཤེས་ལ་གུས་པ་ཡི། །བག་ཆགས་བཟང་པོ་མཐུ་སད་དེ། །དམ་པའི་མདུན་སར་ཆོས་ཀྱི་སྐྱེས། །ལེན་ཕྱིར་དད་པས་ཞུགས་པ་ནི། །དགུང་གྲངས་བདུན་པའི་ཤིང་བྱི་ལོར། །ལེགས་ཚོགས་སྟེར་བའི་དྲིན་ཅན་རྗེ། །ལུང་རིགས་སྨྲ་བ་དབྱིག་གཉེན་དང་། །བསོད་ནམས་ཆོས་འཕེལ་གུས་བསྟེན་ཏེ། །རྣམ་གསལ་སེམས་ཀྱི་མེ་ལོང་ནང་། །ཡོན་ཏན་ཕྱི་མོ་ཡི་གེའི་གཟུགས། །སྒྲིབ་མེད་སྟོན་པ་རྣམ་གཉིས་ལས། །ཤེས་རབ་མིག་ཟུང་ཐོག་མར་བསྩལ། །བསམ་སྦྱོར་འབྲས་བཟང་སྙེ་མའི་རབ་ལྕི་བས། །དགེ་ལེགས་པད་དཀར་ལྗོན་པའི་བསིལ་གྲིབ་ལ། །རྟག་ཏུ་སྤྱོད་པའི་མོས་གུས་མ་དོར་བས། །ཕན་བདེའི་བདུད་རྩིས་སེམས་རྒྱུད་རླན་པར་བྱས། །སྲིད་པའི་ཕུན་ཚོགས་མེ་འོབ་ལྟར་མཐོང་ནས། །བཅོས་མིན་དད་པས་གྲོ་ཚང་པཎྜི་ཏར། །ངུར་སྨྲིག་རྒྱལ་མཚན་བཞེས་འདུན་རྣལ་མ་གསོལ། །གང་ཐུགས་དགྱེས་བཞིན་མཚན་གྱི་མེ་ཏོག་བསྩལ། །བགྲང་བྱ་འདོད་པ་མགྱོགས་འགྲོ་དཀར་པོའི་ལོར། །རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་མགོན། །ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས། །དམ་ཆོས་བདུད་རྩིའི་བཅུད་བཟང་འདི་ནས་ཐོབ། །ཡོན་ཏན་ཀུན་གྱི་རྟེན་གཞི་གྱུར་པ་ནི། ། བསྟན་པའི་འཇུག་སྒོ་སོ་ཐར་ཉིད་ཡིན་པས། །རབ་བྱུང་དགེ་ཚུལ་སྡོམ་རྒྱུན་གཙང་མནོས་ཏེ། །ཤཱི་ལ་ས་རའི་མཚན་བཟང་དགེས་པར་བཞེས། །སྲད་ལུགས་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ། །འཇམ་དཀར་ཐུགས་ཆེན་འཇིགས་བྱེད་དཔའ་གཅིག་དང་། །སྒྲ་གྲུབ་ལུགས་གཉིས་ཚེ་དབང་ལ་སོགས་པའི། །དབང་ལུང་རྗེས་གསུམ་ཟབ་ཆོས་དུ་མ་ཐོབ། །དེ་ནས་འཇམ་མགོན་རྒྱལ་ཚབ་ཟླ་མེད་པ། །གྲུབ་པའི་དབང་ཕྱུག་སྐྱབས་རྗེ་ཤིང་བཟའ་དང་། །སྤྲོ་ཚིགས་དགེ་བཤེས་དཀོན་མཆོག་ཆོས་དར་ལས། །རིགས་གསུམ་སྤྱི་སྒྲུབ་དབང་ལུང་ཁ་ཤས་གསན། །རབ་ཚེས་དགུང་གྲངས་བཅོ་ལྔ་བར། །རྨ་དགོན་བཀྲ་ཤིས་ཆོས་གླིང་དུ། །ཞུགས་ཏེ་འདོན་ཆ་ཆ་ལག་དང་། །བསྡུས་གྲྭ་ལམ་རིམ་ཐུགས་འཛིན་མཛད། །དེ་ནས་སློབ་གཉེར་ཐུན་གསེང་ནས། །རིགས་གསུམ་སྤྱི་སྒྲུབ་བསྙེན་མཚམས་ལ། །གཅིག་མིན་དུ་མར་བཞུགས་པ་དང་། །ལོ་མང་སྨྱུང་གནས་རྒྱུན་སྲུང་བྱས། །དགུང་གྲངས་བཅོ་བརྒྱད་ན་ཚོད་ལྡན་གྱི་ལོར། །བྲག་དགོན་འཇམ་དབྱངས་བསྟན་པ་རྒྱ་མཚོ་ལས། །བརྒྱུད་ལྡན་བླ་མ་གོང་མའི་ཕྱག་བཞེས་བཞིན། །མི་ཏྲ་རྡོ་རྗེ་ཕྲེང་བའི་དབང་ཆེན་མནོས། །ཁྲི་ཆེན་རབ་བརྟན་རྒྱ་མཚོ་དང་། །དགེ་བཤེས་དབྱིག་གཉེན་རྣམ་གཉིས་ལས། །ལོ་མང་སྨྱུང་གནས་ཐུགས་དམ་ལ། །འཚོ་བའི་མཐུན་རྐྱེན་གང་བཟང་སྦྱར། །རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱ་མཚོ་ལས། །ཙོང་ཁ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི། །བཀླགས་ལུང་ཐོབ་པའི་སྐལ་བཟང་རྨད་བྱུང་བ། །སྲིད་གསུམ་ནོར་གྱིས་བཀང་ཡང་ཇི་ལྟར་གཞལ། །ཧོར་ཟླ་བདུན་པའི་ཡར་ཚེས་དགེ་བ་ལ། །གཙང་སྐོར་གྲུབ་ཆེན་བྱམས་པ་ཆོས་འཛིན་ལ། །དྲི་བྲལ་ཤེལ་དཀར་མདངས་འཛིན་དམ་བུ་གཉིས། །ཕུལ་ཏེ་ལྷ་ལྡན་སློབ་གཉེར་འགྲོ་འདོད་ཞུས། །འོན་ཀྱང་གྲུབ་ཆེན་ཁོང་ཉིད་དགྱེས་པའི་ངང། །དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་གླིང་དུ། །ཕེབས་ན་བསྟན་འགྲོའི་དོན་ཆེན་འགྲུབ་ཚུལ་སོགས། །མ་འོངས་ལུང་བསྟན་དུ་མ་བརྗེན་པར་གསུངས། །དོན༵་ལྡན་མཛད་བཟང་གཡས་སུ་འཁྱིལ་བའི་དུང་། །དོན༵་མེད་སྨྱོན་པའི་ལག་ཏུ་མ་བཞག་པར། །དོན༵་དམ་བདེན་པའི་དར་གྱིས་ལེགས་བྱས་ནས། །དོན༵་གཉིས་འགྲུབ་ཕྱིར་རྣམ་དཔྱོད་དབུགས་ཀྱིས་བུས། །ཞེས་བྱ་བ་ནི་ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་པ་བརྗོད་པ་དགེ་ལེགས་དཔལ་སྟེར་ལས་རབ་ཏུ་བྱུང་ནས་ཆོས་སྒོར་ཞུགས་པའི་མེ་ཏོག་གི་འདབ་མ་སྟེ་གསུམ་པའོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅། །ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་པ་བརྗོད་པ་དགེ་ལེགས་དཔལ་སྟེར།

2013-12-30 རྫ་ཤུལ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།