དཔལ་མིའི་དབང་བོའི་རྟོགས་པ་བརྗོད་པ།(ཚན་བཤུས)

མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

     དེའི་མཚན་མོ་ཐུན་ཐ་མ་ལ་བབས་པའི་ཚེ་རྗེ་བོ་དམ་པའི་མཚན་ལམ་དུ། བུད་མེད་དབང་གི་མདངས་འཛིན་པ་ཞིག་ན་རེ། ནང་པར་སྔར་ལངས་ཏེ་སོང་བ་ལས་ཤུལ་ལམ་དུ་ཟས་ཀྱི་བྱེ་བྲག་ཏུ་གཏོགས་པ་ཡིད་དུ་འོང་བ་དང་མི་འོང་བ་ལ་མ་ལྟོས་པར་གང་མཐོང་བ་ཀུན་བསྲེས་ལ་བུ་ཁྱོད་ཀྱང་ལོངས་སྤྱོད་ཅིག་དང༌། སྐྱེ་བོ་མཆོག་དམན་ཀུན་ལ་ཡང་བྱིན་ཅིག ཟས་དེ་ལ་གང་ལོངས་སྤྱོད་པར་བྱེད་པ་ཀུན་ཕྱི་རབས་སུ་ཁྱོད་དང་རྟེན་འབྲེལ་གྱི་འཇུག་སྒོ་མ་འཆོལ་བ་ཡིན། གལ་ཏེ་དེར་མ་འདུས་པ་དང༌། ཟས་ལ་སོམ་ཉིའི་དབང་གིས་ལོངས་མི་སྤྱོད་པ་ནི་ལེགས་བྱས་ཐམས་ཅད་ཀྱི་སྐལ་བ་དང་མི་ལྡན་པ་ཡིན་པར་གོ་བར་གྱིས་ཤིག ཅེས་བྱ་བ་རྨིས་སོ།། ནང་པར་རྨི་ལམ་གྱི་མཐའ་བཤད་དེ། ལམ་དུ་ཞུགས་པ་ལས། ཇི་ཙམ་ན་གཞོན་ནུ་མ་ཞིག་སྣོད་བཟང་བོ་འོ་མས་བཀང་བ་ཐོགས་ནས་འགྲོ་བ་གཟིགས་པ་ན། མཚན་མོའི་རྨི་ལམ་དྲན་པར་གྱུར་ཏེ་སྣོད་འོ་མས་གང་བ་དེ་ཉིད་འཕྲོགས་ཏེ་བདག་གིར་བཟུང༌། ཇི་ཞིག་ན་ཞམ་རིང་བས་ཟ་མ་ཏོག་ཇ་བཟང་པོས་གང་བ་ཁྱེར་འོངས་པ་དེ་ཡང་འོ་མ་དང་བསྲེས། ཐོན་རིགས་ཀྱི་ས་ལ་སྤྱོད་པ་དེའི་བྲན་གྱིས་ཚ་བ་ཁྱེར་འོངས་པ་ཡང་དེའི་སྟེང་དུ་བསྲེས། ཉེ་འདབས་ན་རྒན་མོ་ཞིག་གིས་ཆང་གི་སྙིང་པོ་བཏོན་པའི་སྦང་མ་དང༌། མར་རག་གི་འབའ་ཆ་དང༌། ཆང་གི་ཡང་ཚ་བསྲེས་ནས་བ་གླང་མོ་ཞིག་ལ་སྟེར་བར་བྱེད་པ་དེ་ཡང་བླངས་ཏེ་བསྲེས། རྒྱང་རིང་མོ་ཞིག་ན་ཁྱི་བཟང་པོ་ལྕགས་ཐག་གིས་བཏགས་ཏེ་འདུག་པ་ལ་ཟས་ཀྱི་ལྷག་མ་ཀུན་བསྡུས་པའི་ལྟོ་བྱིན་པ་འདུག་པ་དེ་ཡང་བླངས་ཏེ་བསྲེས། ལྕོག་སྤེ་བའི་བྲན་ཞིག་གིས་བ་མེན་གྱི་རྭའི་སྣོད་དུ་ཆང་བཟུང་འདུག་པ་དེ་ཡང་བསྲེས། རྗེ་བོ་དམ་པ་རང་ཉིད་ཀྱིས་ཟས་སུ་མཛད་པའི་ལྷག་མ་རི་དྭགས་རྐྱང་བུའི་ཤ་སིལ་བུར་བྱས་ཡོད་པ་དེ་ཡང་བསྲེས། གཞན་ཡང་ཟ་མའི་རིགས་སུ་གཏོགས་པ་སྤྱན་སྔར་གང་འཚལ་བ་ཀུན་བསྲེས་ཤིང་ཉེ་བའི་གམ་ན་རྟ་རྒན་ཤི་མ་ཐག་པའི་རྩིབས་མ་བླངས་ནས་དེས་ཟས་དེ་རྣམས་དཀྲུགས་པར་བྱས་ཏེ། ཐོག་མ་ཁོ་ནར་རྗེ་བོ་དམ་པས་རྣམ་པར་རྟོག་པ་མེད་བཞིན་དུ་ཟས་དེ་ནས་བཞེས་ཅན་གསུམ་གང་བར་གསོལ། དེ་རྗེས་ཐོན་ནས་དང༌། ལྕང་ལོ་ཅན་པ་དང༌། པད་ཚལ་པ་དང༌། སྤེལ་བཞི་བ་དང༌། རྒྱ་རྒན་པ་དང༌། སྐྱིད་སྦུག་ཁམས་པ་དང༌། བོན་གྲོང་ཁམས་པ་དང༌། བཀྲས་མཐོང་བ་དང༌། རུ་པའི་ལྡིང་དཔོན་ལ་སོགས་པ་མང་པོ་ཞིག་བཞིན་གཉེར་ཞིང༌། སྐྱུག་པ་ལྡང་པ་སོགས་ཉམ་ང་བར་བྱེད་ནའང་མ་འདོད་བཞིན་དུ་ནན་ཏན་ཆེན་པོས་སྟེར་བར་མཛད་དེ་ཐམས་ཅད་ཀྱིས་ལོངས་སུ་སྤྱད་དོ།། དེའི་ཚེ་གཡུལ་གྱི་ཁ་ལོ་པ་ནུ་མ་བ་ནི་སྔོན་དུ་སོང༌། རྒྱ་ཚོ་བ་ནུ་བོ་མཆིས་ཀྱང་ལྐོག་ཏུ་བྲོས་ཏེ་དེར་མ་འདུས། དེ་དག་གི་སྣང་ཚུལ་ལ་ད་ལྟ་བརྟག་ན་སྐབས་དེར་འདུས་པའི་ཚོམ་བུ་གཅིག་ཏུ་རྣམས་ནི་དེང་སང་གི་བར་དུའང་ཕུན་སུམ་ཚོགས་པའི་དགེ་མཚན་གྱིས་མངོན་པར་འབྱོར་ཞིང༌། རྗེ་བོ་དམ་པའི་གཟིགས་པ་དྲི་མ་མེད་པས་སྐྱོང་བར་བྱེད་ལ། ཞབས་རྗེས་སུ་འབྲེངས་བཞིན་དུ་དུས་དེར་མ་འདུས་པ་ནི་ཕྱིས་ཉམ་ཉེས་པར་གྱུར་པ་དེ་ལྟ་བུའི་རྟེན་འབྲེལ་གྱི་གནད་གསང་གཏན་ལ་ཕེབས་པའི་ངོ་མཚར་བའི་གཏམ་མོ།།

དེ་ནས་བོ་གདོང་བཀྲ་ཤིས་སྒང་དུ་གྲགས་པའི་སའི་ཆར་དའི་ཆིང་བཱ་དུར་སྟངས་དཔྱལ་འཁོར་ཚོགས་དང་བཅས་པ་དང་ལྷན་ཅིག་ཏུ་འདུས་ཏེ་དངོས་དཀྱིལ་ལ་ལོངས་སྤྱད་ཅིང༌། ཕན་ཚུན་བརྩེ་བའི་འཆིང་བ་མི་ལྷོད་པར་གྱུར་ཏེ། གཅིག་ལ་གཅིག་མངོན་པར་དང་བའི་གཏམ་འདྲེས་པ། ཕེབས་པར་སྨྲ་བས་ཡུན་རིང་པོའི་བར་འདས་ཤིང༌། བསྙེན་བཀུར་བའི་ཡོ་བྱད་དང་ལེགས་སོའི་བརྡ་མཇལ་གྱི་དངོས་པོ་ཡང་རྒྱ་ཆེར་བསྟབས་སོ།། དེ་ཙམ་ན་ལྷོ་པ་ཞལ་ངོ་དང༌། ངག་དབང་ཡོན་ཏན་གཉིས་ཀྱིས་ཚིག་གིས་བསྒོ་བར་བྱས་ནས་དའི་ཆིང་བཱ་དུར་གྱི་ཞབས་སོར་ལ་འདུད་པར་ལྷགས་པ་སེར་མོ་བ་དང༌། ཁྱིམ་པ་མཆོག་དམན་བར་པར་བཅས་པ་གང་ཅི་ཡང་རུང་བ་དག་བྱུང་ན་དེ་རྣམས་ཀྱིས་བསྙེན་བཀུར་གྱི་ཡོ་བྱད་དང༌། འབུལ་དངོས་གང་མཆིས་པ་ནི་སྤྱན་སྔར་བྲིམ་དུ་མེད་པར་གཟིམས་གུར་གྱི་ཕྱི་རོལ་ཏུ་བླངས། གཙོ་བོ་གང་ཡིན་པ་དེ་ཕྱག་བྱ་བར་གཏོང་བ་སོགས་ལ་བརྟེན་གུས་པར་ལྡན་པ་ཀུན་ཡི་མ་རང་བའི་རྣམ་འགྱུར་སྟོན་པར་བྱེད་དོ།། དེའི་ངང་ཚུལ་རིག་ནས་རྗེ་བོ་དམ་པས་དའི་ཆིང་ལ་ཇི་ལྟར་གྱུར་བ་གསོལ་པ་ན། གན་མཛོད་འཆང་བ་ལྷོ་བ་ཞལ་ངོ་དང༌། ངག་དབང་ཡོན་ཏན་ལ་སོགས་པས་བདག་ཅག་རྗེ་འབངས་རྣམས་ཀྱི་སྤྱོད་ཚུལ་ཤིན་ཏུ་ཕུན་སུམ་ཚོགས་པར་མཆིས་སོ།། ཞེས་བསྒོ་བ་རྣར་གཟོན་པར་བྱས། ཡང་ཇེ་ཞིག་ན་སྤེལ་རྐྱང་དཀའ་ཆེན་དུ་གྲགས་པ་དའི་ཆིང་ཉིད་ཀྱི་སྐུའི་རྩ་ལག་གི་ཆར་གྱུར་བ་ན་རེ། མིའི་བདག་པོ་ཁྱོད་ནི་དེང་གི་དུས་བསོད་ནམས་ཀྱི་དཔུང་བ་ཆེས་ཆེར་དར་ལ་དྲག་ཅིང་གྲགས་པ་དང་ལྡན་མོད་ཀྱི། འདི་ནི་སྔོན་དགེ་རྩ་བླ་ན་མེད་པ་བསྐྲུན་པའི་མཐུ་ཡིན་ཅིང༌། ད་ཡང་དགེ་བའི་བྱ་བ་རླབས་པོ་ཆེས་བསྲུང་བར་མ་བྱས་ན་མི་རུང་བས། ཡོ་བྱད་གང་འཚལ་བས་དགེ་བའི་ལས་ལམ་ལ་བརྩོན་པར་མཛད་པའི་དུས་ལ་བབས་པའོ།། ཞེས་གསོལ་བ་ན། རྗེ་བོ་དམ་པས་ཀྱང་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། དགེ་བ་རྫོགས་བྱང་དུ་བསྔོས་པའི་འབྲས་བུ་ནི་བྱང་ཆུབ་ཀྱི་བར་དུ་ཆུད་མི་འཛའ་བའོ།། ཟང་ཟིང་གི་བདོག་པ་ནི་གསོག་པ་དང༌། སྲུང་བ་སོགས་སྡུག་བསྔལ་གྱི་རང་བཞིན། ཆགས་པ་དང་རྒྱགས་པ་སྐྱེད་བྱེད་སྙིང་བོ་ཅི་ཡང་མ་མཆིས་པ་ལགས་ན། ཅིས་ཀྱང་རྣམ་པར་དཀར་བའི་ལས་ལམ་ལ་བརྩོམ་པར་མཛད་པ་རིགས་སོ།། ཞེས་གསོལ་བའི་ཚེ་གན་མཛོད་འཆང་བ་ལྷོ་པ་ཞལ་ངོ་མ་རངས་པར་གྱུར་ཏེ། བཞིན་འགྱུར་ཞིང་མིག་བགྲད་ནས་འདི་སྐད་ཅེས། དའི་ཆིང་གི་སྐུའི་རིམ་གྲོར་འོས་པ་གང་ཡིན་པ་ནི་ངམ་རིང་ཆོས་སྡེ། ལྷ་རྩེ་ཆོས་སྡེ། ཕུན་ཚོགས་གླིང་ཆོས་སྡེ། བཀྲ་ཤིས་ལྷུན་པོ་བཅས་སུ་ཇ་བཟང་པོའི་སྐྱེམས་སྦྱོར་སྦྲེལ་ཀྱང་སྟོབ་པར་བྱེད་དོ།། སྐྱིད་གྲོང་དུ་ལྕགས་སྤྲག་མངགས་ནས་རྒྱལ་བོའི་བཀའ་དྲི་མ་མེད་པ་འགྱུར་རོ་ཅོག་ཀྱང་ལན་གཉིས་སུ་བཀླགས་པར་བྱེད་དོ།། གཞན་དུ་ན་ཁྱེད་ཅག་ཚིག་ཙམ་དུ་སྨྲ་བ་དང༌། བདག་ཅག་གིས་ལག་ཏུ་བླངས་ནས་བྱ་བ་སྒྲུབ་པ་མི་མཚུངས་པར་གདའ་ན་ཁ་རོག་པར་འདུག་ཅིག ཅེས་སོགས་གུས་པར་ལྡན་པ་གཞན་གྱིས་ལེགས་པར་སྨྲས་པ་ལའང་ཡིད་མི་རྟོན་པར་མ་ཟད་ཀྱི། ཚིག་རྩུབ་མོར་བརྗོད་པའི་ངང་ཚུལ་གྱིས་རྗེ་བོ་དམ་པ་ཐའི་ཇི་ཀུན་ཏུ་འཁྲུགས་པར་གྱུར་ནས་ལན་སྨྲས་པ། ཀྱེ། རྣ་བ་དག་ཉོན་ཅིག ཁྱོད་ཀྱིས་ཇི་སྐད་ཚིག་ཏུ་སྨྲས་པ་ལྟར་རྗེ་བོ་ལ་དེ་ཙམ་དུ་གུས་ན་དང་པོར་དའི་ཆིང་དང་ཁོ་བོ་བཞེད་པ་ཕྱོགས་གཅིག་ཏུ་མཐུན་པར་བྱས་ཏེ་ཇུན་གར་བའི་སྐྱེ་བོ་མ་རུངས་པ་རྣམས་ལ་དགྲར་བལྟས་ཏེ་ཚར་བཅད། གམ་པ་ལ་ཡན་ཆད་ཀྱི་རྫོང་དང་རྫོང་ཕྲན། ཡུལ་འཁོར་མངའ་རིས་དང་བཅས་པ་བདག་གིར་བཟུང་བའི་ཚེ། ཁྱོད་ཉིད་ཀྱང་ཞམ་རིང་དུ་འོང་དགོས་པར་མཆིས་ན། ཇུན་གར་པའི་དཔུང་གི་གཙོ་བོ་ཚེ་རིང་དོན་གྲུབ་ལ་སྐྱབས་བཅོལ་ཏེ་འདུག་པ་དེ་ཡང་མི་དྲན་ནམ། དེའི་ཕྱི་ནས་དའི་ཆིང་ལྕང་ལོ་ཅན་གྱི་གནས་ཁང་དུ་ཕྱི་མའི་གནས་སྐབས་ཉམས་སུ་མྱོང་བར་ཉེ་བའི་ཟུག་རྔུ་དྲག་པོས་བྲོ་འཚལ་བའི་ཚེ། ཁོ་བོས་དངུལ་སྲང་ཆེན་ཉིས་བརྒྱ། མར་ཁལ་བརྒྱ་ཕྲག་བསྟབས་ཏེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང༌། སེ་ར་ཐེག་པ་ཆེན་པོའི་གླིང་གི་དགེ་འདུན་རྣམས་ལ་ཡོན་སྦྱར་ཏེ་དགེ་བའི་ལས་རླབས་པོ་ཆེ་བསྒྲུབས་པའི་ཚེ། ཁྱོད་ཀྱི་ཇ་བཟང་བོ་ཐུན་གཅིག་ཙམ་གྱི་མཐུན་རྐྱེན་སྦྱར་བ་ཡོད་དམ། རྗེ་བོ་ལ་སྙིང་ཉེ་བའི་གཏམ་སྨྲས་པ་ལ་ལོག་པར་བཟུང་སྟེ་བསྡིགས་པ་དང༌། སྤྱོ་བ་དྲག་པོའི་གཏམ་སྨྲ་ན་ད་དུང་ཡང་སྔ་རབས་ནས་ད་ལྟའི་བར་གྱི་བྱུང་བ་མང་དུ་གླེང་རྒྱུ་མཆིས་སོ།། ཞེས་བཀའ་སྩལ་བས། ལྷོ་པ་ཞལ་ངོ་ན་རེ། ཁོ་བོས་ཀུ་རེ་གསོལ་བ་ལགས་ཏེ་ཐའི་ཇི་ཐུགས་འཁྲུགས་པར་གྱུར་ཏོ་ཞེས་སྨྲ་བ་ཙམ་ལས་ལན་གྱིས་དབུལ་བར་གྱུར་ཏེ་ཡུལ་ཡུལ་པོར་གྱུར་ཏོ།།

 བློ་དང་ལྡན་པའི་ཚིག་དག་ནི།།

 མི་སྙན་ན་ཡང་བླང་བྱ་སྟེ།།

 དེ་ལས་རེ་བའི་འབྲས་བུ་ཡང༌།།

 བདེ་བླག་ཉིད་དུ་འགྲུབ་པར་གྱུར།།

 བློ་ངན་སྙན་པར་སྨྲས་པའི་ཚིག།

 སྦྲང་རྩིས་བྱུགས་པའི་སྤུ་གྲི་ལྟར།།

 དེ་ལ་རེག་ན་སྨྲ་བ་ཡི།།

 འབབ་སྟེགས་གཅོད་དང་ཅིས་མི་མཚུངས།།

 ཕན་སྨྲས་བསུང་ཟེར་བདུད་རྩིར་འཛག་པ་ཡི།།

 གཏམ་བཟང་ཟླ་བའི་གདུགས་དཀར་འབུམ་བསིལ་བས།།

 རྨོངས་པའི་བློ་གྲོས་པད་མོ་ཁ་ཟུམ་པའི།།

 རྣམ་འགྱུར་བབ་ཅོལ་ཚིག་གི་ཕྲེང་མང་སྤྲོས།།

 དེ་ལན་དྲང་པོར་སྲོང་བ་དཔྱད་གསུམ་གྱིས།།

 དམ་ཚིག་དམ་བཅའ་གསུམ་ལྡན་མཚོན་འཕངས་པས།།

དེ་སྙིང་ཚལ་པར་བཀས་པས་འཇིགས་བྱིན་ཏེ།།

བཞིན་ནི་སོལ་བས་བྱུགས་ལྟར་མོག་པོར་གྱུར།།

དེ་ནས་གཙང་ལྗོངས་ཀྱི་སྡེ་རིགས་དང་རུ་པའི་ཚོགས་ཀྱི་བསམ་པ་ཆབས་གཅིག་ཏུ་མཐུན་པའི་སྒོ་ནས་དའི་ཆིང་བཱ་དུར་སྟངས་དཔྱལ་འཁོར་ཚོགས་དང་བཅས་པ་ལ་དགྱེས་སྟོན་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤམས་ཤིང༌། ལེགས་སྐྱེས་ཀྱི་དངོས་པོ་དངུལ་སྲང་ཆེན་བརྒྱ་ཕྲག་ལྔའི་རིན་ཐང་ཅན་གྱི་བདོག་པ་ཡང་བསྟབས་སོ།། དེའི་ཚེ་རྩེད་འཇོའི་རྣམ་གྲངས་ཀྱང་མཐའ་ཀླས་པ་ལ་རོལ་བར་བྱས་པ་ལས། རྟ་མཆོག་དཀྱུས་སུ་འགྲན་པའི་དང་པོ་ནི་རྗེ་བོ་དམ་པ་ཐའི་ཇིས་ཐོབ། གཞན་ཡང་ཉག་ཕྲན་དང༌། ཞྭར་འཕེན་པ་སོགས་སྒྱུ་རྩལ་གྱི་རིམ་པ་མཐའ་དག་ལ་མངོན་པར་བྱང་ཆུབ་པས་འགྲན་ཟླར་འོས་པ་སུ་ཡང་མ་བྱུང་སྟེ་གྲགས་སྙན་གྱི་རྔ་བོ་ཆེས་ས་གསུམ་གྱི་ཁོང་པ་མ་ལུས་བཀང་ངོ༌།།

རྩོམ་ཁུངས། མི་དབང་རྟོགས་བརྗོད།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་མིའི་དབང་བོའི་རྟོགས་པ་བརྗོད་པ།(ཚན་བཤུས)

2008-10-29 མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།