རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མའི་བསྟོད་པ་ངང་བའི་རྒྱལ་བོའི་མགྲིན་པའི་རྫ་རྔ་ཞེས་བྱ་བ།

ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

ན་མོ་གུ་རུ་སྭ་ར་སྭ་སྟྱཻ། འདིར་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་རྒྱུད་དང་འདྲེས་པ་སྔོན་དུ་བཏང་ལ།

     རང་མདུན་ཆོས་དབྱིངས་ནམ་མཁའི་མཛེས་མ་ལ།། རྗེས་ཆགས་བདེ་ཆེན་འོད་ལྔ་འཁྲིགས་པའི་ཀློང༌།། མཁའ་དབྱིངས་འཛིན་མར་འབབ་འདྲའི་ཡིད་བཞིན་མཚོར།། རབ་དཀར་ཝུ་བའི་མེ་ཏོག་རྒོད་པ་ཡི།། རྦ་རླབས་འཁྲི་ཤིང་གཡོ་བ་དང་འགྲོགས་པའི།། ངང་བའི་རྒྱལ་བོ་མགྲིན་པའི་རྒྱུད་མང་སྟོང༌།། མཐོ་དམའི་རྣམ་པ་དུ་མས་བརྡུང་བ་ཡིས།། སྒྲ་འཛིན་བུ་གར་བདུད་རྩིའི་ཟེགས་མ་འགྲེམས།། ཁོར་ཡུག་ནེ་ཙོའི་གཤོག་པའི་སྤུ་ལོང་ཚོགས།། གོས་སུ་གྱོན་པའི་གསེར་ལྡན་ན་ཆུང་མ།། འཇམ་ཉེན་རེག་བྱས་ལུས་ལ་བདེ་བ་སྟེར།། མར་གད་ཁུ་བས་ལན་བརྒྱར་བྲན་པ་ཡི།། ལྗོན་པའི་ཕྲེང་བ་ཚར་དུ་དངར་བ་རྣམས།། འབྲས་བུ་མཆོག་གིས་རོ་འཛིན་ཚིམ་པར་བྱེད།། སྨན་སྤོས་དགའ་ཚལ་སྒྲེགས་པའི་བསུང་ཞིམ་པོ།། ནམ་མཁའི་དབུགས་ཀྱིས་ཕྱོགས་སུ་བདས་པ་ཡིས།། དྲི་འཛིན་དབང་བོ་བདེ་བའི་དགའ་སྟོན་སྦྱོར།། དཀར་སྔོ་དམར་སེར་ལྗང་བའི་དྲི་བཟང་ཁང༌།། གཅིག་ནས་གཅིག་ཏུ་རྒྱུ་བའི་བུང་བའི་ཚོགས།། དར་དིར་དབྱངས་ཀྱིས་སྐྱེ་དགུའི་ཡིད་དབང་འགུགས།། མེ་ནཱ་ཀ་ཡི་སྒྱུ་རྩལ་ཆེར་ངོམ་པའི།། འཇའ་ཚོན་གོས་སུ་གྱོན་པའི་མ་ཡུཿརའི།། རྩེ་དགའི་རོལ་གར་མིག་གི་གཟིགས་མོར་ཆེ།། གསལ་འཚེར་ཟླ་བ་ནོར་བུའི་རྡོ་ལེབ་སྟེང༌།། ཞི་ཞིང་དུལ་བའི་དཔལ་འབར་རིག་འཛིན་ཚོགས།། བསམ་གཏན་བདེ་བའི་མལ་དུ་ངལ་གསོ་བགྱིད།། ཞིང་ཁམས་རྒྱ་མཚོའི་མཛེས་པ་མ་ལུས་པ།། འཇིག་རྟེན་བྱེད་པོས་གཅིག་ཏུ་སྤུངས་པའི་དབུས།། རང་དགྲ་ཤར་གྱི་ཐིག་ལེ་ན་ཆུང་མར།། འཁྱུད་པའི་སྲེད་ལྡན་པད་མ་གཞོན་ནུ་ལ།། འཕྱ་བའི་གེ་སར་སོ་ཕྲེང་རྒོད་པའི་རྩེར།། མ་ནོར་ལམ་བཟང་སྟོན་པའི་བླ་མ་དང༌།། དབྱེར་མེད་ངག་གི་དབང་ཕྱུག་ཚངས་སྲས་མ།། ཟླ་འོད་འབུམ་ཕྲག་འཐུང་བས་མ་ངོམས་པའི།། ཁ་བའི་ཕུང་བོ་སྤུངས་འདྲའི་མཛེས་སྡུག་སྐུ།།སྐལ་བཟང་སྒྲུབ་པོའི་མདུན་སར་འབྱོན་པ་ལ།། རིངས་པའི་ཞབས་ཟུང་ཙོག་བུའི་སྟབས་ཀྱིས་རོལ།། ཐུན་མཚམས་ཐིག་ལེ་གསར་བའི་དོག་པ་ཅན།། ཉ་གང་སྟོན་ཟླའི་དཔལ་རྫོགས་མཛེས་པའི་ཞལ།། ཨུཏྤལ་མཐིང་གའི་དགའ་ཚལ་ལས་བཏོན་པའི།། ཅུང་ཟད་ཟུམ་པའི་དཀྱུས་རིང་ཟུར་མིག་མདས།། རྒྱལ་རྣམས་ཐུགས་ཀྱི་བརྟན་པའི་གོ་ཆ་ཡང༌།། འབིགས་པས་ཡིད་སྲུབས་མདའ་ཡི་གྲགས་པ་བཅོམ།། བྱུ་རུའི་རྡུལ་གྱིས་དགེ་ལེགས་ཡོངས་བྱིན་པའི།། མཆུ་སྒྲོས་པད་མ་དམར་པོ་བཞད་པའི་དབུས།། ཚེམས་འཕྲེང་མུ་ཏིག་གེ་སར་དཀྲིགས་པའི་ཁྲོད།། རབ་དམར་ལྗགས་ཀྱི་བུང་བའི་རོལ་རྩེད་ལས།། རྒྱལ་ཀུན་གསུང་དབྱངས་རྣམ་པ་ཐམས་ཅད་པ།། སྙན་ངག་གདངས་སུ་བཀུག་པའི་ཆོས་ཀྱི་སྒྲས།། ཀུན་རྨོངས་མུན་པའི་དཔུང་ཚོགས་བསྐྲད་པ་ན།། བདུད་ཀྱི་དཀྱིལ་འཁོར་འཇིག་ཏུ་དོགས་པ་ཡིས།། དགའ་མའི་བདག་པོ་ལུས་མེད་ཟོལ་ལ་བརྟེན།། མ་ལི་ཀ་ཡི་ཕྲེང་བས་ཡོངས་མཛེས་པའི།། གནག་སྣུམ་དབུ་སྐྲའི་ཐོར་ཅོག་ལྡེམ་པ་ཡིས།། མཐོན་མཐིང་མཁའ་ཡི་ལང་ཚོ་ཉམས་བྱས་པས།། ཆོས་བརྒྱད་ཉི་མའི་ཟླ་བོ་རང་གི་གནས།། བཏང་སྟེ་རལ་བའི་ཀློང་དུ་བབས་པ་བཞིན།། ལྷག་མ་རྒྱབ་ཏུ་སིལ་བུར་བབས་པ་ཡིས།། སྐུ་སྟོད་མཛེས་པར་ཁེབས་པ་ཆར་སྤྲིན་གྱི།། བླ་གོས་གྱོན་པའི་ཤེལ་དཀར་རི་དབང་བཞིན།། འཕགས་བོད་མཁས་རྒུའི་ཕྱག་སེན་ཟླ་ཚེས་རིས།། མངོན་པར་བཀྲ་བ་འདོད་པའི་མྱོས་བུམ་ལས།། ག་བུར་ཟེགས་མས་སྐལ་ལྡན་རེ་བ་སྐོང༌།། དུང་གི་འཁྲི་ཤིང་གཡོ་འདྲའི་ཕྱག་ཟུང་གིས།། བཻ་ཌཱུར་སྔོན་པོའི་རྒྱུད་མང་བསྒྲེངས་པ་ལས།། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་དབྱངས་སྙན་པོ།། དྲི་ཟའི་མགྲིན་པའི་གླུ་དང་འགྲོགས་པའི་སྒྲས།། འགྲོ་ཀུན་མ་རིག་གཉིད་ལས་བསླངས་པ་ན།། རྒྱལ་བ་རྣམས་ཀྱང་མི་སྨྲའི་བརྟུལ་ཞུགས་འཛིན།། ཚོགས་གཉིས་བཟོ་བོ་མཁས་པའི་འདུ་བྱེད་ཀྱིས།། དབང་གཞུའི་སྐུད་པ་ཐགས་སུ་བྲན་པ་ཡིས།། ལྷ་རྫས་གོས་མཆོག་མཛེས་པར་བགོས་པ་ན།། རི་འཇོམས་ཕྱག་མཚན་སྟོར་བ་འཚོལ་བའི་ཕྱིར།། སྣང་བྱེད་ཟུང་གིས་གླིང་བཞིར་བལྟ་བ་འདྲ།། གྲངས་རིང་བསྐལ་བར་གཏོང་བའི་ཕྱག་བརྐྱངས་པས།། མིག་སྐྱའི་གན་མཛོད་སྙིང་བོ་བསྡུས་པའི་དབྱིག །  གཟི་འོད་འཁྱུག་པའི་རིན་ཆེན་རྒྱན་མང་དང༌།། བལྟ་བས་མི་ངོམས་རྨད་བྱུང་མཚན་དཔེའི་དཔལ།། ངོ་མཚར་མཛེས་པ་ཕན་ཚུན་འགྲན་པ་ན།། འདི་དག་དཔེ་ཟླ་སྲིད་ན་རྙེད་མིན་ཞེས།། གསེར་གྱི་དྲིལ་ཆུང་དག་གིས་སྒྲོགས་པ་བཞིན།། སྟོང་གསུམ་མུན་པའི་དཀྱིལ་འཁོར་འཇིག་པ་ཡི།། སྐུ་ཡི་འོད་སྣང་གཟི་བརྗིད་མ་བཟོད་པར།། ཉིན་བྱེད་ནུབ་རིར་འབྲོས་པ་ལྷུར་ལེན་ཅིང༌།། རྒྱུ་སྐར་རྣམས་ཀྱང་གོ་ལའི་ཕང་བར་ཡིབ།། མཐའ་ཀླས་རྒྱལ་བའི་གསང་གསུམ་རོལ་བ་འབུམ།། གཅིག་ཏུ་རྫོགས་པ་མཚོན་ཕྱིར་གནས་གསུམ་དུ།། རྡོ་རྗེ་གསུམ་མཚན་ཐུགས་ཀའི་ཧཱུཾ་ཡིག་གི། འོད་ཀྱི་ཞགས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ།། དྲི་ཟ་དགའ་བའི་ཚལ་ནས་ཡེ་ཤེས་པ།། སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་སྤྱན་དྲངས་ཐིམ།། གང་གི་ཡོན་ཏན་དྲན་པའི་བསིལ་ཟེར་གྱིས།། སོར་བཅུའི་པདྨོ་ཆོས་ཀྱི་འཁོར་ལོར་ཟིམ།། ཀུན་བཟང་ལེགས་སྨོན་ལྷ་ཡི་རྫིང་རིང་ལས།། ཞིང་ཁམས་རྒྱ་མཚོའི་མཆོད་པའི་ཆུ་འཛིན་གཏིབས།། ཉམ་ངའི་གཡང་སར་འཕེན་བྱེད་སྡིག་ལྟུང་གི། སྨག་རུམ་ཐུགས་རྗེས་སྣང་བས་བསལ་དུ་གསོལ།། དུང་དུང་ལན་རེར་མོས་ཀྱང་རྣམ་དཔྱོད་ཀྱི།། སྒོ་བརྒྱ་འབྱེད་པའི་མཛད་པར་རྗེས་ཡི་རངས།། ལེགས་གསུང་སྤྲིན་སྒྲས་སྙིང་གི་མདོངས་མཐའ་མ།། རྣམ་འབྱེད་ཤེས་རབ་མངལ་གྱིས་ལྩི་བར་མཛོད།། རྒྱལ་ཀུན་གསུང་མཛོད་གཟུགས་སྐུར་ཟློས་པའི་གར།། མིག་གི་བདུད་རྩིར་འཆར་བ་རྟག་ཏུ་རྩོལ།། རྣམ་དཀར་དགེ་བའི་ཆུ་ཀླུང་ཇི་སྙེད་པ།། མགོན་ཁྱོད་ཡེ་ཤེས་རྒྱ་མཚོར་འཇུག་པར་ཤོག། མགྲིན་མཚོར་དབྱངས་ཅན་ངང་མོ་རྩེན་པ་ལས།། སྙན་འཇེབས་ཉམས་བརྒྱ་རྫོགས་པའི་སྙན་ངག་གིས།། མཁས་རྒུའི་སྙན་དབང་བདུད་རྩིར་སྒྲུབ་བྱེད་པའི།། ངོ་མཚར་རྩོམ་པའི་སྒོ་ཕྱེ་དབྱངས་ཅན་མ།། ཕས་རྒོལ་ལོག་པར་རྟོག་པའི་ས་འཛིན་རྐང༌།། ལུང་རིགས་ཞོ་འཐུང་རུས་པའི་མཚོན་ཆ་ཡིས།། གཞོམ་ལ་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡི།། རྗེས་སུ་འགྲོ་བར་མཛོད་ཅིག་དབྱངས་ཅན་མ།། རང་བཞིན་རྐྱེན་དང་རྣམ་འགྱུར་རླབས་ཕྲེང་སྟོང༌།། གཡོ་བས་བྱིས་པའི་སྙིང་ལ་འཇིགས་སྟེར་བ།། སྒྲ་རིགས་རྒྱ་མཚོར་བདེ་བླག་བགྲོད་ནུས་པའི།། རྣམ་དཔྱོད་གྲུ་ཆེན་སྩོལ་ཅིག་དབྱངས་ཅན་མ།། བྲྀཏྟ་ཛཱ་ཏིའི་སྡེབ་སྦྱོར་མངོན་བརྗོད་ཕྲེང༌།། བཟོ་གསོ་ཟློས་གར་རྩིས་ཀྱི་རིག་ལམ་སོགས།། ཤེས་བྱ་རིག་པའི་གནས་ལ་ཐོགས་མེད་པའི།།རྣམ་དཔྱོད་བློ་གྲོས་སྩོལ་ཅིག་དབྱངས་ཅན་མ།། ཤེར་ཕྱིན་གཞུང་གི་དངོས་བསྟན་སྦས་པའི་དོན།། གཞི་ལྔའི་རབ་དབྱེ་སྤང་བླང་བཅས་པའི་ཁྲིམས།། རྟོག་གེའི་ཚིག་དོན་ཡང་དག་ལྟར་སྣང་ཀུན།། འབྱེད་པའི་སྤོབས་པ་མཆོག་སྩོལ་དབྱངས་ཅན་མ།།སྒྱུ་འོད་ལམ་གྱི་གསལ་བྱེད་ཕ་མའི་རྒྱུད།། ཟབ་གསང་ཀུན་འདུས་འཇམ་དཔལ་ཁྲོས་པའི་རྒྱུད།། བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེའི་ཟབ་གནད་ཀུན།། འབྱེད་ལ་ཟླ་དང་བྲལ་མཛོད་དབྱངས་ཅན་མ།། སྐྱེ་དགུའི་རེ་བ་སྐོང་བའི་ཡིད་བཞིན་ནོར།། ལེགས་བཤད་ཀླུང་བརྒྱ་འདུས་པའི་ཆུ་གཏེར་ཆེ།། འཇམ་དབྱངས་བླ་མའི་ཐུགས་བཅུད་བདུད་རྩི་ཡིས།། བདག་རྒྱུད་ཚིམ་པར་མཛོད་ཅིག་དབྱངས་ཅན་མ།།ཐབས་ཤེས་ཟུང་དུ་འཇུག་པའི་གོམ་སྟབས་ཀྱིས།། དམ་པས་སྣང་བའི་ལམ་ངན་ཀུན་དོར་ནས།། སྐུ་བཞིའི་ཁྲི་འཕང་མཐོན་པོར་འཛེགས་ནུས་པའི།། མཆོག་གི་དངོས་གྲུབ་སྩོལ་ཅིག་དབྱངས་ཅན་མ།། ཚེ་རབས་ཀུན་དུ་སྒྲ་དབྱངས་ལྷ་མོ་ཡི།། ཞབས་སེན་ལྷ་མིའི་གཙུག་རྒྱན་ཡིད་བཞིན་ནོར།། བདེ་ཆེན་འཁོར་ལོའི་རྒྱན་དུ་ཐོབ་པ་ལས།། སྲིད་ཞིའི་རྒུད་མུན་མ་ལུས་མཐར་བྱེད་ཤོག། ཅེས་རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་བསྟོད་པ་ངང་བའི་རྒྱལ་བོའི་མགྲིན་པའི་རྫ་རྔ་ཞེས་བྱ་བ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་རྔ་སྨད་རྟོགས་ལྡན་སྤྲུལ་བའི་སྐུ་ནས་བསྐུལ་མ་ནན་ཏན་མཛད་ངོར།  ཁེ་ཐལ་ཚུལ་ཁྲིམས་ཀྱི་སྐྱེ་བར་འབོད་པ་ཤཱཀྱའི་བཙུན་གཟུགས་ངག་དབང་བསྟན་པའི་རྒྱ་མཚོས་སྦྱར་པའོ།། ཨོཾ་སྭ་སྟི། ཚུལ་འདིར་འབྲེལ་ཐོགས་ཐམས་ཅད་ཀྱང༌།། ངག་གི་དབང་ཕྱུག་བླ་མ་ལྷས།། རྗེས་བཟུང་བསྟན་པའི་ཡང་སྙིང་མཆོག། འགྲོ་ཁམས་རྒྱ་མཚོར་སྤེལ་ནུས་ཤོག། ཅེས་པར་བྱང་སྨོན་ཚིག་འདི་ནི། ཡབ་རྗེ་མཆོག་གི་སློབ་འབངས་སྐལ་བཟང་ཐབས་མཁས་རྒྱ་མཚོས་སྦྱར་པ་ཛནྟུ། པར་འདི་ཀུན་མཁྱེན་དགྱེས་བཞད་རྡོ་རྗེ་ཞེས།། འཛམ་གླིང་མཁས་རྒུའི་གཙུག་རྒྱན་ཡབ་སྲས་ཀྱི།། ཐུགས་རྗེ་ལ་བརྟེན་ཁྲིམས་ལྡན་འདུ་བའི་གནས།། བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་དུ་བཞུགས།།

རྩོམ་ཁུངས། ཞལ་ཤུལ་དགོན་པའི་ལག་བྲིས་མ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་ཡུམ་ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མའི་བསྟོད་པ་ངང་བའི་རྒྱལ་བོའི་མགྲིན་པའི་རྫ་རྔ་ཞེས་བྱ་བ།

2008-11-08 ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།