བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་སུ་བཅད་པ།

ཞང་ཞུང་ཆོས་དབང་གྲགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

 ༄༅།།བཅོམ་ལྡན་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།   །གྲུབ་པའི་དབང་ཕྱུག་ཁྱོད་མཚན་དབྱར་སྐྱེས་རྔ།   །ཐོས་པས་རབ་དགས་མྱོས་པའི་གཙུག་ཕུད་ཅན།   །དད་པའི་སྤུ་ལོང་ཆེས་ཆེར་གཡོས་པ་ཡིས།   །བསྟོད་ཚིག་ཟློས་གར་འཇོ་སྒེག་རོལ་བ་འཛིན།   །མགོན་ཁྱོད་གངས་རིའི་ཁྲོད་དུ་ཚེ་གཅིག་ལ།   །མངོན་པར་སངས་རྒྱས་དེའི་ཚེ་བོད་ཀྱི་ཡུལ།   །འདི་ན་ས་ལ་གནས་པའི་འོག་མིན་ཞེས།   །ཞིང་གཞན་དག་ལ་གུས་པ་ལྷོད་པར་གྱུར།   །གྲངས་རིང་བགྲོད་དཀའ་གྲགས་ལྡན་སངས་རྒྱས་ལམ།   །ཁྱབ་འཇུག་ཁྱོད་ནི་གོམ་པ་གཅིག་གིས་ནི།   །བགྲོད་ཚེ་ཐུབ་བསྟན་སྟོབས་ལྡན་ས་འོག་ཏུ།   །ཞུགས་པར་དོགས་ནས་རྒྱལ་རྣམས་སྐྲག་པ་འཛིན།   །འཕོང་སྐྱེན་དགའ་བྱེད་མདའ་ཡིས་འབོད་སྒྲོགས་ཀྱི།   །རི་དྭགས་མཆོག་འདི་གཟུང་བར་མ་ནུས་ཏེ།   །ཁྱོད་ཀྱི་སྙིང་སྟོབས་མཚོན་ཆས་ཉོན་མོངས་ཀྱི།   །དགྲ་སྡེ་སྐད་ཅིག་གཅིག་ལ་ཐལ་བར་བརླགས།   །བློ་གྲོས་བཻཌཱུར་དཀར་པོའི་བུམ་བཟང་གིས།   །ནཱ་རོ་ཏ་བའི་མན་ངག་ག་བུར་གྱི།   །ཐིགས་པ་བཟུང་བ་ཁྱོད་ཐུགས་ལ་རེག་པས།   །སྲིད་པའི་ཚ་གདུང་མིང་གི་ལྷག་མར་མཛད།   །བ་སྤུ་རྣོ་ལྡན་ཚོད་མའི་དཀའ་ཐུབ་ཅན།   འདི་ཡི་མཛུབ་རྩེ་པདྨའི་སྐུད་པ་ཡིས།   །མཐར་བྱེད་དཔུང་པ་གཏུམ་པའང་སྐྱེངས་གྱུར་ཏེ།   །དམ་ཆོས་སྒྲུབ་རྣམས་སྐྱོང་བའི་རྫུ་ལ་བརྟེན།   །དཀའ་ཐུབ་ཀྱིས་མཛེས་སེན་མོའི་ཁ་རིས་ནི།   །གསར་བ་ཕྲ་བའི་ལུས་ལྡན་ཟླ་མཛེས་ཀྱི།   །ཁ་ཟས་ལ་སྲེད་འདོད་ཆེན་ཁུར་འཆང་བའི།   །ཁེངས་ལྡན་རྣམས་ལ་འཕྱ་བས་རྒོད་པ་བཞིན།   །ཆུ་སྲིན་རྒྱལ་མཚན་ཅན་སྡེ་ཆུ་ཁུར་ཅན།   །མཉམ་བཞག་ནམ་མཁའི་ངང་དུ་ཞི་གྱུར་པ།   །དེའི་ཚེ་ཁྱོད་ཐུགས་དྲི་བྲལ་ཀུན་གསལ་གདོང༌།   །སྔོ་བསངས་མཛེས་སྡུག་ལང་ཚོ་ཅི་ཡང་འཛིན། །རྡོ་རྗེའི་སྐུ་ལ་དགུན་དུས་ཁ་བ་ཡིས།   །རེག་པས་མི་བརྫི་དེ་ལ་ངོ་མཚར་ཅི། །སྲིད་གསུམ་ཟ་བ་གཏུམ་མོའི་མེ་ཚོགས་ཀྱིས། །ཚིག་པར་མ་ནུས་རས་ཀྱི་གོས་འདི་མཚར།   །གྲུབ་པའི་ཕོ་ཉ་མཁའ་འགྲོའི་གདོང་པད་ཀྱི།   །སྦྲང་རྩིའི་བཏུང་བས་རབ་མྱོས་རྐང་དྲུག་པ།   །ལས་ཀྱི་སེར་བུ་རྒྱུད་བཅད་གཉིད་ལོག་ལས།   །སད་ཚེ་ཡིད་མཁའ་འཇའ་ཚོན་གཟུགས་ཀྱིས་ཁེབས།   །གསེར་ལྡན་དགའ་མའི་ལྟོ་བར་ཁྱོད་ཀྱི་ནི།   །ཡོན་ཏན་ཕུང་པོའི་མངལ་ཁུལ་གྱིས་ལྩི་བ།   །དེའི་ཚེ་ཟླ་བའི་མ་མ་རོ་ལྡན་མ།   །ངལ་བས་དུས་བཞིའི་མཐའ་ལ་འབྲོས་པར་བརྩོན།   །ཐུབ་གཞུང་ཟབ་དོན་དྲུག་སྐྱེས་ས་འཛིན་སོགས།   །གླུ་ཡིས་ངེས་བཅིངས་ཆགས་ལྡན་སྐྱེ་བོ་འདིས།   །སྲིད་མཐར་ངེས་སྒྲོགས་ཐུབ་བསྟན་དུས་བཞི་ནི།   །འཇིག་ཀྱང་ཉམས་པ་མེད་འདི་ཁྱོད་ཀྱིས་མཛད།   །གྲུབ་མཆོག་མི་ལ་མཁའ་ལྡིང་དབང་བོ་ཡིས།   །རྗེས་བཟུང་ས་འདི་དཀར་བཟང་རབ་དཀར་གྱི།   ། འདབ་གཤོག་ཅན་རྣམས་འཕུར་ཞིང་ལྡིང་བ་ཡིས།   །གང་བའི་མཁའ་ནི་བྱ་རྒོད་ཕུང་པོ་ཉིད།   །རོ་རྒྱབ་རྨ་རོ་ཅན་འདི་ཟུང་འཇུག་གི   །ཟ་མ་ཏོག་ཏུ་འོས་པ་མ་ཡིན་ཞེས།   །དོར་ཚེ་རང་དོན་ལ་གུས་ཚིག་མདའ་ཡིས།   །གཏོར་བ་འདབ་བརྒྱའི་ཕྲེང་བས་ཆུ་འཐུང་འགོག   །མགོན་ཁྱོད་ད་ལྟ་གང་དུ་སངས་རྒྱས་པའི།   །སྐུ་དང་ཞིང་གི་བཀོད་པ་ངེས་མིན་ཡང༌།   །ཕྱོགས་དེར་རྩེ་གཅིག་ཡིད་གཏད་གཉིས་འཐུང་བདག   །ཐུགས་རྗེའི་ལྕགས་ཀྱུ་ལྕི་བས་དབང་གྱུར་ཅིག   །དེ་ལྟར་བསྟོད་པའི་དགེ་ཚོགས་གཟུགས་སུ་ནི།   །གྱུར་གང་ནམ་མཁའ་འགོག་པར་བྱེད་པ་དེས།   །སྐྱེ་བ་ཀུན་ཏུ་རྒྱལ་བའི་དམ་ཚོས་ཀུན།   །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པར་ཤོག །   

ཅེས་བྱ་བ་འདི་ནི་དྲུང་རིན་ཆེན་མཆོག་སྦྱིན་པའི་གསུང་གིས་བསྐུལ་བའི་ངོར༧སྡེ་སྣོད་འཛིན་པ་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་ནགས་ཤོད་ཐོས་གླིང་དུ་སྦྱར་བའོ།  

རྩོམ་ཁུངས། རྩོམ་ཡིག་གསེར་གྱི་སྦྲམ་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་སུ་བཅད་པ།

2008-10-29 ཞང་ཞུང་ཆོས་དབང་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།