ད་ལྟའི་ས་མིང་འདོགས་ཚུལ་ལས་འཕྲོས་པའི་བསམ་ཚུལ་ཐུང་ངུ་ཞིག

སྤྲེལ་རྫོང་བསྟན་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-09

   དེ་ཡང་ཇི་སྐད་དུ།  ལངྐར་གཤེགས་པ་ལས།  མིང་དུ་བཏགས་པར་མ་མཛད་ན།།  འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་ཡིས་རྨོངས་པ་སེལ་བའི་ཕྱིར།།  མགོན་པོའི་མིང་དུ་གདགས་པར་མཛད།།    ཞེས་གསུངས་པ་ལྟར་འཇིག་རྟེན་འདིའི་དངོས་པོ་མཐའ་དག་ལ་མིང་རེ་འདོགས་དགོས་པ་ནང་བཞིན་དུ་ང་ཚོའི་ས་གནས་དང་རྫོང་ཁག་སོགས་ལའང་མི་རིགས་རང་གི་ཕ་སྐད་ཀྱི་ལམ་ནས་མིང་རེ་ཡོད་ཀྱང་།   ད་ལྟ་ཁ་ཤས་ཞིག་ལ་མིང་གཏན་ཁེལ་མེད་པས་སྤྱི་ཚོགས་ཁྲོད་དུ་ཤེས་ལྡན་པ་ལ་ལ་ཞིག་གིས་བརྟག་དཔྱད་མ་བྱས་གཏམ་བཤད་ཟེར་བའི་དཔེ་བཞིན་དུ་རྒྱུ་མཚན་ཡང་དག་ཅིག་དང་ལོ་རྒྱུས་རིང་བོ་ཞིག་གི་རྒྱབ་ལྗོངས་སོགས་ལ་ཞིབ་འདང་མི་རྒྱག་པར་རྒྱུ་མཚན་ལྟར་སྣང་རེ་རྟགས་སུ་བཀོད་ནས་རང་རང་གི་འདོད་མོས་བཞིན་དུ་མིང་རེ་བཏགས་ནས་རྫོང་གཅིག་ལའང་མིང་དུ་མ་ཡོད་པའི་གནས་སུ་ལྷུང་བཞིན་ཡོད་ལ། དཔེར་ན། ང་ཚོའི་རྫོང་ལྟ་བུ་ཞིག་ལ་མཚོན་ནའང་དར་མཚོ་རྫོང་དང་བྲག་དཀར་རྫོང་ཧང་ང་རྫོང་སོགས་སུ་འབོད་བཞིན་ཡོད་མོད།
དོན་དངོས་ཀྱི་སྟེང་ནས་མིང་གང་བཏགས་ན་འོས་ཤིང་འཚམས་པར་རགས་ཙམ་དཔྱད་ན།   དེ་ཡང་ས་གནས་ཤིག་ལ་མིང་འདོགས་ན་དེ་ལྟར་བཏགས་པའི་རྒྱུ་མཚན་དང་ལོ་རྒྱུས་རིང་བོ་ཞིག་གི་རྒྱབ་ལྗོངས་དང་ལྡན་པའི་སྒོ་ནས་བཏགས་ན་ལེགས་པར་སེམས་ལ།    དེ་ལྟ་ན་ང་ཚོའི་རྫོང་འདི་ལའང་དར་མཚོ་རྫོང་དང་བྲག་དཀར་རྫོང་གཉིས་ཀྱི་སྒོ་ནས་འབོད་པ་ནི་རྒྱུ་མཚན་སོགས་ཅི་ཡང་མེད་ལ།དཔེར་ན་དར་མཚོ་རྫོང་ཞེས་འབོད་པ་ནི་རྒྱ་ཡིག་གི兴海 ཞེས་བའི་ཡི་གེ་དེ་གཉིས་དོན་བསྒྱུར་བྱས་ནས་བཏགས་པ་ཞིག་ཡིན་པས་རྒྱུ་མཚན་དང་ལོ་རྒྱུས་སོགས་ཅི་ཡང་མེད་དོ།  གཞན་བྲག་དཀར་རྫོང་ཞེས་འབོད་པ་ཡང་རྒྱུ་མཚན་ཆེན་པོར་མི་འདུག་སྟེ།རྫོང་འདི་དང་སྤྱི་ལེ་སུམ་ཅུའི་མཚམས་སུ་བྲག་དཀར་སྤྲེལ་རྫོང་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་འདོགས་བཞིན་ཡོད་ལ  །དེ་ཡང་ཧ་ཅང་འོས་འཚམས་ཤིག་མིན་པར་འདོད་ལ།  ཅིའི་ཕྱིར་ཞེ་ན།   བྲག་དཀར་ཞེས་པ་ནི་བྲག་དཀར་བོ་སྤྱིའི་མིང་ཙམ་ཡིན་པས་འདིའི་མིང་ནས་བོས་པ་ཙམ་གྱིས་བྲག་དཀར་སྤྲེལ་རྫོང་གཅིག་པུ་ལ་གོ་བ་ལེན་མི་ཐུབ་པར་རྫོང་འདིའི་ཉེ་འཁོར་དུ་བྲག་དཀར་ཞེས་འབོད་པའི་ས་ཆའང་དུ་མ་ཞིག་ཡོད་ལ།      དཔེར་ན་ད་ལྟའི་ལྷ་སྡེ་ཞེས་འབོད་པའི་ཚོ་བ་དེ་འཚོ་བསྡོད་བྱེད་སའི་ས་ཆ་ཞིག་སྟེ་རྫོང་མཁར་འདི་དང་བར་ཐག་ཧ་ཅང་ཉེ་ས་ཞིག་ན་བྲག་དཀར་བོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་བྲག་དཀར་ཞེས་འབོད་པའི་ས་ཆ་ཆུང་ཆུང་ཞིག་ཀྱང་ཡོད་ལ།   དེ་བས་ང་ཚོའི་རྫོང་འདི་ལ་བྲག་དཀར་རྫོང་ཞེས་བཏགས་ན་གོང་གི་ས་ཆ་ཆུང་ཆུང་དེ་དང་ཐག་ཉེ་བའི་རྐྱེན་སོགས་ཀྱི་དབང་གིས་མ་འོངས་པར་རྫོང་འདི་གོང་གི་ས་ཆ་ཆུང་ཆུང་འདི་དང་ཐག་ཉེ་བའི་དབང་གིས་བྲག་དཀར་རྫོང་ཞེས་བཏགས་པ་ཡིན་ཟེར་མཁན་དང་དེ་ལྟར་བཏགས་པ་རེད་ཅེས་བརྗོད་མཁན་མེད་པའི་ངེས་པ་མེད་ལ།དེ་ལྟར་བརྗོད་ནས་གོ་བའང་དེ་ལྟར་ཆགས་སོང་ན་མིང་འདི་ལྟ་བུར་བཏགས་པ་ལ་དགོས་པ་དང་རྒྱུ་མཚན་ཅི་ཡང་མེད་དོ།།
   གལ་ཏེ་བྲག་དཀར་སྤྲེལ་རྫོང་དེ་ཉིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བྱས་ནས་འདོགས་དགོས་ན་དེ་ཙམ་གྱིས་གོ་མི་ཐུབ་པར་མ་ཟད་གོང་དུ་བཤད་པའི་ས་ཆ་ཆུང་ཆུང་དེ་ལ་སོགས་པར་འཁྲུལ་འགྲོ་བའི་ཉེན་ཁ་ཆེན་པོར་འབྱུང་སླ་ཞིང་། གལ་ཏེ་གོ་དགོས་ན་བྲག་དཀར་སྤྲེལ་རྫོང་རྫོང་ཞེས་འདོགས་དགོས་ཤིང་དེ་ལྟར་བཏགས་ན་རྫོང་ཞེས་ཡིག་འབྲི་དེ་མང་བའི་ཟློས་སྐྱོན་དུ་འགྱུར་བར་མ་ཟད་རྣ་བར་ཡང་མི་སྙན་པ་ཞིག་དུ་འགྱུར་འགྲོའོ།། དེ་བས་ང་ཚོའི་སྔ་མོ་ནས་ཧང་ང་རྫོང་ཞེས་བཏགས་ན་ལེགས་པར་སེམས་ལ།ཅིའི་ཕྱིར་ཞེ་ན།        དེ་ལ་རྒྱུ་མཚན་དང་ལོ་རྒྱུས་འོས་འཚམས་ཞིག་ལྡན་པའི་ལགས་ལ། རྒྱུ་མཚན་ནི་གང་ཞེ་ན།དེ་ཡང་ཧང་ང་གསེར་གཞོང་རིང་མོ་ཞེས་འབོད་པ་ནི་བོད་ཀྱི་ལོ་རྒྱས་མདོ་སྨད་ཆོས་འབྱུང་དང་ཞབས་དཀར་པའི་རྣམ་ཐར་སོགས་སུ་གསལ་བའི་ཧ་ཅང་རྒྱ་ཆེ་ཞིང་མཐའ་མི་མངོན་པའི་རྩྭ་ཐང་ཆེན་པོ་ཞིག་སྟེ་ཤར་ཕྱོགས་འབའ་རྫོང་དང་ནུབ་ཕྱོགས་དུར་ལམ་རྫོང་སོགས་ཀྱི་ས་དང་འབྲེལ་ཡོད་པའི་རྫོང་འདིའི་རོང་འབྲོག་ཁྲི་ཕྲག་མང་བོ་དང་མི་རིགས་གཞན་ལ་སོགས་པ་འཚོ་བསྡོད་བྱེད་སའི་གནས་དེའི་དཀྱིལ་སྙིང་ལྟ་བུ་ན་རྫོང་མཁར་དེ་ཆགས་ཡོད་པས་དབང་གི་དེ་ལྟར་བཏགས་པ་ཡིན་ཞེས་བཤད་ན་ཧ་ཅང་རྒྱུ་མཚན་གསལ་ཞིང་དག་པ་ཞིག་ཡིན་པར་མ་ཟད་ནོར་འཁྲུལ་སོགས་འབྱུང་ས་མེད་པའི་དགེ་མཚན་ཆེན་པོ་ཞིག་ལྡན་པར་འདོད་དོ།    ལོ་རྒྱུས་ཀྱི་ཆ་ནས་བཤད་ནའང་ཧ་ཅང་ངག་རྒྱུན་རིང་བོ་ཞིག་ཡོད་པ་དཔེར་ན།
སྤྱི་ལོ༡༥༡༠ཡས་མས་སུ་སོག་པོ་བོད་དུ་ཡོང་ནས་ས་བཟུང་ཞིང་ཕྱིས་སུ་སྤྱི་ལོ༡༧༢༣ནས་བཟུང་བོད་སོག་གཉིས་ཀྱི་འཐབ་འཁྲུག་གི་མགོ་བརྩམས་ནས་ཐེངས་དུ་མ་ཞིག་ལ་བོད་ཕམ་ཡང་སྐབས་ཤིག་ང་ཚོའི་ད་སྐབས་ཀྱི་ཧང་ང་ཞེས་འབོད་པའི་ས་འདིར་འཐབ་འཁྲུག་བྱས་མཐར་སོག་པོ་ཕམ་ནས་རྒྱལ་བོའི་གོ་ས་སོགས་ཀྱང་བླངས་པའི་དབང་གིས་བོད་རྣམས་ཧ་ཅང་དགའ་ནས་ད་ཐེངས་ད་སོག་པོའི་རྒྱལ་བོའི་གོ་ས་ཧང་ང་ཞེས་བསྒྲགས་ནས་རིམ་གྱིས་ས་དེ་ལའང་བོད་སྐད་དུ་ཧང་ང་ཞེས་མིང་ཐོག་པ་ཡིན་ཟེར་བའི་ངག་རྒྱུན་ཞིག་འདུག་ལ་དེ་ནི་ཧ་ཅང་ལོ་རྒྱུས་རིང་བོ་ཞིག་ཡིན་པས་ཧང་ང་ཞེས་མིང་དེ་བཏགས་ན་གཅིག་ནས་བཏགས་པའི་རྒྱུ་མཚན་དང་འགྲེལ་ཆགས་པ།   གཉིས་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པ།     གསུམ་ནས་མིང་གཞན་ལ་མི་འཁྲུལ་བའི་དབང་གིས་ཧང་ང་རྫོང་ངམ་ཧང་རྫོང་ཞེས་བཏགས་ན་ལེགས་པར་འདོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ལྟའི་ས་མིང་འདོགས་ཚུལ་ལས་འཕྲོས་པའི་བསམ་ཚུལ་ཐུང་ངུ་ཞིག

2011-09-09 སྤྲེལ་རྫོང་བསྟན་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།