ནང་བའི་གྲུབ་མཐའ་སྨྲ་བ་བཞིའི་ཐུན་མོང་དང་ཐུན་མིན་གྱི་འདོད་ཚུལ་དེ་ཚན་རིག་དང་མཐུན་པར་རོབ་ཙམ་གླེང་བ།

ཞོ་འོང་དཀོན་མཆོག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-17

སྤྱིར་ནང་བ་སངས་རྒྱས་ཀྱི་བསྟན་པ་འདི་ཚན་རིག་དང་ཧ་ཅང་མཐུན་པར་མ་ཟད། ཚན་རིག་གི་གཞུང་ཤིང་ལྟ་བུར་གྱུར་ཡོད་པ་ཕྱི་ནང་གི་མིང་དུ་གྲགས་པའི་ཚན་རིག་པ་དག་གིས་དངོས་ཡོད་ཀྱི་རྟགས་གང་མང་གིས་སྒྲུབ་ཡོད་པ་ལས་གཞན། ཚད་མཐོ་བའི་གདེངས་འཇོག་ཀྱང་གང་མང་གནང་ཡོད།   ཚད་མཐོ་བའི་གདེངས་འཇོག་ཀྱང་གང་མང་གནང་ཡོད།   ཡིན་ན་ཡང་འདིར་སྐབས་སུ་བབ་པ་ནི་ནང་བའི་གྲུབ་མཐའ་སྨྲ་བ་བཞིའི་ཐུན་མོང་དང་ཐུན་མིན་གྱི་འདོད་ཚུལ་དེ་ཚན་རིག་དང་མཐུན་པར་རོབ་ཙམ་གླེང་ན།

   དོན་སྨྲ་སྡེ་གཉིས་ཀྱིས་ཆོས་ཐམས་ཅད་བདེན་པར་གྲུབ་ཞེས་པ་ལྟར་རྒྱའི་གཏན་ཚིགས་རིག་པ་དག་ན་ཡོད་པ་རྣམས་བསྡུས་ཙམ་མཛད་ན། འཇིག་རྟེན་ནི་དངོས་པོ་སྟེ། དངོས་པོ་དེ་རྡུལ་བསགས་ལས་གྲུབ་ཅིང་། དེ་འབྱུང་བཞིའི་རྫས་ལས་གྲུབ། དེ་ཡང་རྡུལ་ཕྲན་དང་། བར་རྡུལ་ཡང་རྡུལ་ཕྲན་སྙིང་བོ་དང་། རྡུལ་ཕྲན་སྙིང་བོ་ཡང་རྒྱུ་རྡུལ་དང་། དེ་ཡང་བར་རྡུལ་དང་། བར་རྡུལ་ཡང་གློག་རྡུལ་བསགས་པ་ལས་གྲུབ་ལ། དེ་དག་གོ་རིམ་མེད་པའི་ངང་འགུལ་བསྐྱོད་བྱེད་བཞིན་ཡོད་པ་མ་ཟད།  ཕན་ཚུན་འཕུད་འབུད་དང་འདྲེན་པའི་སྒོ་ནས་གནས་པ་དང་། ད་ལྟ་རྙེད་ཟིན་པའི་རྡུལ་ཕྲན་རིགས་མི་འདྲ་བ་བརྒྱ་ཕྲག་ལྷག་ཡོད་པ་དེ་དག་ཀྱང་དངོས་པོ་འགྲུབ་བྱེད་ཀྱི་ཆེས་ཆུང་བའི་རྩོམ་གཞི་མིན་ཡང་། དངོས་པོ་འགྲུབ་བྱེད་ཀྱི་རྩོམ་གཞི་ཡིན་པར་མ་ཟད། མིའི་འདུ་ཤེས་ལ་རག་མ་ལས་པར་ཕྱི་རོལ་གྱི་ཡུལ་དུ་གྲུབ་པ་ཡིན་ཞེས་བསླུ་བ་མེད་པའི་གཏམ་ཞིག་སྨྲས་སོ།།

  བྱེ་བྲག་སྨྲ་བའི་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པ་དང་རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བ། མདོ་སྡེ་བ་དག་འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པ་དང་སྐད་ཅིག་སྐད་ཅིག་གིས་འཇིག་པ་ལྟར་ལོ་རྒྱུས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་འགལ་བ་ཞེས་པའི་སྐབས་ན། བྱ་དངོས་གང་ཞིག་ཡིན་རུང་ཚང་མ་འགལ་བ་ཤ་སྟག་ལས་གྲུབ་ཅིང་། དེ་ཡང་འགལ་བ་རྙིང་བ་ལ་བརྟེན་ནས་འགལ་བ་གསར་བ་འབྱུང་བ་དང་། འགལ་བ་གསར་བ་བྱུང་བ་དང་བསྟུན་ནས་འགལ་བ་གསར་རྙིང་བ་འཇིག་པར་འདོད་ལ། བྱ་དངོས་ཚང་མ་འགལ་བ་གསར་རྙིང་གི་བྱུང་འཇུག་གི་བརྒྱུད་རིམ་དང་། དུས་དང་རྣམ་པ་ཀུན་ཏུ་འཕོ་འགྱུར་བྱེད་པའི་རྣམ་པ་ལ་བརྟེན་ནས། བྱ་དངོས་ཡོད་ཚད་ཀྱི་ཆགས་གནས་འཇིག་སྟོང་གི་རྣམ་བཞག་དེ་གཅིག་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་གོ་སླ་བའི་དཔེ་དང་སྦྱར་ཞིང་། གཉིས་ནས་དངོས་པོ་གསར་བསྐྲུན་གྱི་ཐབས་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་ཐབས་ཅད་མིག་གི་སྤྱོད་ཡུལ་ཅན་དུ་བསྒྱུར་ཏེ་སེམས་ཅན་གྱི་འདུ་ཤེས་ཚེགས་མེད་དུ་ཚན་རིག་གི་ལམ་དུ་དྲངས་ན་ཡང་བརྗོད་བྱ་དོན་སྨྲ་སྡེ་གཉིས་དང་མཐུན་པར་མངོན་སུམ་གྱིས་གྲུབ་པ་རེད།

  སེམས་ཙམ་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བ་ལྟར། དེང་གི་རི་མོ་བ་མཁས་ཆེན་རྣམས་དང་ཚན་རིག་པ་སྐོར་ཞིག་གིས་གསུངས་པ་ལྟར། རི་མོ་ག་གེ་མོ་ཞིག་ལ་བལྟས་ཏེ་བཟང་ངན་དང་ཡག་བཙོག་གི་སྣང་བ་འཆར་བ་འདི་ཉིད་མི་རང་རང་གི་བསམ་པའི་འདུ་ཤེས་ལ་བརྟེན་པར་འདོད་དེ། རི་མོ་གཅིག་ལ་བལྟ་མཁན་གྱི་གང་ཟག་དང་ཁོར་ཡུག་མི་འདྲ་བའི་དབང་གིས་མི་རེར་ལ་བསམ་པའི་འདུ་ཤེས་སྣ་ཚོགས་འཆར་སྲིད་པ་རེད། དེའི་ཕྱིར། རི་མོའི་རང་སྟེང་ན་བཟང་ངན་དང་ཡག་བཙོག་གི་སྣང་བ་མེད་པའི་ཁར། ནང་བསམ་པའི་འདུ་ཤེས་ལ་རག་ལས་པ་ནི་བསྙོན་མེད་ཅིག་ཏུ་འདོད་པར་མ་ཟད། ཚན་རིག་པ་དབྱིག་ལགས་ཀྱིས་ཀྱང་མི་རང་རང་གི་བདེ་སྡུག་གི་སྣང་བ་འདི་ཕྱི་རོལ་གྱི་ཡུལ་ལ་མི་ལྟོས་པར་ནང་སེམས་ཉིད་ལ་ལྟོས་ཏེ་འཇོག་དགོས་པ་ནི་བསྙོན་དུ་མེད་ཅེས་གསུངས་པས་ཀྱང་རྟོགས་ནུས་ལ། བློ་མཐུན་མའོ་ཙེ་ཏུང་མཆོག་གིས་ཀྱང་བྱ་དངོས་ཚང་མ་ངོ་བོ་ཉིས་བརྩེགས་(བཟང་ངན་ཉིས་འདུས)ཡོད་ཅེས་གསུངས་པ་དེ་ལ་ཡང་ལྟ་བའི་གནད་ཟབ་མོ་ཞིག་ཡོད་པ་གོར་མ་ཆག  སེམས་ཙམ་པའི་ལུགས་ཀྱི་སྣང་ཚུལ་འདི་འདྲ་བ་ང་ཚོ་ལ་ཡང་རྒྱུན་དུ་འབྱུང་མུས་སུ་ཡོད་པས་ཤིང་རྟ་ཡན་ལག་རྣམ་པ་བདུན་གྱིས་རྣམ་པར་དཔྱད་ཚེ་ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་དོན་དང་། ལྷག་པར་ཐལ་འགྱུར་བས་ཆོས་ཐམས་ཅད་ཐ་སྙད་དུའང་རང་མཚན་གྱིས་མ་གྲུབ་ལ། བཏགས་པའི་ཐ་སྙད་ཙམ་དུ་ཡོད་པའི་ལུགས་བཞིན་ཚན་རིག་པ་དབྱིག་ལགས་ཀྱིས་རྫས་འགྱུར་གྱི་སྒོ་ནས་ཡང་དག་པར་བསྒྲུབས་འདུག་མོད།  དགོས་པའི་དབང་གིས་འདིར་རོབ་ཙམ་གླེང་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་ནུས་པའི་དངོས་པོ་དེ་ལ་ཇ་ཕོར་ཞེས་བཏགས་ཚེ། གནས་སྐབས་སུ་ཇ་ཕོར་གྱི་འདུ་ཤེས་ཙམ་འཛིན་ཅིང་། ཆང་ཕོར་ཞེས་བཏགས་ཚེ་ཆང་ཕོར་གྱི་འདུ་ཤེས་ཙམ་འཛིན་ཅིང་། ཆང་ཕོར་ཞེས་བཏགས་ཚེ་ཆང་ཕོར་གྱི་འདུ་ཤེས་ཀྱང་བས་ཐ་སྙད་དུ་ཡང་རང་འཚམ་གྱིས་མ་གྲུབ་པར་བསྟན་པ་དང་། དེ་འགྲུབ་བྱེད་ཀྱི་རྫས་དག་གི་ཆ་ནས་ཆ་ཕྱེ་ན་རང་ཚུགས་ཐུབ་པའི་རྡུལ་རྫས་མེད་པར་མ་ཟད། དེའི་ཚོགས་པ་དེ་ལ་ཇ་ཕོར་དང་ཆང་ཕོར་ཞེས་ཕར་བཏགས་པ་ཙམ་དུ་ཟད་དོ་ཞེས་གསུངས་པ་དང་། དེ་བཞིན་དུ་བློ་མཐུན་ལེ་ཉིན་གྱིས་ང་ཚོས་དམག་འཁྲུག་གི་སྐབས་སུ་ཤེལ་ཕོར་དེ་དྲག་ཆོས་བྱེད་ཆོག་ལ། ལྷིང་འཇགས་ཀྱི་རྩོམ་ཡིག་འབྲི་བའི་ཚེ་ན་སྣག་བུམ་ཡང་བྱས་ཆོག་པར་མ་ཟད། ད་དུང་སྒྱུ་རྩལ་གྱི་ཡོ་ཆས་ཀྱང་བྱས་ཆོག་པས། བཏུང་སྤྱད་ཡིན་མིན་གཙོ་བོ་མ་རེད། དེ་ལས་གཞན་ད་དུང་ཤེལ་ཕོར་གྱི་དབྱིབས་དང་ཁ་ཞབས་སོགས་ལ་ཚད་བཀག་མེད་དོ།། ཞེས་གསུངས་པ་ཡང་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་བའི་སྒྲུབ་བྱེད་ཅིག་ཏུ་འཁུམས། གཞན་ཡང་རྩོད་སྒྲུབ་དངོས་གཙོ་སྨྲ་བས། བྱ་དངོས་ཐམས་ཅད་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ཕན་ཚུན་ལ་འཕོ་འགྱུར་བྱེད་པ་ཡིན་ཞེས་སྨྲ་བས་ཀྱང་བྱ་དངོས་ཀྱི་རང་ཚུགས་མི་ཐུབ་པ་རྟོགས་ཐུབ། དེ་བཞིན་དུ་ངོ་བོ་ཉིད་མེད་པར་སྨྲ་བའི་རྟེན་ཅིང་འབྲེལ་འབྱུང་གི་དོན་རྫས་འགྱུར་གྱི་སྒོ་ནས་སྒྲུབ་ཆོག་པས། བློ་མཐུན་མའོ་ཙེ་ཏུང་མཆོག་གིས་ངོ་བོ་མི་འདྲ་བའི་ཆིན་དང་ང་ཕན་ཚུན་འདུས་པ་ལ་བརྟེན་ནས་ཆུ་འབྱུང་ལ། དེ་གཉིས་གང་རུང་དང་བྲལ་ཚེ་ཆུ་ཡོད་མི་སྲིད། ཞེས་གསུངས་པ་ལྟར། ཕོ་གློག་དང་མོ་གློག་ཕན་ཚུན་འཕྲད་པ་ལ་བརྟེན་ནས་འབྲུག་སྒྲ་དང་གློག་དམར་འཁྱུག་པའི་དཔེ་ཤིན་ཏུ་མང་ན་ཡང་འདི་ཙམ་གྱིས་ཆོག་པས་མ་བཀོད། དངོས་ལུགས་རིག་པའི་ནུས་ཚད་ཀྱིས་དོན་ཡང་འདི་དང་འདྲ་བས་སྒྲོ་སྐུར་སྤངས་ཏེ་བྲིས་ན། ནུས་ཚད་ནི་རྒྱུ་རྐྱེན་མེད་པར་འབྱུང་མི་སྲིད་ལ། རྒྱུ་རྐྱེན་མེད་པར་འཇིག་རྒྱུ་ཡང་མེད་པར་སྨྲ་བས་ཀྱང་རྟེན་འབྲེལ་གྱི་དོན་དུ་གོ། གཞན་ཡང་<<ནང་བསྟན་ལ་འཇུག་པའི་སྒོ>>ཞེས་པ་ན། བྱ་དངོས་ཡོད་ཚད་རྒྱུ་རྐྱེན་རྟེན་འབྲེལ་ཅན་ཡིན་པས། དེ་བཞིན་དུ་སྤྱི་ཚོགས་ཀྱི་སྟེང་དུའང་ཁེར་རྐྱང་གི་མི་ཞིག་ཡོད་མི་སྲིད་དེ། དཔེར་ན་མི་ཞིག་གི་འཚོ་བའི་རོལ་སྟངས་དེ་ལའང་ཆུང་དུས་ཕ་མའི་གསོ་སྐྱོང་ལ་བརྟེན་པ་དང་། ནར་སོན་རྗེས་སློབ་གྲྭའི་སློབ་གསོ་མྱོང་དགོས་པར་མ་ཟད་གྲོགས་པོ་དག་གི་རམ་འདེགས་ལ་བརྟེན་པ། བཟའ་བཏུང་དང་འདུག་གནས་སོགས་ཀྱི་འཚོ་བའི་རྒྱུ་རྐྱེན་ཡོད་ཚད་ཞིང་བ་དང་བཟོ་བ། ཚོང་བའི་མཁོ་སྤྲོད་ལ་འཁེན་དགོས།  གཞན་ཡང་འཚོ་བའི་ཁེག་ཐག་གི་ཆེད་དུ་རྒྱལ་ཁབ་ཀྱི་རྩ་འཛུགས་དང་སྲུང་དམག་གི་སྲུང་སྐྱོབ་ལ་བརྟེན་དགོས་པས། འཇིག་རྟེན་གྱི་ཡོད་ཚད་རྒྱུ་རྐྱེན་རྟེན་འབྲེལ་གྱི་བདག་ཉིད་ཅན་ཞེས་གཏན་ཚིག་རྡོ་རྗེ་ལྟ་བུ་ཞིག་བཀོད།

  གྲུབ་མཐའ་ཐུན་མོང་གི་ཁྱད་ཆོས་གསུམ་ལྡན་གྱི་གང་ཟག་གི་བདག་མི་འདོད་པ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཚུལ་ནི་དཔེར་ན། རྩོམ་ཡིག་དང་ཚགས་པར། གློག་བརྙན་དག་ལས་བློ་མཐུན་ཏིན་ཞའོ་ཕིན་གྱིས་ལོ་རྒྱུས་མཐོང་བ་ནི་ཁོང་ཉིད་དང་ཁོའི་མཛད་རྗེས་མི་བརྗེད་པའི་ཆེད་ཡིན་ལ། ལྷག་པར་ཁོང་ཉིད་ཀྱིས་བསྟན་པའི་ཤེས་ལྡན་པའི་ཁྲོམ་ར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགོངས་དོན་གསུངས་པ་ལྟར་ཕན་ཚུན་གྱི་རམ་འདེགས་ལ་བརྟེན་ནས་བློ་མཐུན་ཏིན་ཞའོ་ཕིན་གྱི་དགོངས་པ་ལག་ཏུ་བསྟར་ཚེ། རང་གི་གཅེས་སུ་འོས་པའི་རྒྱལ་ཁབ་སྟེ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐྲུན་མགྱོགས་མྱུར་གྱིས་དར་རྒྱུས་སུ་འགྲོ་བ་ནི་སྐྱབས་སུ་འགྲོ་བའི་ཚུལ་ཙམ་ཡིན་ལ། དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་ཤིང་། དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འབྱུང་བས་མི་རྟག་པ་དང་། སྤྱི་ཚོགས་དང་མི་རང་གི་མྱོང་སྣང་དུའང་དམིགས་བྱ་མི་རྟག་པའི་དབང་གིས་མི་རྣམས་ལ་དགའ་སྐྱོ་ཆགས་སྡང་གི་ཀུན་སློང་སྣ་ཚོགས་འབྱུང་སྲིད་ལ། ཕྱིའི་དངོས་པོ་ཁོ་ནར་དམིགས་ཚེ་ལུས་སེམས་གཉིས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པས། གསར་བརྗེའི་སློབ་དཔོན་མར་ཁེ་སི་ཡིས་མིའི་བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་བདེ་སྐྱིད་དང་ཕྱི་དངོས་པོའི་བདེ་སྐྱིད་གཉིས་དོ་མཉམ་རྒྱུ་དེ་ཡིན་ཞེས་གསུངས་པ་ཡང་གནད་འདི་ལ་ཐུག་པར་སྙམ། ང་ཚོས་སེམས་ཞིབ་མོས་རྣམ་པར་དཔྱད་ན། དངོས་པོ་གང་འདྲ་ཞིག་ཡིན་རུང་འགའ་ཞིག་མཛེས་པར་མཐོང་ན། ཁ་ཅིག་གིས་མི་མཛེས་པར་མཐོང་། འགའ་ཞིག་ལ་ཞེ་ལོག་པའི་སྣང་བ་འབྱུང་ན། ཁ་ཅིག་ལ་བློར་འབབ་པའི་ངང་ཚུལ་འབྱུང་བ་འདི་དག་དངོས་པོ་རང་སྟེང་ན་མཛེས་ཆོས་སམ་རྒྱུ་རང་རྐྱ་བ་ཞིག་མེད་པའི་རྟགས་རེད། ཡིན་ནའང་སེམས་ཅན་ལ་ཕན་པ་སྒྲུབ་པ་དང་། སྤྱི་ཚོགས།  རྒྱལ་ཁབ་ལ་ཕྱག་རྗེས་བཞག་པའི་མི་དག་ལ་རླབས་ཆེན་གྱི་མི་སྣ་ཞེས་བརྗོད་པ་འདི་ཚང་མ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་དོན་རགས་བསྡུས་ཙམ་མོ།།

   དོན་སྨྲ་སྡེ་གཉིས་ཏེ། ཐེག་དམན་གྱི་ལྟ་བ་ནི་དངོས་པོའི་གནས་ཚོད་དང་བསྟུན་ནས་གསུངས་ཡོད་པས་ཚན་རིག་དང་ཧ་ཅང་མཐུན་པ་ཞིག་རེད། དཔེར་ན། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་འཇིག་དང་གོ་ལའི་དབྱིབས་ཟླུམ་པོ། དེའི་རྒྱ་ཁྱོན་གྱི་ཚད་དང་ཉི་མ་འཛིན་ཟླ་འཛིན་སོགས་ཧ་ཅང་མང་མོད་དྲགས་པས་མ་སྤྲོས་པར་དགོངས་འགལ་མེད་པར་མཛོད། སེམས་ཙམ་པ་དང་ངོ་བོ་ཉིད་མེད་པར་སྨྲ་བའི་ཐེག་ཆེན་གྱིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཚེ་སྔོན་མའི་རང་གི་མ་ཤ་སྟག་ཡིན་པར་བསམ་ནས་དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སེམས་བསྐྱེད་ཀྱི་གཞི་བཏང་། མཐར་བྱང་སེམས་ཀྱི་ལམ་ཉམས་སུ་བླང་ནས་སེམས་ཅན་གྱི་དོན་མཛད་པ་བཞིན་ཡང་རྒྱའི<<ནང་བསྟན་ལ་འཇུག་པའི་སྒོ>>ཞེས་པའི་ནང་། ཚད་མེད་པ་བཞི་ལ་བློ་སྦྱོང་ན་རང་གཞན་གཉིས་ཀ་ལ་ཕན་ཞིང་། སེམས་ཅན་ཐམས་ཅད་ཀྱིས་ངའི་ཆེད་དུ་བྱས་པ་དང་། ངས་སེམས་ཅན་གྱི་ཆེད་ཞེས་དང་དང་ཡང་ན་སེམས་ཅན་ཐམས་ཅད་ལ་དྲིན་བཟོ་བའི་འདུ་ཤེས་ཀྱི་སྟེང་ནས་ཕ་མ་དང་མི་དམངས། རྒྱལ་ཁབ་སོགས་ལ་ཞབས་འདེགས་ཞུ་བའི་མི་ཚེའི་འདུ་ཤེས་འཛུགས་དགོས་ཞེས་བཀོད་ཡོད་པ་ལས་གཞན། དེ་ན་དགེ་བ་སྨྲས་ཏེ་མི་ཡ་རབས་སམ་ཚུལ་ལྡན་ཞིག་ཏུ་བརྩོན་དགོས་པའི་གདམས་པ་དང་བདེན་དོན། འཚོལ་སྙེག ཤེས་བྱར་ཞིབ་འཇུག་བྱེད་པ་ཡིན་པས་སྤྱི་ཚོགས་ལ་མི་གནོད་པར་མ་ཟད། འཇིག་རྟེན་གྱི་མི་ཚེ་ལ་ཤེས་རྟོགས་བྱེད་པའི་སློབ་གསོ་ཅིག་ཀྱང་ཡིན་ལ། ལྷག་པར་དུས་གསུམ་གྱི་སློབ་གསོ་སྨྲ་བ་སྟེ། འདས་མ་འོངས་ད་ལྟ་ཚང་མ་བཤད་ཀྱིན་འདུག་ཅེས་གསལ་བོར་བཀོད་འདུག

   གྲུབ་མཐའ་སྨྲ་བ་བཞིའི་ནང་གི་དོན་སྨྲ་བདེན་གཉིས་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ། ཐལ་འགྱུར་བ་དག་གིས་ཕྱི་དོན་འདོད་པ་ལྟར་ལོ་རྒྱུས་གཙོ་སྒྲུབ་དངོས་གཙོ་བས་ཀྱང་། དངོས་པོ་ནི་ཨང་དང་པོ་ཏེ། འདུ་ཤེས་ནི་ཨང་གཉིས་པ་ཡིན། དངོས་པོ་ནི་འདུ་ཤེས་ཀྱི་འབྱུང་ཁུངས་ཏེ། འདུ་ཤེས་ནི་དངོས་པོ་ལ་བརྟེན་ནས་བྱུང་བ་ཡིན། ཞེས་སྨྲའོ།། དེའི་ཕྱིར་རང་གཞན་སུ་ཡིན་རུང་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་སངས་རྒྱས་ཀྱི་དགོངས་པ་མི་ལོན། སངས་རྒྱས་ཀྱི་དགོངས་པ་མ་ལོན་པར་མཐའ་གཅིག་ཏུ་ནང་བ་སྤྱི་དང་ཁྱད་པར་གྲུབ་མཐའ་དག་ལ་མ་རུང་ལོག་རྟོག་གི་ལྟ་བ་འཕངས་ན་མི་འགྲིག་པའི་སྐྱོན་འབབ་ལ། དེ་བཞིན་དུ་རབ་བྱུང་རྣམ་པས་ཀྱང་དུས་རབས་བསྟུན་མཁས་པོ་བྱས་ཏེ། སངས་རྒྱས་ཀྱི་དགོངས་པ་དངོས་ལྟར་ཉན་རང་བྱང་སེམས་ཀྱི་ཐེག་པ་མི་འགྲུབ་ཀྱང་། ལྷ་མིའི་ཐེག་པ་ཚུལ་བཞིན་བགྱི་བ་ཡང་མི་ཆོས་རིང་ལུགས་ཡིན་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕན་པར་སེམས་ཤིང་། དེ་ལས་ལྡོག་པར་བཅོས་མའི་གཟུགས་བརྙན་ཙམ་དུ་བཟུང་ན་དེ་ཡང་འགྲིག་གི་མ་རེད། ཕྲན་ངས་ཚན་རིག་དང་བསྟན་པ་གང་གི་ཆ་ལའང་ཕྱོགས་སུ་མ་སོང་བར་བློ་གཟུར་བོའི་སྒོ་ནས་རང་ཚོད་ཀྱིས་དཔྱད་པ་ཙམ་དུ་བྲིས་ལ། དེ་ཡང་ཡ་ལི་ཧྲི་ཏོས། ང་རང་དགེ་རྒན་ལ་དགའ། ལྷག་པར་དུ་ང་རང་བདེན་དོན་ལ་དགའ། ཞེས་གསུངས་པ་ལྟར་ལགས་ཤིང་། བདེན་དོན་འཚོལ་སྙེག་གི་ཁྲོད་དུ་དཀའ་ཁག་དང་རྙོག་འཛིང་གི་རང་བཞིན་མང་པོ་བརྒྱུད་དགོས་པ་དང་གཅིག  གཉིས་ནས་ང་རང་ལས་དང་པོ་བ་ཡིན་པས་ནོར་འཁྲུལ་འབྱུང་རྒྱུ་ནི་ཆོས་ཉིད་ཅིག་ཏུ་བགྲངས་ན་ཆོག  དེའི་ཕྱིར་ཀློག་པ་པོ་རྣམས་ཀྱིས་སྐྱོན་མཆིས་པའི་གནས་ལ་མཛུབ་མོས་རི་སྟོན་བྱེད་རྒྱུ་ངའི་རེ་བ་ཡིན། དེའི་རྒྱུ་མཚན་ནི་གནད་དོན་གཅིག་ཐག་བཅད་པ་ལས་གནད་དོན་གཅིག་རྙེད་པ་ཤིན་ཏུ་གལ་ཆེ་ཞེས་ཚན་རིག་པ་དང་གཏན་ཚིགས་སྨྲ་བ་དག་གིས་མགྲིན་དབྱངས་གཅིག་གིས་བརྗོད་པ་ལྟར་ཡིན་པས། སྐྱོན་མཆིས་པའི་གནས་ལ་སྐྱོན་བརྗོད་ན་རང་གཞན་ཀུན་ལ་ཕན་པར་སེམས་སོ།།

རྩོམ་ཁུངས། དུས་རབས་ཀྱི་བསམ་གཞིགས། སྤྱིའི་འདོན་ཐེངས་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་བའི་གྲུབ་མཐའ་སྨྲ་བ་བཞིའི་ཐུན་མོང་དང་ཐུན་མིན་གྱི་འདོད་ཚུལ་དེ་ཚན་རིག་དང་མཐུན་པར་རོབ་ཙམ་གླེང་བ།

2010-04-17 ཞོ་འོང་དཀོན་མཆོག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།