འཆར་སྣང་སྐྱ་རེངས་དཀར་པོའི་འཛུམ་རིས།

འགར་ཆུང་བ་བློ་བཟང་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-12

དེ་ཡང་དུས་རབས་ཉེར་གཅིག་ལ་སླེབས་པའི་སྐབས་དང་བསྟུན་ནས། འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་ན་འཚོ་ཞིང་གནས་པའི་རྒྱལ་ཁབ་ཆེ་ཆུང་གང་ཞིག་ཡིན་ཡང་བསམ་དངོས་གཉིས་ཆར་གྱི་ཐད་ནས་མགྱོགས་མྱུར་སྒོས་མཐོ་འདེགས་སུ་བཏང་ནས།དཔལ་འབྱོར་འཛུགས་སྐྲུན་དང་། ཚན་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ་སོགས་ཕན་ཚུན་འགྲན་སློང་གི་ཚུལ་གྱིས་འཕེལ་རྒྱས་སུ་འགྲོ་དང་འགྲོ་བཞིན་པའི་སྒང་ཡིན་ཙ་ན། ང་ཚོའི་བོད་མི་རིགས་འདིས་ཀྱང་ཤེས་མེད་ཚོར་མེད་ཀྱིས་ངང་མི་ཚེ་འཁྱོལ་ཐབས་བྱེད་པའི་འཚོ་བ་རོལ་སྟངས་ཀྱི་རྣམ་པ་བཅོས་བསྒྱུར་བྱས་ཏེ། འཚོ་བ་གསར་བ་ཞིག་གི་ལམ་བུ་བསྐྱོད་ཕྱིར། ཧམ་སེམས་དང་། འགྲན་སློང་། ལ་རྒྱ་སོགས་ཀྱི་སེམས་ཤུགས་ལ་བརྟེན་ནས། བག་འཁུམས། ལེ་ལོ་དང་སྒྱིད་ལུག་མཁྲེགས་འཛིན་བྱེད་པའི་རྙིང་ཞེན་བཅས་ཀྱི་དཔུང་ཤུགས་ལ་ཐབས་བརྒྱ་ཇུས་སྟོང་གིས་ཕམ་ཁ་སྤྲད་དེ།ཞུམ་མེད་ཧུར་བརྩོན་གྱིས་བཞུད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་རེད། དེའི་ཕྱིར་ང་ཚོའི་མི་རིགས་ཀྱི་བླ་སྲོག་ལྟ་བུར་གྱུར་བ་ནི་སྐད་ཡིག་ཡིན་ཞིང་།སྐད་ཡིག་བཀོལ་སྤྱོད་དང་ཁྱབ་གདལ་ལ་གཏོང་བ་ཇི་ལྟར་ཤུགས་དྲག་ན་སྤྱི་ཚོགས་འཚོ་བ་མགྱོགས་མྱུར་ངང་གོང་འཕེལ་ལ་འགྲོ་ངེས་ཡིན་པ་མ་ཟད།ད་དུང་ང་ཚོའི་མི་རིགས་འདི་འཛམ་གླིང་སྟེང་ཡུན་རིང་གནས་མི་གནས་ཀྱང་འདི་ལ་ཐུག་ཡོད། དེས་ན་ང་ཚོའི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་སྐད་ཡིག་ལ་བརྩི་སྲུང་དང་།བཀོལ་སྤྱོད་བྱེད་དགོས་པ་ཐམས་ཅད་ཀྱི་འོས་འགན་ཉག་གཅིག་ཏུ་འཁུམས་སོ།།

     དེས་ན་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་པའི་དགོན་སྡེ་ཁག་གིས་སྔར་ལས་ལྷག་པའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བླ་མེད་པའི་ནུས་ཤུགས་གང་ལེགས་བཏོན་ནས། གཡུར་དུ་ཟ་བའི་གྲུབ་འབྲས་མངོན་གསལ་ལེན་པར་ཧུར་བརྩོན་བྱེད་དགོས་པར་མ་ཟད། དམིགས་འབེན་དང་འཆར་གཞི་ལྡན་པའི་སྒོས། ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ། སངས་རྒྱས་ཆོས་ལུགས་ལ་ཚན་རིག་ལས་བརྒལ་བའི་གཏིང་ཟབ་པ་དང་། རྒྱ་ཆེ་བའི་གནས་མཆིས་པ་ཀུན་ལ་ར་སྤྲོད་བྱེད་དགོས་པ་སངས་རྒྱས་བསྟན་པའི་རྗེས་འཇུག་པ་རྣམས་ཀྱི་ཕྲག་ཏུ་བབས་ཡོད་ཙ་ན། ང་ཚོའི་གྲྭ་བ་རྒན་གཞོན་གང་ཞིག་རུང་དམིགས་རྒྱང་རིང་བའི་སྒོ་ནས། དུས་རབས་ཀྱི་རྗེས་ཆོད་པར་ནན་ཏན་གྱིས་བརྩོན་ལེན་བྱས་པ་དང་བརྒྱུད་ང་ཚོའི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་ཉམས་པ་སོར་ཆུད་དང་།གནས་པ་འཕེལ་རྒྱས་སམ་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ལ་དར་སྤེལ་གཏོང་བ་དམིགས་ཡུལ་གལ་ཆེན་ཞིག་ཏུ་བཟུང་ནས། དེ་ལ་ཞུམ་མེད་ཀྱིས་ཧུར་བརྩོན་བྱས་ཏེ།བསམ་བློའི་དཔལ་ཡོན་མཐོ་རུ་འདེགས་དགོས། དེའི་ཕྱིར། དགོན་སྡེ་ཆེ་ཆུང་གང་ཞིག་ཡིན་ཡང་ཆོས་འདུལ་བའི་དགོངས་དོན་དང་མཐུན་པར་གྲྭ་བའི་སྤུད་ཚད་ཇེ་མཐོར་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་བསྟུན། ཁོར་ཡུག་འཛུགས་སྐྲུན། སློབ་ཁྲིད་ཀྱི་བྱེད་ཕྱོགས། སློབ་གསོའི་རང་བཞིན། སྒྲིག་ཁྲིམས། དམིགས་ཡུལ་སོགས་དུས་རབས་ཀྱི་འགྲོས་དང་མཐུན་པར་བྱས་ཏེ།ལྟ་ཚུལ་གཅིག་གྱུར་ངང་ནས་ཡང་དག་པའི་ལམ་དུ་བསྐྱོད་པར་སྐུལ་འདེད་བླ་ལྷག་འདོན་དགོས་པར་མ་ཟད། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་།། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས།། ཞེས་གསུས་པ་ལྟར་རང་རྒྱུད་ཡོངས་སུ་བཏུལ་ཏེ་མཐར་ཐུག་ཆོས་ཀྱི་མྱང་འདས་ཐོབ་པ་ལ་བཅོས་མིན་གྱིས་བརྩོན་ལེན་བྱས་ནས། གཞན་དོན་སྒྲུབ་པའི་སེམས་བསྐྱེད་ཀྱིས་རྩིས་ཟིན་པ་བྱེད་དགོས་པར། པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས། དགོན་པ་ཡི་མང་ཉུང་། གྲྭ་བ་ཡི་མང་ཉུང་། མཆོད་རྟེན་འདུ་ཁང་བཞེངས་པ་སོགས་གཙོ་བོ་མིན་པར། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དངོས་གཞིར་བཟུང་ནས། རང་རྒྱུད་བཏུལ་ནས་གཞན་དོན་མཆོག་ཏུ་གྱུར་བ་ཞིག་བསྒྲུབས་དགོས།  ཞེས་གསུངས་ཚད་མར་གྱུར་བའི་བཀའ་སློབ་གནང་བ་ཀུན་གྱིས་སྙིང་གི་མཐིལ་དུ་བཟུང་ནས། གཞུང་བཀའ་པོད་ལྔའི་མཚོན་པའི་མདོ་ཕྱོགས་ཀྱི་བསྐོར་དང་། རྒྱུད་སྡེ་བཞིའི་མཚོན་པའི་སྔགས་ཕྱོགས་ཀྱི་གཞུང་ལུགས་སོགས་ལ་ཐོས་བསམ་ལེགས་པར་བྱས་ཏེ། ཇི་སྐད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ།། ཞེས་གསུངས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་སུ་ནན་ཏན་གྱིས་ཧུར་བརྩོན་བྱེད་དགོས་པ་ལས། རང་བྱུང་བའི་རྟགས་བླངས་པ་ཙམ་གྱིས་ཡིད་ཚིམ་སྟེ་ང་ནི་གྲྭ་བའོ་སྙམ་པའི་གཏོད་བྲལ་གྱི་ང་རྒྱལ་ཞིག་གི་གཞོགས་འདེགས་བྱས་པ་ལ་བརྟེན་ནས། དེ་ཙམ་གྱིས་མི་ཚེ་འཁྱོལ་ཐུབ་བྱེད་པ་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་མི་བྱེད་པ། ནང་ཕན་ཚུན་ལ་བརྩི་བཀུར་དང་མཐུན་སྒྲིལ་མི་བྱེད་པ།དགོན་པའི་སྒྲིག་ཁྲིམས་ལ་དོ་སྣང་མི་བྱེད་པ་བཅས་ཀྱི་བསམ་ངན་སྤྱོད་སྟངས་སྣ་ཚོགས་ལ་བཅོས་བསྒྱུར་བྱེད་དགོས་པར་མ་ཟད།དགོན་པའི་སྒྲིག་འཛུགས་ཚགས་ཇེ་དམ་དུ་གཏོང་བ་དང་། ཆོས་ལུགས་པ་ཞིག་གི་ཚད་ངེས་ཅན་དུ་སླེབས་པར་ཅི་ནུས་ཀྱིས་ཧུར་བརྩོན་བྱས་ནས། དགོན་པའི་རྒན་རབས་པ་ཆེ་ལེགས་ཤས་རྣམས་ཀྱི་རྗེས་སྐྱོང་བ་ཞིག་ཡོང་བ་དམིགས་ཡུལ་དུ་འཛིན་དགོས་ཏེ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་ཀྱང་། རྒན་པ་རྣམས་གྲྭ་ཚང་གི་སྲོག་རྩ། བར་མ་རྣམས་གྲྭ་ཚང་གི་གཞུང་ཤིང་། གཞོན་པ་རྣམས་གྲྭ་ཚང་གི་རྗེས་སྐྱོང་ཡིན་པས། རང་རང་གི་ཕྲག་ཏུ་བབ་པའི་ཁུར་དེ་མ་འདོར། བླ་མའི་སྲས། ཨ་མའི་བུ། ཞེས་ནན་གྱིས་གསུངས་པ་ང་ཚོའི་སུ་ཞིག་ཡིན་ཡང་ཚད་མར་བཟུང་སྟེ། རང་རང་གི་ཡང་དག་པའི་འོས་འགན་རྒྱུན་འཁྱོངས་དང་གཙིགས་ཆེན་བྱས་ནས། ཆོས་པ་རྣལ་མ་ཞིག་འགྱུར་ཆེད་རྒྱལ་བའི་གསུང་རབ་ཀུན་ལ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གཉིས་ཟུང་འབྲེལ་བྱས་ནས་རང་རྒྱུད་ཆོས་དང་འབྲེལ་པར་བྱེད་དགོས་ཏེ། རྡོ་སྦིས་དགེ་བཤེས་མཆོག་གིས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་མི་དགེ་བཅུ་བོ་དེ་འབུར་དུ་མ་འཇུག་པར་གཙང་སིང་ངེར་བཞུགས། དེ་ལས་དགེ་སྦྱོར་རླབས་ཆེ་བ་ཞིག་གང་དུའང་མི་རྙེད་པས་རྟག་པར་འབུངས། འདྲ་ཆགས་བཏོན་བཏོན་མང་པོའི་བསླུ་བྲིད་ལ་མ་འཁོར། ནང་ནས་མི་དགེ་སྤོང་དང་། ངེས་འབྱུང་དང་། སེམས་བསྐྱེད་དང་། ཡང་དག་པའི་ལྟ་བ་འཕེན་ན། ཁ་ནས་ཚིག་གཅིག་མ་བཏོན་ནའང་ཆོག་སྟེ། ཚིག་སྐོར་བ་ནི་དོན་ལ་དྲན་གསོ་བའི་ཆེད་ཡིན་པའི་ཕྱིར་རོ།། ཞེས་གསུངས་བ་ནང་བཞིན། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བཅས་རྒྱུད་ལ་སྐྱེ་བར་རྒྱུན་མར་འབད་འབུངས་བྱེད་དགོས། དེ་དང་བསྟུན་ནས་ང་ཚོའི་བོད་མི་རིགས་ཀུན་གྱི་བསམ་བློའི་ཆུ་ཚད་མགྱོགས་མྱུར་སྒོས་མཐོ་རུ་འདེགས་ཕྱིར། ཚན་རིག་དང་མཐུན་པའི་སློབ་གསོ་གཏོང་དགོས་པར་མ་ཟད། ད་དུང་ཤེས་མེད་ཚོར་མེད་ཀྱི་ངང་རྨོངས་དད་བྱེད་པ་དང་ལོག་ཆོས་སྒྲུབ་པའམ་ལོག་ཆོས་སྤེལ་བ་སོགས་ལ་ངོ་རྒོལ་ལམ་དག་ཐེར་བྱས་ནས། དེ་དག་ཡང་དག་པའི་ཆོས་ཀྱི་ངོ་བོ་ངེས་ཟིན་པར་བྱས་ཏེ། ཆོས་རྣལ་མ་སྒྲུབ་དུ་འཇུག་དགོས་པ་ལས།དེ་དག་ལ་གཡོ་འགེབས་བྱས་ལོག་ལམ་དུ་ཁྲིད་པ་སོགས་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འགལ་རྐྱེན་བཟོ་བའམ་བཀག་འགོག་གཏོང་མི་རུང་། ཅིའི་ཕྱིར་ཞེ་ན། བོད་རྒྱལ་གླང་དར་མ་སྐུ་བཀྲོངས་ནས་ལོ་མང་ཙམ་འདས་པའི་རྗེས། སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བར་རྙིང་མ་བ་དང་། བཀའ་རྒྱུད་པ། ས་སྐྱ་བ། ཇོ་ནང་བ། དགེ་ལུགས་པ་སོགས་ཀྱི་བར་ལ་གྲུབ་མཐའི་རྩོད་གླེང་སྣ་ཚོགས་རྒྱུན་མར་བྱུང་སྟབས། ཕན་ཚུན་གྱི་མཐུན་སྒྲིལ་ལ་འགལ་རྐྱེན་གང་མང་ཐེབས། དེའི་ཕྱིར་རིམ་གྱིས་གཅིག་གཅིག་ལ་ཕྱོགས་ཞེན་གྱི་ལྟ་ཚུལ་ཞིག་གིས་ཕན་ཚུན་གྱི་བསམ་བློ་ལ་དབང་བསྒྱུར་བྱས་ཤིང་། དེའི་དབང་གིས་ཕན་ཚུན་ལ་ཕྲག་དོག་དང་། མཆོད་གཞིའི་ལྷ་སྡེ་འཕྲོག་རྩོད་བྱེད་པ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་རྐྱེན། མི་མང་མང་ཚོགས་ཀྱི་འཚོ་བའི་ཐད་ལ་འང་གྱོང་གུད་ཐེབས་པ་དང་། མི་མང་མང་ཚོགས་ཀྱི་མཐུན་སྒྲིལ་སོགས་ལ་མནོད་སྐྱོན་ཚབས་པོ་ཆེ་བཟོས་པ་ང་ཚོའི་འདས་ཟིན་པའི་ལོ་རྒྱུས་ཀྱི་ཁྲོད་ན་ཆེས་ངོ་ནོངས་དགོས་པའི་གནས་ཤིག་ཡིན་ལ། དེ་ཡང་ཆོས་སྨྲ་བ་བོ་དང་ཆོས་ཀྱི་ཡོན་བདག་གཙོ་གྲས་འགའ་ཤས་ཀྱིས་རང་རང་གི་འདོད་མོས་ཤིག་ལ་སེམས་འཁྲེང་ནས་སྟོན་པ་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ལོག་ཆོས་སྒྲུབ་པའི་རྐྱེན་གྱིས། དེས་ན་ང་ཚོའི་ཡང་དག་པའི་ཆོས་ཏེ་ཐུབ་པ་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་ཆོས་སྒྲུབ་བ་པོ་དག་གིས་གོང་གསལ་གྱི་དེ་དག་ངོ་ཤེས་པར་བྱས་ནས། ད་ལྟ་ལ་ལས་བླ་མ་དང་གྲྭ་བའི་ཕྱི་ཚུལ་ཙམ་བེད་སྤྱད་དེ། མི་མང་མང་ཚོགས་ལ་མགོ་བསྐོར་བཏང་ནས་རྒྱུ་ནོར་འབོར་ཆེན་བསྡུ་ལེན་བྱེད་པ་དང་། ལྐོག་ཟ་བྱེད་པ། བྱ་ངན་སྤྱོད་ངན་རྒྱ་ཡན་དུ་མཆེད་པ་སོགས་ཀྱིས་ཡང་དག་པའི་ཆོས་ཀྱི་ཕན་འབྲས་གོ་ལྡོག་ཏུ་བསྒྲུབས་ཤིང་། དེའི་དབང་གིས་ད་ལྟའི་ཤེས་ཡོན་ཅན་དུ་རློམ་པ་བསྐོར་ཞིག་གིས་མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ཀྱིས་ང་ཚོའི་བོད་མི་རིགས་ཀྱི་མདུན་བསྐྱོད་ཀྱི་བགྲོད་ལམ་བཀགས་པ་རེད་ཅེས་ངན་བགེགས་ཡོད་ཚད་སངས་རྒྱས་ཆོས་ལུགས་ཀྱི་སྟེང་དུ་བཀལ་བ་སོགས་ཀྱིས། ང་ཚོའི་རིག་གནས་ཀྱི་ནང་རྫོང་སྟེ་ནང་བསྟན་ཤེས་རིག་མེད་བརླག་ཏུ་མི་གཏོང་བའི་ངེས་པ་མེད་པས། ང་ཚོའི་བོད་མི་རིགས་ལ་ཤ་ཚ་མཁན་ཞིག་ཡིན་ཕྱིན་འདི་འདྲའི་གནས་ཚུལ་ཚབས་ཆེན་དག་ལ་མ་བགྲོས་གཅིག་མཐུན་སྒོས་གཟབ་ནན་དང་། དག་ཐེར་བྱེད་དགོས་པར་མ་ཟད། ཇོ་བཟང་ལྟ་བུའི་མིང་སྟོང་ཞིག་ལ་མི་རེ་བར་མཐའ་གཅིག་ཏུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་ནས།ལོག་ཆོས་ཀྱི་བྱ་འགུལ་སྤེལ་བ་དག་ལ་མངོན་སུམ་འཛེམ་མེད་ཀྱིས་ཁ་རྡུང་དྲག་པོ་གཏོང་དགོས་པ་རེད།དེ་ལྟར་མ་བཏང་བར་ཅི་མི་སྙམ་པར་བཞག་ན་ད་དུང་ཡང་འདི་འདྲའི་གནས་ཚུལ་ཤུགས་ཇེ་ཆེར་མི་འགྲོ་བའི་ངེས་པ་གཏན་ནས་མེད་པ་དེའི་ཕྱིར། ས་དགེ་རྙིང་གསུམ་གང་ཡིན་ཡང་ཕྱོགས་ཞེན་གྱི་འདུ་ཤེས། གྲུབ་མཐའི་མཆོག་དམན། ལྟ་བ་ཡང་དག་ཡིན་མིན་སོགས་ཀྱི་རྩོད་གླེང་མི་བྱེད་པར་རང་རང་གི་གྲུབ་མཐའ་རང་རང་གིས་བརྩི་སྲུང་བྱས་ཏེ།  ཕན་ཚུན་གྱིས་ལྟ་ཚུལ་གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་ཡང་དག་པའི་སྒོ་ནས། མཐུན་སྒྲིལ་གཏིང་ཟབ་ངང་ཐམས་ཅད་ཀྱིས་བསླུ་བ་མེད་པའི་གནས་ལུགས་དང་། ཡང་དག་པའི་ལྟ་བ་སོགས་དྲི་མ་མེད་པའི་རིག་པའི་ཟབ་མོས་འཚོལ་ཞིབ་དགོས་ཏེ། ཇི་སྐད་དུ། བདག་ནི་སངས་རྒྱས་ཕྱོགས་མི་འཛིན།། སེར་སྐྱ་སོགས་ལ་མི་ལྡང་ཡང་།། གང་ཞིག་རིགས་པ་ལྡན་པའི་ཚིག། དེ་ཉིད་སྟོན་པར་འཛིན་པ་ཡིན།། ཞེས་གསུངས་པ་ལྟར་འོལ་ཚོད་དང་ཟེར་སྒྲོས་རྗེས་མི་འབྲངས་པར་ཡང་དག་པའི་རིགས་པ་ཞིག་ལ་བརྟེན་ནས། ཐ་སྙད་ཀྱི་བདེན་དོན་དང་། དོན་དམ་གྱི་བདེན་དོན་འཚོལ་ཞིབ་བྱེད་པ་གཞི་བྱས་བའི་མུར། གྲུབ་མཐའ་རིས་མེད་ཀྱི་ལྟ་ཚུལ་དང་ཡང་དག་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། རང་དོན་ཡལ་པར་དོར་ནས་གཞན་དོན་ཁུར་དུ་ལེན་པའི་འདུ་ཤེས་ཡོད་དགོས་པར། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་གང་གསུངས་ཡོད་ཅེ་ན། མི་ལ་གནོད་འཚེ་མ་བྱེད། རྫུན་མ་བཤད། རྐུ་མ་བྱེད་སོགས་མི་དགེ་བཅུ་མ་བྱེད། དེ་ཁོ་ནས་མི་འགྲིག་སྟེ་ད་དུང་གཞན་ལ་ཕན་འདོགས་སྒྲུབ་དགོས་ཤིང་། སྒེར་སེམས་མེད་པར་བཟོ་དགོས། སྒེར་སེམས་ཡོད་པ་དེས་འཛམ་གླིང་ཐོག་ཞི་བདེ་མི་ཡོང་བ་དང་། རང་གཞན་ཚང་མ་ཕུང་བར་གྱུར་འགྱུར་བ་ཞིག་ཡིན། འཇིག་རྟེན་ལ་ཆ་མཚོན་ན་བདེ་སྐྱིད་མེད་པར་བཟོ་མཁན་ནི་སྒེར་སེམས་ཡིན་ལ། ཆོས་ལ་ཆ་མཚོན་ནའང་སངས་རྒྱས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རང་ཡིན། ཞེས་དང་། འཕགས་པ་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་གསུངས་པ་ལྟར་ང་ཚོའི་གྲྭ་བ་རྒན་གཞོན་གང་ཞིག་ཡིན་ཡང་། ཁེ་དབང་ངམ་རང་དོན་གཉེར་བ་དོར་ནས། སྤྱི་སེམས་འཆིང་བའམ་གཞན་དོན་སྒྲུབ་པ་གཙོ་བོར་བྱེད་པའི་བསམ་པ་གཞི་བྱས་ཏེ། ང་ཚོའི་མི་རིགས་ཀྱི་བསམ་དངོས་གཉིས་ཆར་ཐད་ཀྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་བཏོན་ནས། རིག་གནས་སློབ་གསོའི་བྱ་འགུལ་ལ་ཤུགས་སྣོན་རྒྱག་དགོས་པ་རེད། དེ་ནི་ད་ལྟའི་དུས་རབས་དང་མཐུན་པའི་བྱ་འགུལ་ཞིག་ཀྱང་ཡིན། མ་འོངས་པར་ཕྱོགས་པའི་དམིགས་འབེན་ཞིག་གི་ཆེད་དུའང་ཡིན་པར་མ་ཟད། གཞན་དོན་བསྒྲུབས་པ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་མཐུན་པའང་ཡིན། དེས་ན་ང་ཚོའི་ཆོས་ལུགས་པ་སུ་ཞིག་ཡིན་ཡང་སངས་རྒྱས་ཆོས་ཀྱི་དགོངས་དོན་དང་བསྟུན་དགོས་པ་དེའི་ཕྱིར་ང་ཚོའི་ཐེག་པ་ཆེན་པོའི་རྗེས་འབྲངས་པའི་ཆོས་ལུགས་པ་ཞིག་ཡིན་ཕྱིན་སྤྱི་ཚོགས་དང་འབྲལ་ཐབས་མེད་པ་ཡིན་ཞིང་། སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཀྱི་ནུས་པ་འདོན་མཁན་ཞིག་ཀྱང་ཡིན་དགོས། དེས་ན་ང་ཚོའི་ཆོས་ལུགས་པ་རྣམས་ཀྱིས་ལྟ་ཚུལ་གཅིག་གྱུར་གྱི་ངང་ནས། ནུས་ཤུགས་རྩལ་སྤྲུགས་ཏེ། བསམ་བློའི་དཔལ་ཡོན་དང་། དངོས་པོའི་དཔལ་ཡོན་གཉིས་ཆར་གྱི་ཐད་སོགས་ནས་ང་ཚོའི་མི་རིགས་འདི་འཛམ་གླིང་གི་མི་རིགས་ཆེས་སྔོན་ཐོན་ཅན་གྱི་གྲས་སུ་ཚུད་པར་ལྷོད་མེད་ཀྱིས་བརྩོན་ལེན་བྱེད་པ་དང་། མི་རིགས་བྱ་བའི་སྐད་ཡིག་ཁྱབ་གདལ་ལ་གཏོང་བ་དང་བསྟུན། ཡང་དག་པའི་སངས་རྒྱས་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་པར་བླ་ན་མེད་པའི་ཤུགས་སྣོན་རྒྱག་དགོས་པ་ནི། དགོན་སྡེ་ཆེ་ཆུང་གང་ཡིན་ཡང་དམིགས་ཡུལ་གལ་ཆེན་ཞིག་ཏུ་འཛིན་དགོས་པར་མ་ཟད།འབུར་དུ་ཐོན་པའི་གྲུབ་འབྲས་མངོན་གསལ་བླངས་ཏེ། སངས་རྒྱས་ཆོས་ལུགས་ཕྱོགས་ཡོངས་ལ་དར་རྒྱས་སུ་བཏང་ནས། འཛམ་གླིང་ཡོངས་ལ་འཚེ་བྲལ་ཞི་བདེ་གསར་བའི་སྐྱ་རེངས་དཀར་པོའི་སྣང་བ་རྒྱུན་མར་སྤྲོ་བ་ལ་ཅི་ནུས་ཀྱིས་འབད་བརྩོན་བྱེད་དགོས་སོ།། །།

རྩོམ་ཁུངས། རིག་གཞུང་དགའ་ཚལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆར་སྣང་སྐྱ་རེངས་དཀར་པོའི་འཛུམ་རིས།

2010-03-12 འགར་ཆུང་བ་བློ་བཟང་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།