འདུལ་སྔགས་ལུགས་ཀྱི་སྡོམ་དང་དམ་ཚིག་གི་རྣམ་གཞག་ལ་དཔྱད་པ།

         སངས་རྒྱས་ཆོས་ལུགས་ནི་གནའ་རབས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ནས་མགོ་འབུས་ཤིང༌། བྲམ་ཟེའི་ཆོས་ལུགས་ཀྱི་འོག་ནས་ལག་ཆགས་པ་ཞིག་ཡིན་སྟབས། ཆོས་འདུལ་བའི་ལུགས་ཀྱི་བཅའ་ཁྲིམས་ཀྱི་ནང་དུ་ཡང་སྐབས་དེའི་རྒྱ་གར་བའི་ཡུལ་ཆོས་དང༌། བྲམ་ཟེའི་ཆོས་ཀྱི་ཆོ་ག་མང་པོ་འདྲེས་ཡོད་པ་སྨོས་ཅི་དགོས་ཏེ། ཆེ་ས་ནས་བཤད་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ངང་ཚུལ་འདི་ཡང་ཕྱི་རོལ་མུ་སྟེགས་པའི་ལུགས་སྲོལ་ཡིན་པ་ལྟ་བུ་རེད། སྟོན་པ་སངས་རྒྱས་རང་ཉིད་ཀྱང་ཐོག་མར་མུ་སྟེགས་པའི་རབ་བྱུང་ཚོར་མིག་དཔེར་བལྟས་ཏེ་ཆ་ལུགས་བསྒྱུར་བ་ཞིག་ཡིན་ལ། ཕྱིས་སུ་ལྟ་བའི་ཐད་ནས་ཏོག་ཙམ་མ་མཐུན་པས་ཟུར་དུ་དོན་དགོས་བྱུང་ཡང་རྟགས་དང་ཆ་ལུགས་གསར་བརྗེ་གནང་མེད་པར་མ་ཟད། ཉིད་ཀྱི་རྗེས་འབྲང་ཚོར་ཡང་མུ་མཐུད་ཆ་ལུགས་དེ་ཉིད་རྒྱུན་འཛིན་བྱེད་དུ་བཅུག་པ་རེད། ཐོག་མའི་ཆར་རབ་ཏུ་བྱུང་བའི་ཚད་དེ་སྐྲ་བྲེགས་ཤིང་གོས་བརྗེས་ཏེ་ཁྱིམ་ཚང་དང་ཁ་བྲལ་ནས་སྡོད་པ་དེ་ཙམ་ཞིག་མ་གཏོགས། དེང་སང་ནང་བཞིན་སྡོམ་པ་ལེན་པའི་ཆོ་ག་དང༌། གཏོང་བའི་ས་མཚམས་སོགས་རྙོག་འཛིང་ཆེན་པོ་འདི་འདྲ་མེད། རིམ་བཞིན་དགེ་སློང་བཟང་སྦྱིན་གྱིས་དགེ་སྦྱོང་གི་ཆ་ལུགས་མ་དོར་བཞིན་དུ་མི་ཚངས་པར་སྤྱད་པ་དང༌། རྫ་མཁན་ནོར་ཅན་གྱིས་རྐུ་མ་བརྐུས་པ། ཉ་པའི་ཁྱེའུ་ལྔ་བརྒྱས་མ་ཡིན་ཡིན་མདོག་གི་རྫུན་གཏམ་པ། དགེ་སློང་མི་སྡུག་པ་སྒོམ་མཁན་ཁ་ཤས་ཀྱིས་རང་སྲོག་རང་གིས་བཅད་པ་སོགས་གནད་དོན་ཛ་དྲག་ཅན་མང་པོ་འཕྲོ་རིམ་འཕྲོར་ཐོན་པ་ན། ད་གཟོད་ཕྱོགས་གཅིག་ནས་སྔོན་འགྲོའི་ཆ་རྐྱེན་དང་ཆོ་གའི་བརྒྱུད་རིམ་མང་པོ་ཞིག་བཟོས་ཏེ་མི་ཅི་མིན་འདི་མིན་དེ་འདྲ་རབ་བྱུང་པའི་གྲལ་དུ་འཚང་རྒྱུ་སྔོན་འགོག་བྱས་པ་དང༌།  ཕྱོགས་གཞན་ཞིག་ནས་བཅའ་ཁྲིམས་གསར་པས་རབ་བྱུང་པ་ཚོའི་ཀུན་སྤྱོད་ཀྱི་ཚད་གཞི་གཏན་ལ་ཕབ་པ་རེད། ལས་དོན་དེ་སྐུ་ཚེ་གང་པོར་རྒྱུན་འཁྱོངས་དང༌། འཐུས་སྒོ་ཚང་དུ་བཏང་བའི་མཐར་དགེ་སློང་ཕ་ལ་འདུལ་ཁྲིམས་ཉིས་བརྒྱ་ང་གསུམ་དང༌། དགེ་སློང་མ་ལ་སུམ་བརྒྱ་རེ་བཞི། ཐུན་མོང་གི་ལས་བརྒྱ་རྩ་གཅིག་དང༌། གཞི་བཅུ་བདུན་སོགས་མ་ལག་ཚང་བའི་ལམ་སྲོལ་འདི་ཉིད་ཆགས་ཐུབ་པ་བྱུང༌། གལ་སྲིད་སྟོན་པ་ཁོང་སྐུ་ཚེ་དེ་བས་རིང་བ་ཞིག་བཞུགས་ཡོད་ན། ད་ལྟའི་འདུལ་ཁྲིམས་འདི་དག་ལས་ཁ་ཅིག་རྩིས་མེད་དང༌། ལ་ལ་ཁ་གསབ་སོགས་མུ་མཐུད་བཅོས་བསྒྱུར་གནང་ཡོད་ངེས་རེད། འདིར་ཁོ་བོས་བརྗོད་འདོད་པའི་སྐད་ཆ་ནི། འདུལ་བའི་བཅའ་ཁྲིམས་དེ་སྟོན་པ་ཤཱཀྱ་ཐུབ་པས་དབྱིངས་ཆོད་ཀྱིས་མར་བཀའ་ཕབ་བཞག་པ་ཞིག་མིན་པར། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཐོག་མར་དུས་དང་ཁོར་ཡུག་ངེས་ཅན་ཞིག་གི་ཤུགས་རྐྱེན་འོག་གཏན་འབེབས་གནང་བཞག་པ་ཞིག་ཡིན་པས། ད་དུང་ཡང་དུས་དང་ཁོར་ཡུག་ལ་བསྟུན་ནས་བསྣོན་འཕྲི་སྤོར་བཅོག་བྱེད་ཆོག་པ་ཞིག་མ་གཏོགས། དགེ་མཚན་དང་དོན་སྙིང་ཡོད་མེད་ལ་ལྟོས་པ་མེད་པར་མཐའ་གཅིག་ཏུ་མཛེ་ཕོ་མདུང་བཟུང་བྱེད་མི་དགོས་ཞེས་པ་འདི་ཡིན། དེ་བཞིན་དགེ་ཚུལ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དེ་ཡང་བསྟན་པའི་སྒོ་རུ་འཇུག་པའི་དམ་བཅའི་མཛད་སྒོ་ཙམ་ཞིག་ཡིན་གྱི། འབོགས་ཆོག་ལ་བརྟེན་ནས་སྡོམ་པ་ཞེས་པའི་དངོས་པོ་རྡོག་རྡོག་ཅིག་རྒྱུད་ལ་སྐྱེ་འོང་རྒྱུ་དང་འཐོབ་འོང་རྒྱུ་ཅི་ཡང་མེད་ལ། དེ་དང་འགལ་བའི་གནས་ཚུལ་ལྷག་ན་དམ་བཅའ་ཤོར་བ་ཡིན་པས་སྨད་པར་འོས་པའི་གནས་ཙམ་ནི་ལོས་ཡིན་མ་གཏོགས། དངོས་སུ་རྫ་བུམ་བཞིན་དུ་ཆག་འགྲོ་རྒྱུ་དང༌། ཤིང་ལོ་བཞིན་དུ་གྲུག་འགྲོ་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། སྡོམ་པ་ཤོར་སོང་ན་དམྱལ་བར་ལྷུང་འགྲོ་ཟེར་བ་འདི་ནི་དེ་བས་ཀྱང་དཔྱད་མི་བཟོད་པའི་རྫུན་གཏམ་ཡིན་ཏེ། སྡོམ་པ་གཏན་ནས་བསྲུང་མ་མྱོང་བའི་ཁྱིམ་པ་ཚོ་དམྱལ་བར་ལྷུང་མ་སོང་ན། གྲྭ་ལོག་ཚོས་ཁྱིམ་པ་ལས་སྡུག་པའི་ལས་ཀ་ཅི་ཡང་མ་བྱས་པས་དམྱལ་བར་ཅི་ལ་ལྷུང་འགྲོ། སྡོམ་པ་བསྲུང་ཨེ་ཐུབ་བལྟས་པ་དེར་དགེ་བ་མེད་ཀྱང་སྡིག་པ་ཡོད་མི་དཔེ། འདུལ་བའི་ཆོས་ནི་སངས་རྒྱས་ཉག་གཅིག་ལས། །བྱམས་དང་འཇམ་དབྱངས་སོགས་ལའང་དབང་བ་མིན། ཞེས་སོགས་ཟེར་བ་ནི་གླེན་རྟགས་མཁྲེགས་འཛིན་གྱི་སྐད་ཆ་ལས་མ་འདས། སངས་རྒྱས་འཇིག་རྟེན་བཀོད་པ་པོ་ཡིན་ན་མ་གཏོགས་ཁོང་གཅིག་པུ་ལ་དམིགས་བསལ་གྱི་དབང་ཆ་དེ་འདྲ་ཡོད་དོན་ཅི་ཡང་མེད། རྒྱ་གར་གྱི་འདུལ་ཁྲིམས་དེ་རྒྱ་གར་གྱི་ཡུལ་ཆོས་ལ་བསྟུན་ནས་བཟོས་འདུག་པ་མངོན་སུམ་ཡིན་ན། བོད་ཀྱི་འདུལ་ཁྲིམས་དེ་བོད་ཀྱི་ཡུལ་ཆོས་དང་བསྟུན་ནས་བཟོ་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། མ་བྱིན་ལེན་གྱི་ཕམ་པ་དེ་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ཁྲིམས་ལུགས་ལྟར་གཏན་འབེབས་གནང་བ་འདི་ཙམ་ལ་བསམ་ན་ཡང་གོ་རྒྱུ་ཞིག་མི་འདུག་གམ། བཀའ་བརྒྱུད་འབྲི་གུང་ཚང་གི་དམ་ཆོས་དགོངས་པ་གཅིག་པའི་ནང་དུ་ཉམས་ལེན་ཡེ་བཀག་ཡེ་གནང་ཞེས་པ་དང༌། བཅས་པ་སྤྱི་ལ་བཅས་པ་ཞེས་པའི་རྡོ་རྗེའི་གསུང་དུམ་བུ་གཉིས་འཁོད་ཡོད། དེའི་ནང་དོན་ནི་འདི་ལྟར། སྡིག་པ་ཐམས་ཅད་ཡེ་ནས་སྡིག་པ་དང༌། དགེ་བ་ཐམས་ཅད་ཡེ་ནས་དགེ་བ་ཡིན་པ་མ་གཏོགས་དགེ་སྡིག་གི་ངོ་བོ་སངས་རྒྱས་ཀྱིས་གསར་དུ་གཏན་འབེབས་གནང་དགོས་པ་དང་གནང་ཆོག་པ་ཞིག་མིན། དགེ་ཚུལ་སློང་གི་སྡོམ་པ་ཞེས་པ་དེའང་མི་ཁ་ཤས་ཀྱིས་བསྲུང་དགོས་པ་དང༌། ཁ་ཤས་ཀྱིས་མ་བསྲུངས་ཀྱང་ཆོག་པ་ཞིག་མིན་པར་མི་སུ་ཡིན་ནའང་བརྩི་བསྲུང་ཞུ་རྒྱུའི་འགན་དབང་ཆ་ཚང་ཡོད། དཔེར་ན་དགེ་སློང་གིས་གཟན་ཤམ་མ་གྱོན་ན་སྡིག་པ་འཁྲི་འོང་བ་ལྟར་ཁྱིམ་པ་ཕོ་མོ་ཚོས་ཀྱང་གཟན་ཤམ་མ་གྱོན་ན་སྡིག་པ་འདྲ་འདྲ་ཁུར་དགོས་པ་མ་གཏོགས་ཁོ་ཚོ་ལ་དམིགས་བསལ་ཅི་ཡང་མེད། ཆང་འཐུང་བ་དང༌། རྩྭ་གཅོད་པ་སོགས་འདུལ་ཁྲིམས་ཡོད་ཚད་དེའི་ནང་བཞིན་རེད། དེ་ལྟ་མིན་པར་སྔོན་ཆད་ཆང་འཐུང་ན་སྡིག་པ་མེད་པ་ཞིག་ལ། སྟོན་པས་ཆང་འཐུང་མི་ཆོག །ཅེས་བཀའ་ཕབ་མ་ཐག་གཞི་ནས་སྡིག་པ་ཅན་དུ་གྱུར་སོང་བ་ཡིན་ན། སྟོན་པ་སངས་རྒྱས་དགེ་སྡིག་གི་བྱེད་པོར་ཐལ་བ་ཟློག་ཏུ་མེད་ལ། སྟོན་པའི་ཉན་ཐོས་ཚོས་ཆང་དང་བུད་མེད་ལ་སྤྱད་ན་སྡིག་པ་ཡོད་པ་མ་གཏོགས་མི་གཞན་པས་སྤྱད་ན་སྡིག་པ་མེད་པ་ཞིག་ཡིན་ན། སྟོན་པས་རང་གི་སློབ་མ་ཚོར་བསམ་བཞིན་དུ་ཞེ་གནག་བྱས་པར་འགྱུར་ཞིང༌། དེ་ལྟར་ན་སུ་ཞིག་ཉེ་སར་བཅར་ཚེ་དེ་ཉིད་ཕུང་ལ་སྦྱོར་བའི་སྦྲུལ་གདུག་ལྟ་བུའི་སྟོན་པ་ཁོང་ཐུགས་རྗེ་ཅན་ཞིག་ཏུ་ཇི་ལྟར་ན་འགྲུབ། དེ་བས་བཀག་པ་ཐམས་ཅད་ཡེ་བཀག་དང༌། གནང་བ་ཐམས་ཅད་ཡེ་གནང༌། བཅས་པ་ཐམས་ཅད་སྤྱི་སྙོམས་སུ་བཅས་པ་ཡིན་པར་ཁས་ལེན་དགོས་ཞེས་གསུངས། དེ་ལ་ས་སྐྱ་པཎ་ཆེན་གྱིས་སྡོམ་གསུམ་རབ་དབྱེའི་ནང་དུ་དགག་པ་འདི་ལྟར་བཏང་ཡོད། ཉམས་ལེན་ཡེ་བཀག་ཡེ་གནང་ཡིན་ན་ཐེག་དམན་པར་གང་བཀག་ཐེག་ཆེན་པར་བཀག་པ་དང༌། ཐེག་ཆེན་པར་གང་གནང་ཐེག་དམན་པར་ཡང་གནང་འོས་པ་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཅི་རེད། བཅས་པ་འགྲོ་བ་སྤྱི་ལ་བཅས་པ་ཡིན་ན། མི་ཡོད་ཚད་གཟན་ཤམ་གྱོན་ནས་སོང་ཞིག་ཅེས་གསུངས་རིགས་པ་ལ། དེ་ལྟར་མ་གསུངས་པར་ཚུལ་ཁྲིམས་འཆལ་བའི་མི་ཚོས་གཟན་ཤམ་གྱོན་བསྡད་ན་གནོད་པ་མ་གཏོགས་ཕན་པ་མེད་ཅེས་གསུངས་དོན་ཅི་ཡིན་ནམ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང༌། བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད་སོགས་སྐྱ་ཆས་སྤྲས་ནས་བཞུགས་ཡོད་པས་ཁོ་ཚོས་ཀྱང་གཟན་ཤམ་མ་གྱོན་པའི་སྡིག་པ་དེ་ཁུར་དགོས་པ་ཨེ་རེད། ཉན་ཐོས་ཚོས་ཆང་དང་བུད་མེད་ལ་ལོངས་སྤྱད་ན་སྡིག་པ་ཆེན་པོ་ཡོད་ཀྱང་སྤངས་ཐུབ་ན་དགེ་བ་ཡང་ཆེན་པོ་ཡོད། དེས་ན་སྟོན་པས་རང་གི་སློབ་མ་ཚོར་ཆང་དང་བུད་མེད་བསྟེན་མི་ཆོག་པར་བཟོས་པ་དེས་སློབ་མ་ཚོར་ཕན་པ་མ་གཏོགས་གནོད་པ་མེད། དཔེར་ན་ཞིང་ཁ་ཡོད་ན་སད་དང་སེར་བའི་གནོད་འཚེ་འབྱུང་སྲིད་ཀྱང་སྟོན་ཐོག་གི་རེ་བ་ཡོད་པས་ཞིང་ཁ་གཏན་ནས་མེད་པ་ལས་དྲག་གི་རེད། དེ་བས་མི་དབུལ་པོ་ལ་ས་ཞིང་སྦྱིན་པར་བཏང་ན་དེ་ཉིད་ཕན་བཏགས་པ་ལས་གནོད་བསྐྱལ་བར་བརྩི་མི་རུང༌། ཞེས་སོགས་ལ་བཤད་ལུང་བཤད་མང་པོ་ཞིག་གནང་འདུག །འོན་ཀྱང་དགེ་སྡིག་གི་བྱེད་པོ་སངས་རྒྱས་ཡིན་པར་ཐལ་བའི་རྩ་བའི་རིགས་པ་དེ་ལ་སྐྱོན་སྤོང་ཅུང་ཙམ་ཡང་མ་ཐུབ་པ་ནི་ས་ཞིང་སྦྱིན་པའི་དཔེ་དེ་རང་ལས་ཀྱང་ཤེས་ཐུབ། ཕྱིས་ཀྱི་ས་སྐྱའི་མཁས་པ་ངག་དབང་ཆོས་གྲགས་ཟེར་བ་དེས་ཀྱང༌། འདིའི་ཐད་དུ་འབྲི་གུང་པ་ལ་རིགས་པ་ཏོག་ཙམ་ཡོད། ཅེས་ལན་མ་ཐེབས་པའི་ངོས་ལེན་ཞུ་དགོས་བྱུང་འདུག་པ་ལྟར་རེད། འབྲི་གུང་པའི་ཡེ་བཀག་ཡེ་གནང་དང༌། བཅས་རང་གནད་གཅིག་གི་གྲུབ་མཐའ་དེས་ཀྱང་པཎ་ཆེན་བླ་མའི་རིགས་པ་དེ་ཚོར་ཚུལ་མཐུན་གྱི་ལན་ཐེབས་པའི་རེ་བ་མེད། གལ་སྲིད་སྡོམ་པ་ཞེས་པ་དེ་རང་བྱུང་གི་དགེ་བ་ཞིག་ཡིན་ན་ནི། འབྲི་གུང་ཆོས་རྗེའི་དགོངས་པ་ལྟར་དེའི་གནང་བཀག་གི་དབང་ཆ་སངས་རྒྱས་ལ་ཡོད་དོན་མེད་ཅིང༌། ས་སྐྱ་པའི་བཞེད་པ་ལྟར་སངས་རྒྱས་ཀྱིས་གསར་དུ་བཟོས་བཞག་པ་ཞིག་ཡིན་ན་ནི། འཇིག་རྟེན་པའི་ཁྲིམས་ལྟར་ངོ་བོ་དགེ་སྡིག་གང་ཡང་ཡིན་མི་སྲིད་དོ། །ཐུགས་རིག་རྣོ་ཐག་ཆོད་པས་སྡོམ་པའི་རྣམ་གཞག་ལ་ནང་འགལ་ནི་གསལ་པོར་མཐོང༌། ཐུགས་དད་ཆེ་ཐག་ཆོད་པས་རྣམ་གཞག་འདི་མི་བདེན་ནམ་སྙམ་པའི་ཐུགས་བསམ་ནི་བཞེས་མ་ཕོད། དེའི་དབང་གིས་ས་འབྲིའི་ཆོས་རྗེ་རྣམ་པ་གཉིས་ཀ་ཐུགས་འོ་བརྒྱལ་པོ་བྱུང་འདུག་སྟེ། ཆོས་ལུགས་ཀྱི་རྣམ་གཞག་ཕལ་མོ་ཆེ་ཞིག་དང༌། ཆོས་པ་ཚོའི་རིགས་ལམ་མང་པོ་ཞིག་ལ་ཞིབ་ཏུ་དཔྱད་ན་འདི་འདྲ་ཤ་སྟག་ཏུ་སྣང་ངོ༌། རབ་བྱུང་པའི་ཆས་གོས་གཟན་ཤམ་འདི་ཡང་སངས་རྒྱས་པའི་ཐུན་མིན་གྱི་ཁྱད་ཆོས་ཅི་ཡང་མིན། སྤྱིར་སྟོད་སྨད་སོ་སོར་རས་ཡུག་ལྷེབ་གྱོན་བྱེད་པ་འདི་རྒྱ་གར་བའི་ཡུལ་སྲོལ་དང༌། བྱེ་བྲག་ཏུ་ངུར་སྨྲིག་གི་ཁ་དོག་ནི་མུ་སྟེགས་པའི་རབ་བྱུང་གི་མཚོན་བྱེད་ཙམ་ཡིན། ཕྱིས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་དགོངས་འཆར་ལྟར་ཕྱི་རོལ་པ་དང་མི་འདྲ་བའི་ལེའུ་ཞིག་བཅོས་པ་འདི་ཙམ་ཞིག་སངས་རྒྱས་པའི་གསར་གཏོད་རེད། དེས་ན་དུས་གསུམ་གྱི་སངས་རྒྱས་སྤྲུལ་པའི་སྐུ་ཐམས་ཅད་གནའ་དུས་ཀྱི་རྒྱ་གར་བ་ལྟར་ན་བཟའ་སྟོད་གཡོགས་སྨད་གཡོགས་ཅན་རྐྱང་རྐྱང་ཡིན་པ་དང༌། ཐག་རིང་བདེ་བ་ཅན་ན་བཞུགས་པའི་མགོན་པོ་འོད་དཔག་མེད་པ་ཁོང་ཡང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེར་བཞུགས་ཡོད་པ་དང༌། བསྟན་པ་ནུབ་པའི་ཚེ་ན་སྐྲ་ལ་གྲི་མི་འཇུག་ཅིང་གོས་ཀྱིས་ཚོན་མི་ལེན་པར་བཤད་ཅིང་མོས་པ་བཅས་ནི་བཤད་པ་ཙམ་དང་མོས་པ་ཙམ་དུ་ཟད། གཟན་ཤམ་འདི་ཡུལ་གྱི་དབང་དུ་བྱས་ན་ཚ་བའི་ཁུལ་གྱི་ཆ་ལུགས་དང༌། དུས་ཀྱི་དབང་དུ་བྱས་ན་མི་ལོ་སྟོང་ཚོ་ཁ་ཤས་ཡར་སྔོན་གྱི་ཆ་ལུགས་དང༌། རང་བཞིན་གྱི་དབང་དུ་བྱས་ན་རྒྱ་གར་མི་རིགས་ཀྱི་ཆ་ལུགས་ཡིན་པས་དེང་སང་གི་ང་ཚོ་ལ་འཚམ་པོ་ཞིག་ནི་མ་རེད། མདོར་ན་ཆོས་འདུལ་བའི་བཅའ་ཁྲིམས་ཀྱི་ནང་དུ་སྲོག་མི་གཅོད་པ་དང༌། མ་བྱིན་པར་མི་ལེན་པ་སོགས་བསྔགས་པར་འོས་པ་མང་པོ་ཡོད་པ་སྨོས་མེད་ཐོག །མེ་ལ་མི་རེག་པ་དང༌། ཤིང་ལ་མི་འཛེགས་པ་ལྟ་བུ་སྐབས་དེའི་བྲམ་ཟེ་དང་ཁྱིམ་བདག་དག་གི་ངོ་མ་ཆོག་པར་བཅས་པ་ཙམ་ལས་དོན་དངོས་སུ་དགོས་པ་དང་རྒྱུ་མཚན་དེ་ཙམ་མེད་པའང་མང་པོ་ཡོད། ལྷག་པར་དུ་ཚངས་སྤྱོད་ཀྱི་སྡོམ་ཁྲིམས་འདི་མིའི་རང་གཤིས་དང་རྩ་བ་ཉིད་ནས་མི་མཐུན་ཞིང༌། རང་དབང་གིས་རྙེད་པའི་འདོད་བདེ་ཙམ་ལ་ནི་ངོ་བོའི་ཆ་ནས་ཉེས་པ་ཅི་ཡང་བརྩི་རྒྱུ་མེད་པས། དངོས་གནས་བྱས་ན་འདིའི་ཚབ་ཏུ་ཤ་མི་ཟ་བ་ལྟ་བུ་ཞིག་བྱས་བཞག་ན་བསྲུང་སླ་ཞིང་ཕན་ཐོགས་མིག་མཐོང་ལག་ཟིན་ཡིན་པས་དགེ་མཚན་ཆེ་བར་སྣང་མོད་མ་བྱུང་བར་འདུག་གོ །ཚངས་སྤྱོད་ཀྱི་དགོས་པ་མཐར་ཐུག་ནི་ཆོས་བསྒྲུབ་པ་ལ་སྟབས་བདེ་དང༌། སེམས་ཤུགས་བསྐྲུན་རྒྱུ་དེ་ཁོ་ན་ཡིན་པས་རང་དོན་དུ་འདོད་ཆུང་ཆོག་ཤེས་དང༌། སྤྱི་པའི་རྩ་དོན་ལ་ཐུག་དུས་ཁྱིམ་པ་རྣམས་དང་མི་འདྲ་བའི་གཏོང་ཕོད་ཅན་ཞིག་དང། གདོང་མཆོང་བྱེད་ནུས་མཁན་ཞིག་ཡིན་ན་ཚངས་པར་སྤྱད་པ་ལ་དོན་པོ་བྱུང་བ་ཡིན། དེ་མིན་མོ་སྡོམ་བསྲུང་བའི་ཡུས་ཆེ་ཙམ་ལས་བཟང་སྤྱོད་ཀྱི་ཁྱད་པར་གཞན་གང་ཡང་བསྟན་རྒྱུ་མེད་པའི་གྲྭ་བཙུན་སྐུ་ཞབས་རྣམ་པ་ནི། རྒྱ་ནག་གོང་མ་ཆེན་མོའི་ཕོ་བྲང་ནང་མའི་བཙུན་མོ་སྲུང་མཁན་གྱི་ཉུག་རུམ་པ་ཟེར་བའི་སྐྱེས་པ་ལས་ངན་དེ་ཚོ་དང་འདྲ་བས་སྙིང་པོ་ཅི་ཞིག་ཡོད། འོན་ཀྱང་དེ་དག་ནི་གཞན་པས་བཙན་པོ་དབང་ཡོད་བྱས་ཏེ་འབྲས་བུ་ཕྱུངས་པ་ཡིན་པས་སྙིང་རྗེ་བར་འོས་ལ། འདི་ནི་དོན་མེད་རང་སྡུག་རང་གིས་ཉོས་པ་ཡིན་པས་ཡི་མུག་པའི་གནས་སོ། །
གསང་སྔགས་རྡོ་རྗེ་ཐེག་པ་ལ་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པ་སྨོས་མ་དགོས་མོད། ཆེས་མངོན་གསལ་དོད་ཤོས་ཤིག་ནི་དགེ་སྡིག་དང་རྒྱུ་འབྲས་ཀྱི་འགྲོ་ལུགས་གང་ཡང་བརྒྱུད་མི་དགོས་པར་གནད་དོན་ཡོད་ཚད་བླ་མའི་བྱིན་རླབས་ལ་བརྟེན་ནས་ཐག་གཅོད་བྱེད་ཆོག་པ་འདི་རེད། དེ་ཡང་ང་ཚོས་ཤེས་གསལ་ལྟར་གསང་སྔགས་ལུགས་ལ་བླ་མ་རྣམ་པར་དམིགས་བསལ་གྱི་གོ་ཐོབ་ཆེན་པོ་ཞིག་ཡོད་དེ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། ཞེས་བླ་མ་རྣམ་པ་དཀོན་མཆོག་གསོན་པོ་ཡིན་པ་མ་ཟད། ཀུན་གྱི་བྱེད་པོ་བླ་མ་ཡིན། ཞེས་བླ་མ་རྣམ་པ་ནི་མིང་དོན་མཚུངས་པའི་བྱེད་པོ་ཞིག་ཀྱང་རེད། མདོ་ལུགས་ལ། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་དང༌། །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང༌། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་སོགས་ཡིད་དུ་འོང་བའི་རྣམ་གཞག་འགའ་ཞིག་ཡོད་མོད། གསང་སྔགས་ཀྱིས་དེ་དག་ཡོད་ཚད་རྩིས་མེད་དུ་བཏང་བཞག་ཡོད། གསང་སྔགས་ལུགས་ལ་བླ་མ་ནི་ཐར་ལམ་སྟོན་པ་པོ་མིན་པར་ཐར་པ་སྟེར་བ་པོ་དང༌། སློབ་མ་ནི་ཐར་ལམ་སྒྲུབ་པ་པོ་མིན་པར་ཐར་པ་སློང་བ་པོ་རེད། དེའི་རྒྱུ་མཚན་གསང་སྔགས་ལུགས་ལ་བླ་མའི་གནང་བ་མ་ཐོབ་ན་སློབ་མ་ལ་ཉམས་ལེན་གྱི་ཐོབ་ཐང་མེད་ཅིང༌། བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ཀྱི་ཆར་པ་འབད་མེད་ལྷུན་འགྲུབ་ཏུ་འབབ་ཡོང་བ་ཡིན། གསང་སྔགས་ལུགས་ལ་སྡིག་པ་ཆུ་ཡིས་འཁྲུ་རུང་ཞིང་སྡུག་བསྔལ་ཕྱག་གིས་སེལ་ཆོག །ཆོས་ཉིད་ཞི་བ་སྟོན་མི་དགོས་པར་རྟོགས་པ་གཞན་ལ་སྤོ་ཐུབ། གསང་སྔགས་ལུགས་ཀྱི་དབང་བསྐུར་དེ་སྡིག་པ་ཆུ་ཡིས་འཁྲུད་རུང་ཞིང་སྡུག་བསྔལ་ཕྱག་གིས་སེལ་ཆོག་པའི་དཔེ་ཡིན་ལ། གསང་སྔགས་ལུགས་ཀྱི་བྱིན་རླབས་ནི་ཆོས་ཉིད་ཞི་བ་སྟོན་མི་དགོས་པར་རྟོགས་པ་གཞན་ལ་སྤོ་ཐུབ་པའི་ལུང་ཡིན། གསང་སྔགས་ལུགས་ཀྱི་བླ་མ་ལ་མཚན་ཉིད་གང་ཡང་ཚང་མི་དགོས་ཏེ། སློབ་མས་འཇོན་ན་ཁྱི་སོ་ལའང་རིང་བསྲེལ་འཁྲུངས་འོང་བ་ཡིན། གསང་སྔགས་ལུགས་ཀྱི་སློབ་མ་ལ་ཡོན་ཏན་གང་ཡང་འཛོམས་མི་དགོས་ཏེ། གླེན་དད་དཔེ་མེད་ཅིག་ཡོད་ན་དེ་ག་རང་གིས་འགྲིག་པ་ཡིན། གསང་སྔགས་ལུགས་ཀྱི་བླ་མ་ཚོས་འགན་ཁུར་གང་ཡང་ལེན་མི་དགོས་ཏེ། རང་སྣང་གང་ཤར་དང༌། ཅི་དྲན་གང་འདོད་གནང་ནས་བཞུགས་ཆོག །གསང་སྔགས་ལུགས་ཀྱི་སློབ་མ་ཚོར་རང་དབང་སྤུ་ཙམ་ཡང་མེད་དེ། བླ་མས་རྒྱོབས་གསུང་ན་བརྒྱབ་རྐྱང་དང༌། ལྕོབས་གསུང་ན་ལྕེབ་རྐྱང་བྱེད་དགོས། གསང་སྔགས་ལུགས་ཀྱི་དམ་ཚིག་དེའང་བླ་མས་མར་གནང་ནས་སློབ་མས་ཡར་བསྲུང་དགོས་པ་ཞིག་ཡིན། བླ་མའི་ཐུགས་ལ་མ་བབས་ན་དམ་ཚིག་གཞུང་བཞེས་གནང་ཆོག་ལ། སློབ་མའི་བློ་ལ་མ་བབས་རུང་དམ་ཚིག་ཡར་སློག་ཞུ་ས་མེད། སློབ་མའི་བྱེད་སྟངས་མ་འགྲིག་ན་སློབ་མ་དམ་ཉམས་ཡིན་ལ། བླ་མའི་གནང་སྟངས་མ་འགྲིག་རུང་བླ་མ་དམ་ཉམས་མིན། རྒྱ་གར་འཕགས་པའི་ཡུལ་གྱི་ཏེ་ལོ་ནཱ་༡རོའི་རྣམ་ཐར་དང༌། བོད་གངས་ཅན་ལྗོངས་ཀྱི་མར་པ་མི་ལའི་རྣམ་ཐར་ལས་གོང་གི་རྣམ་གཞག་དེ་ཚོ་ཡོད་ཚད་ར་སྤྲོད་བྱས་བཞག་ཡོད། དེ་ཡང་ཏེ་ལོས་ནཱ་རོ་པར་དཀའ་ཆེན་བཅུ་གཉིས་དང༌། དཀའ་ཕྲན་བཅུ་གཉིས་ཏེ་དཀའ་བ་མི་འདྲ་བ་ཉེར་བཞི་སྐུ་ལུས་གཅིག་གི་ཐོག་ཏུ་སྤྱད་དུ་བཅུག་པར་གྲགས་པ་དེ་ཚོ་དོན་དངོས་སུ་རྐུ་མ་བརྐུ་བ་དང༌། ཇག་པ་བརྒྱབ་པ་སོགས་མ་རབས་ཐ་ཤལ་གྱི་བྱ་བ་འབའ་ཞིག་བསྒྲུབ་ཏུ་བཅུག་པ་རེད། ཡིན་ནའང་བཀའ་འབེབས་མཁན་བླ་མར་སོང་སྟབས་བཀའ་གསུང་ཅི་བསྒྲུབ་མ་ཞུས་ས་མ་ཐུག་པ་རེད་ལ། བླ་མའི་ཅི་གསུང་ཆོས་ཡིན་སྟབས་སྡིག་པ་བྱས་ཀྱང་དགེ་བར་འགྱུར་སོང་བ་རེད། མཐར་ཏེ་ལོས་ནཱ་རོ་པའི་སྙིང་ཁར་རྡོག་རྒྱག་མུན་རུབ་པ་ལྟ་བུ་ཞིག་བཞུས་པས་ནཱ་རོ་པ་དྲན་མེད་དུ་བརྒྱལ། བརྒྱལ་བ་ལས་སངས་པ་དང་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར་ཚར་འདུག་སྐད། དེ་མ་གཏོགས་ཁོང་རྣམ་གཉིས་ཆོས་འཆད་ཉན་གྱི་སྒོ་ནས་བླ་སློབ་ཆགས་པ་ཞིག་མིན་ཏེ། ཏེ་ལོས་ཚིག་གཅིག་མ་གསུངས་ལ། །ནཱ་རོས་ཚིག་གཅིག་མ་ཉན་ཏེ། །བྱིན་རླབས་རྟོགས་པ་འཕོས་པས་གྲོལ། ཞེས་གསུངས་ཡོད། དེ་བཞིན་མར་པས་མི་ལར་མཁར་ཟླ་གམ་ཟླུམ་པོ་གྲུ་བཞི་བརྩིག་ཏུ་བཅུག་པ་སོགས་ཡི་ཆད་ཆེན་པོ་བརྒྱད་དང་སྣང་ཆུང་གྲངས་མེད་པའི་སྒོ་ནས་ཚར་བཅད་པ་དེའང་བལྟས་ཚོད་ལ་མར་པས་རྒྱུ་འབྲས་མེད་པའི་བྱ་ངན་ཤ་སྟག་སྤེལ་བ་དང༌། མི་ལས་དོན་དག་མེད་ས་ནས་དཀའ་སྡུག་གྲངས་མེད་ཅིག་མྱངས་སོང་བ་ལྟ་བུར་སྣང་མོད་གསང་སྔགས་ལུགས་ལ་དེ་ལྟར་མིན་པར་བྱ་གཞག་རླབས་པོ་ཆེ་ཞིག་གི་གཞི་ཐིངས་སོང་བ་རེད། ད་དུང་གྲུབ་ཆེན་ག་གེ་མོས་གླུ་ཞིག་བླངས་པས་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་སྐྱེ་བོ་ཐམས་ཅད་གྲུབ་པ་ཐོབ་ཅེས་དང༌། རྟོགས་ལྡན་ཆེ་གེ་མོས་གར་ཞིག་འཁྲབ་པས་བྱ་དང་རི་དྭགས་ཡོད་ཚད་འཇའ་ལུས་སུ་དེངས་ཞེས་དང༌། ཁ་ཆང་སྣོད་ལ་གཏུག་མ་ཐག་མཆོག་གི་དངོས་གྲུབ་བརྙེས་ཞེས་དང༌། ཉལ་པོ་བྱེད་བཞིན་མཁའ་སྤྱོད་དུ་འཕུར་སོང༌། ཞེས་སོགས་ངོ་མཚར་རབ་ཏུ་ཆེ་བའི་རྣམ་ཐར་མང་པོ་མཇལ་རྒྱུ་ཡོད། ཉིན་བསྒོམ་ན་ཉིན་འཚང་རྒྱ། མཚན་བསྒོམ་ན་མཚན་འཚང་རྒྱ། སྐལ་ལྡན་ལས་འཕྲོ་ཅན་ལ་བསྒོམ་མི་དགོས་པར་ཐོས་པ་ཙམ་གྱིས་གྲོལ་འགྲོ་བའི་གདམས་ངག་ཟེར་བ་འདི་འདྲ་ལོས་ཡིན་སྙམ། སྐྱབས་འགྲོའི་བསམ་བློ་ཇི་ཙམ་ཤུགས་ཆེ་ན་བྲན་གཡོག་གི་འདུ་ཤེས་དེ་ཙམ་གྱིས་ཤུགས་ཆེ་བ་ཡིན། ཞེས་པ་འདི་མདོ་ལུགས་ཀྱི་སྐྱབས་འགྲོ་ལ་སྦྱར་ན་ཅུང་ཟད་མི་འཕྲོད་པ་ལྟ་བུ་ཞིག་རེད་བསམ་བཞིན་ཡོད། འོན་ཀྱང་གསང་སྔགས་ལུགས་ཀྱི་བླ་མ་ལ་སྐྱབས་སུ་འགྲོ་བ་ནི་དངོས་གནས་བླ་མའི་བྲན་གཡོག་རྒྱུག་པ་རང་རེད་བཞག །ཀུན་གྱིས་ཤེས་གསལ་ལྟར་མི་ལ་རས་པ་ནི་གསང་སྔགས་ལུགས་ཀྱི་སློབ་མ་དེ་ཡན་མེད་པ་ཞིག་རེད་ལ། ཁོང་བླ་མ་མར་པ་ལ་སྐྱབས་སུ་སོང་རྗེས་མར་པའི་གཡོག་ལ་རྒྱུག་དགོས་པ་དག་ཨ་ཅང་ཅང་སྟེ། མར་པའི་འདུག་རོགས་བདག་མེད་མའི་ཡང་བ་འཇོ་བའི་འཇོ་སྟེགས་དང༌། ཡོས་བརྔོ་བའི་བརྔོ་སྟེགས་ཡན་ཆད་ཞབས་ཕྱི་ཞུ་དགོས་ཐུག་པ་རེད། སྡིག་རྒྱལ་གླང་དར་མས་རབ་བྱུང་ཁ་ལ་མི་ཉན་མཁན་ཚོ་རྟ་ཞོན་པའི་ཞོན་སྟེགས་བྱེད་མྱོང་སྐད་འདུག་པ་བདེན་མིན་ཅི་ཤེས། དེ་མ་གཏོགས་བདག་མེད་མ་ལྟ་བུ་མི་ཨོང་བཀྱག་བརྒྱབ་ནས་བ་འཇོ་ཞིང་ཡོས་བརྔོ་མཁན་གྱི་ནག་མོ་ཧམ་པ་ཅན་དེ་འདྲ་གཞན་འཇིག་རྟེན་འདིར་ཨེ་ཡོད་ན་སྙམ། ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོས་བླ་མར་ཕྱག་དབང་ཞུ་བ་ཞེས་མགོ་ཐོག་ཏུ་བླ་མའི་ལག་པ་འཇོག་ཏུ་བཅུག་པ། ཞབས་བཀྱག་ཞུ་བ་ཞེས་རང་ཉིད་གན་རྐྱལ་དུ་འགྱེལ་བའི་ཐོག་ཏུ་བླ་མར་རྡོག་བརྫི་བྱེད་དུ་བཅུག་པ། ཆགས་མེད་རིན་པོ་ཆེས། །གོས་དུམ་སྐྲ་སེན་ཆབ་བསིལ་ཡང༌། །དད་ཅན་མང་པོས་ཁྱེར་དང་བཏུང༌། །ཇ་སྙིགས་ཕོས་པ་ཐམས་ཅད་ཀྱང༌། །མིག་ལ་བྱུག་དང་སྐེ་ལ་བྱུག །ཅེས་གསུངས་པ་ལྟར་བླ་མའི་ཁ་འཁྲུད་ལག་འཁྲུད་རང་གི་མགོ་དང་ལུས་ལ་བྱུག་པ། རང་གི་ཁ་མིག་སྣ་གསུམ་གྱི་ནང་དུ་བླ་མར་མཆིལ་མ་འདེབ་ཏུ་བཅུག་པ། བླ་མའི་སྐྲ་སེན་བསྲེག་པའི་དུ་བར་སྣོམ་པ། ཐ་ན་བླ་མའི་གཅིན་སྐྱག་ཡན་ཆད་བྱིན་རླབས་ཀྱི་རྫས་སུ་བརྩིས་ཏེ་ཟ་ཞིང་འཐུང་བ་སོགས་ཀྱང་གསང་སྔགས་ལུགས་ཀྱི་བླ་མ་བསྟེན་ཚུལ་དྲི་མ་མེད་པ་རེད། ད་དུང་དེང་སང་ལག་ལེན་བྱེད་མཁན་མེད་པ་ཙམ་མ་གཏོགས་བླ་མ་ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་མཚམས་སུ་སློབ་མར་ལྕེ་ལྡག་བྱེད་དུ་བཅུག་ཅིང༌། ལྕེ་ཐོག་ཏུ་ཡོང་བའི་ཁྲག་རྣག་གི་ཐིགས་པ་དེ་ཉིད་འཛམ་གླིང་ན་དཀོན་པའི་དངོས་གྲུབ་ཀྱི་རྒྱ་མཚོ་ཞིག་ཡིན་རབས་ཀྱི་བཤད་པ་བརྒྱབ་པ་སོགས་མི་ཆོས་ལས་འདས་པའི་ཆོ་ག་ཕྱག་ལེན་མང་པོ་ཡོད་པ་རེད། མདོར་ན་གསང་སྔགས་ལུགས་ལ་བླ་མའི་ཞབས་ཕྱི་ཡག་པོ་ཞུས་ཏེ་བསྡད་ན་གཞན་གང་ཡང་བྱེད་མི་དགོས་པར་རང་གར་སངས་རྒྱས་འགྲོ་བ་རེད་ལ། བླ་མ་དགྱེས་པོ་མ་བྱུང་ཕྱིན་གཞན་ཚོགས་བསགས་སྒྲིབ་སྦྱོང་ཅི་ཙམ་བྱས་ཀྱང་ཕན་ཐོགས་མེད་པར་རྡོ་རྗེ་དམྱལ་བའི་མཐིལ་དུ་འབྱར་འགྲོ་བ་རེད། གསང་སྔགས་ལུགས་ཀྱི་དམ་ཚིག་ཐམས་ཅད་ཀྱང་བསྡུ་ན་བླ་མའི་སྐུ་གསུང་ཐུགས་གསུམ་ལ་ཞབས་ཏོག་ཕངས་པ་མེད་པར་བསྒྲུབ་པ་འདིའི་ནང་དུ་འདུས་པ་ཡིན། དེ་བས་གསང་སྔགས་ལུགས་ཀྱི་བླ་མ་ནི་ཡེ་ཤུའི་ལུགས་ཀྱི་ལྷ་ཆེན་ལས་ཀྱང་སྐུ་གསོད་དང་དབང་ཐང་ལྡབ་འགྱུར་གྱིས་ཆེ་ཞིང༌། ཡེ་ཤུའི་ལུགས་ཀྱི་ལྷ་ཆེན་དེ་འཇིག་རྟེན་འཛུགས་སྐྲུན་གནང་མཁན་གྱི་དཀོན་མཆོག་ཅིག་ཡིན་ན། གསང་སྔགས་ལུགས་ཀྱི་བླ་མ་དེ་འཇིག་རྟེན་ལོངས་སུ་སྤྱོད་མཁན་གྱི་དཀོན་མཆོག་དེ་རེད་ཅེས་བཤད་ཆོག །ད་དུང་ཕྱག་ལས་གནང་སྟངས་ཁ་ཤས་ཀྱི་ཐད་ནས་བསམ་ན་འཇིག་རྟེན་གཏོར་བཤིག་གཏོང་མཁན་གྱི་དཀོན་མཆོག་ཅིག་རེད་ཅེས་ཞུས་ནའང་མི་འགྲིག་པ་མེད་པའི་ཚོད་རེད། སྐད་གྲགས་ཆོད་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཟེར་བའི་མི་དེ་རྣམས་ཀྱི་འགྲོ་ལུགས་འདུག་སྟངས་ལ་གཅིག་ལྟོས་དང༌། ཁོ་ཚོའི་ཁྲོད་དུ་མི་གསོད་མཁན། དམག་རྒྱག་མཁན། རྐུ་མ་རྐུ་མཁན། སྐྱག་རྫུན་ཤོད་མཁན། ཆང་རག་འཐུང་མཁན། ཤོ་རྒྱན་འགྱེད་མཁན། གཞང་འཚོང་མཁན། ཕྱུགས་བཤའ་མཁན། ཉ་བཟུང་མཁན་སོགས་བྱ་བ་སྡུག་རིགས་ངན་ཚད་བྱེད་མཁན་རྐྱང་མ་གཏོགས་ཡ་རབས་ཚུལ་མཐུན་གྱི་འཚོ་བ་རོལ་བའི་མི་མང་པོ་བགྲང་རྒྱུ་མེད། བོད་དུའང་ཇོ་བོ་བཀའ་གདམས་པས་བཙུན་ཚུགས་ཕྲན་བུ་ཟིན་པ་མ་གཏོགས་གཞན་སྔགས་རྒན་རྣམ་པས་ཡོས་བརྔོ་བརྔོ་དང༌། ཁྲག་དཀྲུག་དཀྲུག་གནང་གྲབས་བྱས་ཡོད། རྭ་ཆེན་རྡོ་རྗེ་གྲགས་ཀྱིས་ངན་སྔགས་བསགས་ཏེ་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་བསྒྲལ། འབྲུག་སྨྱོན་ཀུན་དགའ་ལེགས་པས་དགའ་རོགས་ལྔ་སྟོང་བརྒྱ་མེད་ཉི་ཤུ་རྩ་ལྔ་བསྒྲིགས། དེ་ལྟ་ནའང་ཁོ་ཚོར་སྡིག་རྒན་དང་འཆལ་པོའི་མིང་ཤས་འོང་རྒྱུ་ལྟ་ཅི་སྟེ། ད་དུང་གཟི་བརྗིད་དང་ངོ་མཚར་ཆེ་བའི་ཚད་དུ་བརྩིས་ནས་ཀུན་ལ་གསང་མཐོར་སྒྲོག །པཎ་ཊི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས། ཆང་དང་བུད་མེད་འཁྲིག་པ་རིན་ཆེན་གསུམ། །རིན་ཆེན་གཞན་ནི་རྡོ་ཤིང་རིན་ཆེན་ཉིད། ཅེས་དང༌། ཕོ་བྲང་ཞི་བ་འོད་ཀྱིས། སྦྱོར་བ་དར་བས།༡ སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད། ཅེས་གསུངས་པ་ལྟར་ཡུལ་ཁམས་ཀྱི་ཕོ་ཐམས་ཅད་བསྒྲལ་ཏེ་མོ་ཐམས་ཅད་དང་སྦྱོར་བའི་རྡོ་རྗེ་སློབ་དཔོན་ཡང་བྱོན་མྱོང་ཞིང༌། དེ་ལ་ཡང་ཡག་ས་དང་བཟང་ས་ནས་འགྲེལ་བཤད་བོང་བུའི་ཨ་འབྱོག་འདྲ་བ་རེ་བསྐྱོན་རྒྱུ་ཡོད་ན་གཞན་ལྟ་ཅི་སྨོས། མདོར་ན་ནང་པ་སངས་རྒྱས་པའི་ཐེག་པའི་རྩེ་མོ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་གྲུབ་པའི་ས་མཐོར་གཤེགས་པའི་རྣལ་འབྱོར་པ་སྨྱོ་སྤྱོད་ཅན་དེ་ཚོ་དང༌། དེང་སང་འཛམ་གླིང་ཐོག་ཏུ་མི་གསོད་མེ་རྒྱག་གི་ལས་འགུལ་སྤེལ་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་གཉིས་པོ་ཀུན་སློང་དང་ཀུན་སྤྱོད་གང་ལ་ཡང་ངོ་བོའི་ཐོག་ནས་དབྱེ་བ་འབྱེད་དཀའ་བ་ཞིག་རེད་འདུག །འོན་ཀྱང་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བ་ཕྲན་བུ་ཡོད་པ་ནི། ནང་པའི་གྲུབ་ཆེན་རྣམ་པས་ཁོང་རྣམ་ཚོའི་ཞལ་གྱི་ནང་དང་ཕྱག་གི་འོག་ནས་ཤི་བའི་སེམས་ཅན་ཐམས་ཅད་ཁོང་རྣམ་ཚོ་ཉིད་ཀྱིས་འདྲེན་འགྲོ་བཞིན་ཡོད་གསུངས་པ་དང༌། འཇིགས་སྐུལ་དྲག་སྤྱོད་པས་ཁོ་པ་ཚོས་བསད་རིམ་བཞིན་ཁ་ཆེའི་ལྷ་མོ་ཨལ་ལས་འདྲེན་འགྲོ་བཞིན་ཡོད་ཅེས་ཟེར་བ་འདི་རེད། དོན་འདི་དག་ཁོ་བོས་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་དཔང་དུ་བཞག །རྩོད་མེད་ཡོངས་གྲགས་ཀྱི་གྲུབ་ཐོབ་མང་པོའི་རྣམ་ཐར་དཔེ་རུ་བཟུང་ནས་སྨྲས་པ་ཡིན་གྱི། རང་ཉིད་སྔགས་ལ་མི་མོས་པའི་དབང་གིས་གཞི་མེད་ཀྱི་སྐུར་འདེབས་དང༌། གསང་སྔགས་འཆལ་བར་སྤྱོད་པའི་མི་ངན་ཁ་ཤས་ཀྱི་བྱ་སྤྱོད་བག་ཙམ་ལ་བརྟེན་ནས་ཡོངས་རྫོགས་ནག་འབྱམས་སུ་བརྩིས་པ་གཏན་ནས་མིན་ཏེ། མི་བདེན་སྙམ་པའི་མི་ཡོད་ཚེ་ཁོ་བོ་དང་ལྷན་དུ་བགྲོ་གླེང་གི་ལམ་ནས་བདེན་རྫུན་བརྡར་ཤ་གཅོད་པའི་ལས་སུ་ཞུགས་མཛོད་དང་ད་གཟོད་ཧ་གོ་བར་འགྱུར་རོ། །༡ལུང་འདི་རྗེ་སོག་བཟློག་པས་མཛད་པའི་བརྒལ་ལན་ངེས་དོན་འབྲུག་སྒྲའི་ནང་དུ་ཡོད་སྙམ་ཡང་ཡིད་ལ་མ་འོངས་པས་སེམས་བཟང་ཅན་གྱི་ཀློག་པ་པོ་ཞིག་གིས་རོགས་རམ་གནང་བའི་རེ་བ་ཞུ།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདུལ་སྔགས་ལུགས་ཀྱི་སྡོམ་དང་དམ་ཚིག་གི་རྣམ་གཞག་ལ་དཔྱད་པ།

2009-10-08 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།