བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་པོ་མགར་ཚང་རོབ་ཙམ་གླེང་བ།

ཀླུ་ཚང་བྱམས་པ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-21

           སྔོན་འགྲོའི་གཏམ། 
  སྤྱན་དཀྱུས་ཡངས་པའི་ཀློག་པ་པོ་རྣམས་ལ་ཆེད་དུ་ཞུ་དོན།  ལར་བདག་ནི་ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་རྟ་རྔ་ལས་ཉག་ཕྲ་ཞིང་ཨ་ལོང་ལས་གུ་དོག་པ་ཞིག་ཡིན་མོད། འོན་ཀྱང་ཟོལ་བཅོས་ཀྱི་སྨིན་མ་མི་གཡོ་ཞིང་ཕྱོགས་ལྷུང་གི་ཟུར་མིག་མི་བལྟ་བའི་མཁས་དབང་རྣམས་ཀྱི་གསུང་རྩོམ་ལ་བལྟས་ཐེངས་རེ་རེར། ཁོ་བོས་ཀྱང་འདས་སོང་གི་བཤུལ་ལམ་ལ་ཕྱི་མིག་བལྟ་བཞིན་སྨག་རུམ་ལ་ལག་འཇུ་བྱེད་པའི་རྣམ་ཚུལ་རིང་དུ་སྤངས་ནས་གཞན་གྱི་ལད་ཟློས་ཀྱིས་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་རམ་འདོད་ཚུལ་ཕྲན་བུ་ཞིག་ཅིས་ཀྱང་གླེང་བར་སྤྲོ་བས།  འདི་ལ་ནོར་བའི་ཆ་དང་ཆད་པའི་སྐྱོན་གང་རུང་མཆིས་པ་གཟུར་གནས་དཔྱོད་ལྡན་དག་གིས་དགོངས་འཆར་ལྷུག་པོར་སྩོལ་བར་མཁྱེན་ཞུ།
   བརྡ་ཆད་གཙོ་བོ།  འགར།  སྨོན།   ཕྱིང་རལ། མགར་སྒྲ་ཛི་མི།

  དང་པོ། མགར་ཅེས་པའི་རུས་རྒྱུད་ཀྱི་འབྱུང་ཁུངས་དང་དེའི་ཁྱབ་ཁོངས་ཐད་ཀྱི་ཕྲན་དཔྱད།
  ལར་བསྐལ་པ་ཡ་ཐོག་གི་མ་རྒྱུད་སྤྱི་ཚོགས་ནས་རིམ་གྱིས་ཕ་རྒྱུད་སྤྱི་ཚོགས་སུ་འཕེལ་འགྱུར་ཕྱིན་པ་དང་།  ཕ་རྒྱུད་སྤྱི་ཚོགས་དེ་ཡང་ཉིན་རེ་བཞིན་གོང་དུ་འཕེལ་བ་དང་བསྟུན་ནས་གཅིག་འོག་གཅིག་མི་འདུས་པར་ཁ་འཐོར་དུ་གནས་པའི་རུས་ཚོའི་ཡུལ་སྡེ་མང་པོ་ཞིག་རིམ་བཞིན་གཅིག་གྱུར་བཟོས་ནས་རྒྱལ་ཕྲན་སིལ་མ་བཞི་བཅུ། རྒྱལ་ཕྲན་སིལ་མ་ཉི་ཤུ་རྩ་བཞི། རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་རིམ་བཞིན་དུ་བྱུང་བ་སྟེ། “རིགས་དྲུག་སེམས་ཅན་ཀུན་གྱི་ཐོག་མ་ཡིན”ཞེས་གསུངས་པ་ལྟར། རུས་ཞེས་པ་འདི་ཡང་མ་རྒྱུད་སྤྱི་ཚོགས་ནས་བྱུང་ཡོད་པ་ཤ་སྟག་རེད། དེ་བཞིན་དུ་མགར་ཅེས་པའི་རུས་འདི་ནི་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི<<རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་བྱུང་ཁུངས་གསལ་བའི་སྒྲོན་མེ >>ལས། བོད་ཀྱི་རྩ་བའི་རུས་ཆེན་བཞི་སྟེ། བསེ་དང་རྨུ། ལྡོང་དང་སྟོང་བཞི་ཡོད་པའི་ནང་ཚན། རུས་རྨུ་ལས་ཀོད་ལེ་ཁྲ་བརྒྱད་སྲིད་ཅེས་པ་དེ་དག་སོ་སོར་བཀྲལ་ན། ངབ་དང་གཞུབ་དང་བཞུང་དང་སྨོན། འགར་དང་དཀར་དང་སྙོས་དང་ངན་ལམ་ཏེ་བརྒྱད་ཀྱི་ཡ་གྱལ་འགར་ཞེས་པ་འདི་ཡིན་པ་གསལ་ཐག་ཆོད་ཐུབ་པ་དང་། དེར་མ་ཟད་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ནང་ཚན་ངམ་ཤོད་བྲེ་སྣ་ན་ཟིང་པོ་རྗེ་ཁྲི་འཕང་གསུམ། བློན་པོ་མགར་དང་གཉན་གྱིས་བྱས་ཞེས་པའི་མགར་ཅེས་པ་འདིར་གཞིགས་ན། འདི་ནི་མི་ཞིག་གི་མིང་མ་ཡིན་པར་རུས་མགར་ལ་གོ་དགོས་ཏེ།  དཔེར་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ནང་ཚན་དུ། འོལ་ཕུ་སྤང་མཁར་ན་ཟིང་རྗེ་གོང་ནམ། བློན་པོ་རྔོག་དང་སྦས་ཀྱིས་བྱས་ལྟ་བུར་མཚོན་ན་ཡང་རྔོག་དང་སྦས་འདི་གཉིས་སྟོང་ལས་རྗེ་བཞི་འཁོལ་བརྒྱད་སྲིད་ཅེས་པའི་ནང་གི་འཁོལ་བརྒྱད་ཀྱི་ཡ་གྱལ་ཡིན་པ་བཞིན་རུས་གསལ་བོར་འཁོད་ཡོད་པ་མ་གཏོགས་མིང་བཀོད་མེད་པས། གོང་སྨྲས་ཀྱི་མགར་ཞེས་པ་དེ་ཡང་བོད་ཀྱི་རུས་རྒྱུད་མགར་དེ་ཡིན་པ་ར་སྤྲོད་བྱེད་ཐུབ། དེ་བས་ན་འདི་པ་ནི་མགར་གྱི་རུས་རྒྱུད་ནས་སྲིད་ལ་ཐེ་གཏོགས་བྱེད་མཁན་ནམ་རྗེ་བོའི་བློན་པོ་བགྱིད་མཁན་གྱི་རབས་དང་པོ་དེ་ཡིན་པར་སེམས།  གཞན་དེའི་ཁྱབ་ཁོངས་ཀྱི་ཐད་ནས་ཀྱང་ཕལ་ཆེ་བ་བོད་རང་སྐྱོང་ལྗོངས་ཀྱི་ས་ཆར་ཁྱབ་ཡོད་ལ། ད་དུང་ཁམས་སྡེ་དགེ་ལ་སོགས་པར་ཁྱབ་ཡོད་པ་སོགས་ཀྱང་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུ་གསལ་བོར་མཐོང་རྒྱུ་འདུག  དེ་བཞིན་དུ་ད་ལྟའི་མཚོ་སྔོན་གྱི་ཁོངས་གཏོགས་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་མངའ་ཁོངས་ན་མགར་རྩེ་ཞེས་པའི་ཚོ་པ་ཞིག་ཡོད་པ་དང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཁུངས་སུའང་འགར་རྩེ་ཞེས་པའི་ཚོ་པ་ཞིག་ཡོད་པ་དང་གཅིག  སྔོན་ཆད་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བསུས་ནས་མཚོ་སྔོན་གྱི་རི་བོ་ཉི་ཟླ་དང་ལྡོག་བཞུར་ཆུ་བོ་སྟེ་དེང་གི་རིག་སྨོན་ས་ཆ་བརྒྱུད་མྱོང་བ་མ་ཟད། མགར་སྟོང་བཙན་ཡུལ་བཟུང་དེ་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་སུ་ཡོད་པའི་བློན་པོ་གསེར་ཆེན་རི་བོའི་ཉེ་འདབས་སུ་ཡུན་རིང་དུ་བཞུགས་མྱོང་ཞེས་པའི་ངག་རྒྱུན་ཡོད་པ་དང་གཉིས། ད་དུང་བློན་པོ་མགར་གྱིས་དམག་སྣ་དྲངས་ཏེ་མཚོ་སྔོན་གྱི་ཆར་གཏོགས་མགོ་ལོག་ས་ཁུལ་གྱི་སྟོང་རུ་མཚོ་ནག་དང་བེའུ་དུག་མཚོ་སོགས་ནས་དམག་འཁྲུག་བརྒྱབ་མྱོང་བ་སོགས་འདི་ལྟ་བུའི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་འདི་དག་ལ་ཅུང་ཟད་ཙམ་དཔྱད་དགོས་ཀྱི་ཡོད་དེ། གོང་དུ་སྨྲས་མ་ཐག་པའི་མགར་རྩེ་ཞེས་པ་དེ་ཡང་། དཔེར་ན་དེང་སང་མཚོ་སྔོན་པའི་ཉེ་འདབས་སུ་གཡོན་རུ་ཞེས་པའི་ཚོ་པ་ཞིག་ཡོད་ལ། དེ་ནི་སྔོན་ཆད་རེབ་གོང་གི་གཅན་ཚའི་ཡུལ་གྱི་གཡོན་རུ་བྱ་བའི་ཡུལ་ནས་གྱེས་ཏེ་ཡོང་སྐད། དེ་བཞིན་དུ་རེབ་གོང་ཡུལ་གྱི་མགར་རྩེ་ཞེས་པའི་ཚོ་པ་དེའང་མགར་གྱི་གདུང་རྒྱུད་དམ་ཡང་ན་དམག་དཔུང་མཚོ་སྔོན་གྱི་ཡུལ་དུ་སླེབས་ནས་གནས་བཅས་ཤིང་རིམ་བཞིན་གཏན་སྡོད་བྱེད་དགོས་པ་སོགས་ཀྱི་རྐྱེན་དུ་མའི་དབང་གིས་མཚོ་ལྷོའི་ཉེ་འདབས་སུ་ཡུན་རིང་དུ་གནས་སྡོད་བྱས་ཤིང་། ཕྱིས་སུ་རེབ་གོང་གི་ཡུལ་དུ་གནས་སྤར་བར་སེམས་ཏེ། རྒྱུ་མཚན་ནི་མགར་རྩེ་ས་ཆའི་མི་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཆད་ཁུངས་དེ་བློན་པོ་མགར་གྱི་གདུང་རྒྱུད་ལ་གཏུགས་བཞིན་ཡོད་པ་དེ་ལས་ཀྱང་གསལ་བོར་རྟོགས་ཐུབ་པས་སོ།།

  གཉིས་པ།  བཙན་པོའི་རྒྱལ་རབས་སུ་བྱུང་བའི་མགར་གྱི་རུས་རྒྱུད་རིམ་བྱུང་གི་བྱས་རྗེས་སྐོར་གླེང་འཕྲོར་བཀྱོན་འབེབ་མི་འོས་པའི་འདོད་ཚུལ་ཕྲན་ཙམ་གླེང་བ།
         དེ་ནི་ཚིགས་ལ་བཙན་ལྔའི་གཉིས་པའམ་སྤུ་རྒྱལ་ཉེར་དྲུག་པ་བཙན་པོ་ཁྲི་སྒྲ་དཔུང་བཙན་ནས་མགར་ཚང་གི་རུས་རྒྱུད་དམ་ཡང་ན་ཁྱིམ་རྒྱུད་ཀྱིས་བོད་བཙན་པོའི་རྒྱལ་རབས་སུ་བློན་པོའི་ཁུར་མཛད་ཡོད་པ་བོད་ཀྱི་ལོ་རྒྱུས་དག་ཏུ་མངོན་གསལ་རེད། དེ་གང་ཡིན་ཞེ་ན། ལོ་རྒྱུས་ཀྱི་ཡིག་ཚང་དག་ཏུ་མགར་སྒྲ་ཛི་མི་ཞེས་པ་འདིས་བོད་ཀྱི་བཙན་པོའི་བློན་པོའི་འཁུར་མཛད་ཅེས་བྱུང་ཡོད་པ་དང་། གཞན་ཡང་<<ཏུན་ཧོང་གཏེར་ཡིག་>>ཏུའང་། “འདི་པ་ནི་མགྲོན་པོ་མི་གསུམ་འགྲོགས་ཏེ་འགྲོ་ཚེ། ཐོག་མའི་སྙིང་ལ་འདི་སེམས། བར་མའི་སེམས་ལ་འདི་སེམས། ཐ་མའི་སྙིང་ལ་འདི་སེམས་པ་ཐམས་ཅད་ཤེས་ཤིང་། གྲོགས་པོ་ལ་གཏམ་བྱས་པ་དང་། བདེན་ནམ་རྫུན་ཐམས་ཅད་ཤེས་པས། ཁྲི་སྒྲ་འཛི་རྨུན་མཆི་བ་བཞིན་མད་དེ། མཛངས་ཀྱི་ཡོན་ཏན་དེ་ཙམ་ཡིན”ཞེས་གསུངས་བ་ལྟར་དུ། ཁོང་ནི་བློ་རིག་པ་གསལ་ཞིང་གཞན་གྱིས་མགོ་སྐོར་གཏོང་མི་ཐུབ་པ། བདེན་རྫུན་གྱི་དབྱེ་བ་དགར་བར་མཁས་པ། ད་དུང་གཞན་དང་མི་མཚུངས་པའི་མཁྱེན་དཔྱོད་མངའ་ཞིང་སྤྱང་གྲུང་འཛོམས་པའི་མི་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་བོ།།
         <<ཏུན་ཧོང་གཏེར་ཡིག>>ཏུ། “མགར་མང་ཞམ་སུམ་སྣང་གིས་འཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་ཞེས་པ་བཙན་པོ་ལ་གློ་བ་རིང་པ་བཀུམ་པའི་བློན་པོ་བྱས་རྗེས་ཅན་ཞིག་རེད”ཅེས་པ་དང་།  <<པད་རཱག>>ཏུ། “བཙན་པོ་སྲོང་བཙན་སྒམ་པོ་དེ་བློན་ཆེན་མགར་མང་ཞམ་སུམ་སྣང་སོགས་ཀྱིས་ཞབས་ནས་བཏེགས་ཏེ་བཙན་པོའི་ཁྲི་ལ་མངའ་གསོལ”ཅེས་པར་གཞིགས་ན་ཁོང་ཡང་གནམ་རི་སྲོང་བཙན་གྱི་རིང་ནས་བློན་པོ་འཁུར་མྱོང་པ་མ་ཟད་སྲོང་བཙན་སྒམ་པོ་ཁྲི་ལ་མངའ་གསོལ་ཏེ་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་པ་ལ་སོགས་པའི་བློན་བྱས་རྗེས་ཅན་ཞིག་ཏུ་འཁུམས་སོ།།
        དེ་མིན་བོད་བཙན་པོའི་རྒྱལ་རབས་སྐབས་སུ་སྙིང་མཛངས་ལ་བློ་སྐྱེན་པའི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་བྱས་རྗེས་ནི་ཁྱད་དུ་འཕགས་པ་ཞིག་རེད་དེ། སྤྱི་ལོ༦༣༢པའི་ཆུ་འབྲུག་ལོར།  སྲོང་བཙན་སྒམ་པོའི་སྐུ་རིང་དུ་མགར་སྟོང་བཙན་ཡུལ་བཟུང་གིས་བློན་པོ་མཛད་དེ་བལ་ཡུལ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ། ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་བླངས་པའི་རྫོངས་ལ། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད། ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། བྱམས་པ་ཆོས་ཀྱི་འཁོར་ལོ། རང་བྱོན་ཙནྡན་གྱི་སྒྲོལ་མ་སྤྱན་དྲངས་ཏེ་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་དང་། སྤྱི་ལོ༦༤༡པའི་ལྕགས་གླང་ལོར། རྒྱའི་རྒྱལ་པོ་ཐང་ཐའེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་བླངས་པའི་རྫོངས་ལ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤྰཀྱ་གདན་དྲངས་ནས། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་བཞེངས་པ་སོགས་ཀྱིས་རང་རེའི་བོད་ཀྱི་བཟོ་བཀོད་ཀྱི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གསར་དུ་བསྣན་ཡོད་པ་མ་ཟད།    བལ་ཡུལ་དང་རྒྱ་ནག་ལ་གཉེན་འབྲེལ་བཙུགས་པ་དེས་ཕྱི་ཕྱོགས་ཀྱི་འབྲེལ་བར་ཤུགས་སྣོན་དང་རང་སོ་སོའི་མཐའ་མཚམས་བརྟན་པོ་ཞིག་བྱུང་བར་ནུས་པ་མི་དམན་པ་ཞིག་ཐོན་འདུག  ཁྱད་པར་དུ་སྲིད་དོན་དང་དམག་དོན། ཡང་ན་དཔལ་འབྱོར་གྱི་ཕྱོགས་ནས་བོད་བལ་དང་བོད་རྒྱའི་བར་འགྲོ་འོང་ཟམ་མ་ཆད་པར་བྱུང་པས། མཛའ་མཐུན་གྱི་འབྲེལ་བ་གཏིང་ཇེ་ཟབ་ཏུ་ཕྱིན་པ་མ་ཟད་བོད་ཀྱི་རིག་གནས་གཙོས་དཔལ་འབྱོར་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ནུས་པ་བླ་ལྷག་ཅིག་ཐོན་ཡོད་པ་སྨྲས་མ་དགོས་པ་ཞིག་རེད།  གཞན་ཡང་ཁྱུང་པོ་སྤུང་ཟད་ཀྱིས་རྒྱལ་པོ་ཁྲི་སྲོང་བཙན་སྐུ་ན་ཕྲ་དུས་རང་གི་སྡོད་གནས་སུ་འདྲེན་པར་ཁ་གཡར་ཏེ། བཙན་པོ་གྲོངས་རྩིས་བྱེད་བཞིན་ཡོད་པ་དེ་མགར་སྟོང་བཙན་གྱིས་ཚོར་སྟེ་རྒྱལ་པོའི་སྲོག་བསྐྱབས་པ་སོགས་ཀྱིས་ཁོང་ནི་བཙན་པོར་གློ་བ་ཉེ་ཞིང་། བྱ་བ་གང་ཡིན་ཚུལ་ལྡན་གྱིས་བསྒྲུབ་པ། བོད་ཀྱི་བྱ་བཞག་ཐམས་ཅད་ཕྲག་ཏུ་འཁུར་ཞིང་གཡོ་ཟོལ་གྱིས་མ་གོས་པར་བོད་ཆེན་པོའི་རྒྱལ་ཁམས་འདི་ལ་བློ་དཀར་པའི་དམག་དཔོན་ཞིག་གམ་བློན་ཆེན་ཞིག་རེད།
        ཞོར་དུ་བཙན་པོ་སྲོང་བཙན་གྱིས་བློན་ཆེན་མགར་སྟོང་བཙན་ལ་བླངས་པའི་མགུར་ལ་ཅུང་ཟད་དཔྱད་པར་བྱའོ།།
ཀྱེ་རྗེ་འི་ནྀ་མཚན་པ་འདི།།                                ཀྱེ་རྗེ་ང་ཡི་མིང་འདི་མ་ཤེས་ན།།
ཁྲྀ་འི་ནྀ་སྲོང་བརྩན་ཞིག །                                 ངའི་མིང་ལ་ཁྲི་ཡི་སྲོང་བཙན་ཟེར།།
བློན་གྱྀ་ནི་མྱིང་བ་འདི།།                                    ཁྱེད་བློན་གྱི་མིང་དེ་མ་ཤེས་ན།།
སྟོང་རྩན་ནི་ཡུལ་ཟུང་ཞིག །                             བློན་ཁྱེད་ལ་སྟོང་བཙན་ཡུལ་བཟུང་ཟེར།།
ཆིབས་ཀྱི་མྱོང་བ་འདི།།                                     རྟ་འདི་ཡི་མིང་དེ་མ་ཤེས་ན།།
རྔུལ་བུ་ནི་གཙང་གཙང་ལྟ།།                            རྟ་འདི་ལ་རྔུལ་བུ་གཙང་གཙང་ཟེར།།
གཙང་གཙང་ནི་ཡང་ཡང་ལྟ།།                        རྟ་གཙང་གཙང་ཀུན་གྱི་རྒྱན་གཅིག་རེད།།
ཡུ་བུ་ནྀ་རྗེ་དང་བློན།།                                         ཡང་ཉོན་དང་འུ་ཅག་རྗེ་བློན་པོ་ཚོ།།
ཡར་མོ་ནི་ཆུ་ཐུངས་ཀྱིས།།                                 སྔར་ཡར་ཀླུང་གཙང་པོ་སྣ་ཐུང་ཡང་།།
མདོ་ནས་ནི་རྩང་དུ་བསྲིང་།།                             དུས་ད་ལྟ་མདོ་ནས་ཕུ་རུ་བསྲིངས།།
ཡར་མོ་ནྀ་ཞིང་ཆུངས་ཀྱིས།།                              སྔར་ཡར་ཀླུང་གཙང་པོ་ཞེང་ཆུང་ཡང་།།
ལྷོ་ནས་ནྀ་བྱང་དུ་བསྐྱེད།།                                   དུས་ད་ལྟ་ལྷོ་ནས་བྱང་དུ་བསྐྱེད།།
མ་ཐུན་ནྀ་མཐའ་བཞི་རྒྱལ།།                                ཕྱོགས་མི་མཐུན་བཞི་ལས་རྣམ་པར་རྒྱལ།།
ཡུ་བུ་ནྀ་རྗེ་དང་བློན།།                                            ངོ་མཚར་རོ་འུ་ཅག་རྗེ་དང་བློན།།
རྗེ་འྀས་ནྀ་འབངས་དང་མ་གཏང་།།                    ད་ཕྱིན་ཆད་རྗེ་ཡིས་འབངས་མི་གཏོང་།།
རྗེ་འྀས་ནྀ་འབངས་བཏང་ན།།                              ལར་བཙན་པོ་ང་ཡིས་འབངས་བཏང་ན།།
གནམ་མཐའྀ་ནི་སྲུང་དུ་རུང་།།                             སྟེང་ནམ་མཁའི་ལྷ་ཡི་བཀའ་ཆད་ཕོག །
འབངས་ཀྱིས་ནྀ་རྗེ་མ་གཏང་།།                             ཁྱེད་བློན་འབངས་རྣམས་ཀྱིས་རྗེ་མ་གཏོང་།།
འབངས་ཀྱིས་ནི་རྗེ་བཏང་ན།།                               ཁྱེད་བློན་འབངས་རྣམས་ཀྱིས་རྗེ་བཏང་ན།།
ངས་པོ་ནྀ་རྨད་དུ་རུང་།།                                         ང་བཙན་པོས་བཀའ་བཀྱོན་འབེབས་སུ་རུང་།།
   འདི་ལས་གང་ཞིག་ཤེས་ཐུབ་པར་ཅེ་ན། མགར་སྟོང་བཙན་རྒྱལ་པོ་ལ་ནམ་ཞར་བློ་དཀར་ཞིང་སྙིང་ཉེ་བ། རྒྱལ་པོས་ཅི་གསུང་བཀའ་བཞིན་བསྒྲུབ་པ། འགྲན་བྲལ་གྱི་ཐབས་བཀོད། གཞན་ཕན་གྱི་ལྷག་བསམ་དང་བླ་མེད་ཀྱི་མཐུ་ནུས་སོགས་ཀྱིས་བོད་ཀྱི་ཡུལ་ཁམས་ཆུང་ངུ་དེ་རྒྱ་བསྐྱེད་བྱས་ནས་ཤར་རྒྱ་ནག་དང་ལྷོ་བལ་བོ། ནུབ་ལི་ཡུལ། བྱང་གྲུ་གུ་སོགས་སུ་གཏུགས་ཚུལ། རྗེ་བློན་བར་གྱི་ལྷད་མེད་ཀྱི་མཛའ་བཤེས། མགར་སྟོང་བཙན་གྱི་མཛངས་དང་སྙན་གྲགས་སོགས་རྒྱ་ཆེར་མཛད་ཡོད་པ་སོགས་བརྗོད་ཡོད།  དེར་མ་ཟད་ལོ་རྒྱུས་སྨྲ་པ་བློ་མཐུན་ཧྥན་ཝུན་ལུན་གྱིས་ཀྱང “བཙན་པོ་སྐུན་ཕྲ་བས་བློན་ཆེན་སྟོང་བཙན་གྱིས་སྲིད་བསྐྱངས་པ་དང་། སྲོང་བཙན་གྱི་རྒྱལ་ཁབ་འཛུགས་པའི་བྱ་བཞག་གི་རྒྱུན་བསྐྱངས་ཏེ་བོད་འདི་སྔར་ལས་ཀྱང་སྟོབས་འབྱོར་མངའ་ཐང་ལྡན་པའི་དུས་སྐབས་སུ་འཕེལ་རྒྱས་འགྲོ་རུ་བཅུག་པ་དང་། སྟོང་བཙན་གྱི་བྱས་རྗེས་ཧ་ཅང་ཆེ་བ་ཞིག་ནི་བོད་ཀྱི་ཞིང་ལ་ཕྱིང་རིལ་བགྱིས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་བཙུགས་པ་དེ་རེད”ཅེས་པ་དང་།  གཞན་རྒྱའི་གནའ་རབས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང“མགར་སྟོང་བཙན་ཡུལ་བཟུང་ལ་ཡི་གེར་རྨོངས་ཀྱང་རང་བཞིན་གྱིས་རིག་པ་རྣོ་ཞིང་ངང་ཚུལ་བརྟན་ལ། གཡུལ་གྱི་བྱ་བར་མཁས། བྷོད་པ་རྣམས་ཀྱིས་རྒྱབ་རྟེན་ཁོ་ལ་བཅོལ་ཏེ་རྒྱལ་ཁབ་སྟོབས་འབྱོར་ཆེར་གྱུར་པ་ཡིན”ཞེས་ཚད་མཐོན་པོའི་སྒོ་ནས་གདེང་འཇོག་བྱས་ཡོད་པ་སོགས་ལ་གཞིགས་ན་བློན་པོ་མགར་ཁོང་ནི་རང་མི་རིགས་མ་ཟད་རྒྱ་མི་རིགས་ཀྱིས་ཀྱང་ཁོང་གི་མཛངས་དེ་ལ་ཡིད་སྨོན་དང་ཡི་རང་བྱེད་བཞིན་ཡོད་པ་སོགས་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་པ་དང་། སྐབས་དེར་བློན་པོ་ཁོང་ཡང་བཙན་པོ་གློ་བ་ཤིན་ཏུ་ཉེ་བ་དེ་ཁོང་གིས་ཕྱིར་ཁྲི་སྲོང་བཙན་ལ་བླངས་པའི་མགུར་ལས་ཀྱང་མཚོན་ཐུབ་སྟེ།
རྗེ་འྀས་ནི་བཀའ་སྩལ་པ།།                                  རྗེ་ཁྱེད་ཀྱི་བཀའ་གསུང་བསྩལ་པ་ན།།
གཞའ་པྱྀ་ནི་ཡུན་གྱི་སྲིང་།།                                 ངེད་ཉམས་ཆུང་འབངས་ཀྱིས་ཡུན་དུ་བརྩི།།
བྱ་འྀས་ནི་ཞུ་པུབ་པ།།                                          བྱ་མོས་སྒྲོ་གུར་ཕིབ་ནས་ནི།།
ལ་པྱི་ནྀ་གདང་སུ་དྲོ།།                                          བྱ་ཕྲུག་གཤོག་འོག་རུམ་ན་དྲོ།།
གློ་བ་ནྀ་མང་ཀུ་རྒྱ།།                                             འབངས་གློ་བ་ཁྱེད་ལ་ཉེ་བ་དེ།།
ནམས་ཀྱང་ནྀ་ཡར་མྱི་པོ།།                                 ནམ་ཡིན་ཡང་གྱེན་ལ་འཕྱ་མི་སྲིད།།
གད་ཀྱྀ་ནི་གསེར་པོ་ཆེ།།                                     རྟ་འདོ་བ་རིན་ཆེན་གསེར་སྒ་ཅན།།
ནམས་ཀྱང་ནྀ་པྱིང་བ་འྀ་བཅུད།།                     ནམ་ཡིན་ཡང་ཕྱིང་བ་མཁར་གྱི་རྒྱན།།
རྗེ་འྀས་ནི་འབངས་མ་གཏང་།།                          ཁྱེད་རྗེ་ཡིས་ངེད་ཅག་འབངས་མ་གཏོང་།།
རྗེ་འྀས་ནི་འབངས་བཏང་ན།།                           ལར་རྗེ་བོས་འབངས་རྣམས་བཏང་བ་ན།།
བྱ་བང་ནྀ་ཐང་ལ་ཐས།།                                      བྱ་ཚང་མེད་ཐང་ལ་འཁྱམས་དང་མཚུངས།།
འབངས་ཀྱིས་ནྀ་རྗེ་མ་གཏང་།།                          ངེད་འབངས་ཀྱིས་རྗེ་བོ་ཁྱེད་མི་གཏོང་།།
འབངས་ཀྱིས་ནྀ་རྗེ་བཏང་ན།།                           ལར་འབངས་ཀྱིས་རྗེ་བོ་ཁྱེད་བཏང་ན།།                                                                                                 
འཇོན་མོ་ནྀ་ཤིང་ཀ་རེབས།།                               བྱིའུ་འཇོལ་མོ་ཤིང་རྩེར་རེངས་པ་འདྲ།།
སང་པྱི་ནྀ་གནངས་སླད་ན།།                               སང་ནངས་ཀའི་ཉིན་མོ་ཕན་ཆད་ནས།།
ནམ་ནམ་ནྀ་ཞ་ཞ་རུ།།                                          དུས་ནམ་ནམ་ཞ་ཞ་ག་ལ་ཡང་།།
རི་གང་ནྀ་ཁུས་བཏབ་ཀྱང་།།                             རི་ལུང་བ་ཁུས་སྒྲས་ཁེངས་ན་ཡང་།།
བྱ་པུ་ནྀ་ཁུས་མ་གཏབ།།                                     ལུང་བྱ་པུ་ཁུས་སྒྲས་ཁེངས་དོན་མེད།།
ལུང་གང་ནྀ་རྟས་བཆགས་ཀྱང་།།                    རྟ་ཞོན་ནས་ཕྱོགས་བཞིར་འགྲོ་དགོས་ཀྱང་།།
གསེར་གད་ནི་རྟས་མ་བཆག །                          སྒ་གསེར་སྒ་རྟ་ཡིས་ཅི་ལ་གཅོག །
མོལ་མོལ་ནྀ་འཆམ་འཆམ་ན།།                         ངེད་རྗེ་བློན་མོལ་ནས་འཆམས་པ་ན།།    
བཀའ་མཆིད་ནྀ་མྱིས་མྱི་མཉན།།                      གསུང་བཀའ་མཆིད་ཇི་བཞིན་སྒྲུབ་པ་ལས།།
འཆམ་འཆམ་ནྀ་འདྲུལ་འདྲུལ་ན།།                   གཡོ་ཕྲ་མ་ལྟ་བུ་ཅི་ལ་གསན།།
ཆགས་ལམ་ནྀ་ཆུས་མི་སྦང་།།                            ངེད་རྗེ་བློན་འཆམ་ཞིང་གནས་པ་ན།།
                                                                                 རྐང་ཆགས་ལྷམ་ཆུང་ཆུ་ཡིས་བངས་དོགས་མེད།།
          ཅེས་པ་འདི་ལས་མགར་སྟོང་བཙན་ཡུལ་བཟུང་གིས་རང་ཉིད་རྒྱལ་པོ་ལ་གློ་བ་ཉེ་ཞིང་། བཙན་པོས་བཀའ་གསུང་ཅི་གནང་དང་ལེན་བྱས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་སྲིད་སྐྱོང་བར་རང་ནུས་ཅི་ལྕོགས་ཀྱིས་གྲོགས་དན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པའང་ཤེས་ཐུབ་པའོ།།
         ཕྱིས་སུ་མང་སྲོང་མང་བཙན་སྐུ་ན་ཕྲ་བའི་རྐྱེན་པས་ཁོང་གིས་ལྷག་བསམ་རྣམ་དག་གིས་བཙན་པོ་མང་སྲོང་མང་བཙན་ལ་ཆབ་སྲིད་འཛིན་རོགས་བྱས་ཏེ་ལོ་ངོ་བཅོ་བརྒྱད་ཕྱིན་པའི་རིང་དུ་བླ་ན་མེད་དུ་བྱས་རྗེས་རབས་དང་རིམ་པ་བཞག་ཡོད་པ་ལས་རེ་གཉིས་ཤིག་དྲངས་ན་འདི་ལྟ་སྟེ། སྤྱི་ལོ་༦༥༢ལོར། ཁོང་གིས་བློན་ཆེན་གྱི་འགན་བཞེས་ཏེ་གློ་བོའི་ཡུལ་དང་རྩང་རྷཡཱ་བོད་ཀྱི་མངའ་འོག་ཏུ་བཅུག་ནས་བོད་ཀྱི་མངའ་ཁོངས་འདི་མུ་མཐུད་དུ་རྒྱ་བསྐྱེད་བཏང་བ་དང་། སྤྱི་ལོ་༦༥༣ལོར་གཡུག་ཅེས་བྱ་བའི་ས་ཆར་ཤ་ཁྲལ་འཇལ་བའི་ལམ་ལུགས་ཐོག་མར་བཙུགས་པ་དེས་བོད་སྤྱིའི་ཐུན་མོང་གི་དཔལ་འབྱོར་འཚོ་བ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མཚོན་ཐུབ་ཐོག  ཁོང་གིས་ཤ་ཁྲལ་བསྡུས་བ་དེས་བོད་ཀྱི་དཔལ་འབྱོར་མུ་མཐུད་དུ་གོང་འཕེལ་དུ་གཏོང་རྒྱུར་གཞོགས་འདེགས་དང་ཤུགས་སྣོན་བྱེད་ཀྱིན་ཡོད།   སྤྱི་ལོ་༦༥༤ལོར། བློན་པོ་མགར་སྟོང་བཙན་གྱིས་མོང་ཡུལ་གྱི་པུ་སྲལ་འཛོང་དུ་འདུན་མ་བསྡུས་ཏེ་རྒོད་གཡུང་གི་དབྱེ་བ་བཀར་ཏེ་ཁྱིམ་གྲངས་བརྩི་བའི་མགོ་ཚུགས་པ་འདིས་བོད་ཀྱི་སྲིད་དབང་འདི་སྲ་བརྟན་བཏང་ནས་བོད་བཙན་པོའི་རྒྱལ་རབས་འདི་ཡུན་གནས་དང་གོང་འཕེལ་གཏོང་བར་རྨང་གཞི་བཏང་སྟེ།  ཁོང་གིས་ཐུན་མིན་གྱི་ཐབས་དང་ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐད་གཞན་གྱིས་འགྲན་ཟླ་བྲལ་བའི་བྱས་རྗེས་རླབས་ཆེན་བཞག་ཡོད་པ་རེད།
          དེའི་འཕྲོར་བཙན་པོ་འདུས་སྲོང་མང་པོ་རྗེའི་རིང་ལ་མགར་སྟོང་བཙན་ཡུལ་བཟུང་འབྲས་ནད་ཀྱིས་སྐུ་གཤེགས་སྟབས། ཁོང་ལ་བུ་བཞི་ཡོད་པའི་ཆེ་བ་མགར་བཙན་སྙ་ལྡོམ་བུ་ཕའི་གོ་གནས་ལ་བསྐོས་ནས་ཆབ་སྲིད་བཟུང་ཞིང་། མགར་ཁྲི་འབྲིང་དང་བཙན་བྲོད། གུང་རྟོན་གསུམ་གྱིས་དམག་དཔོན་བྱས། བཙན་པོ་འདི་ཉིད་སྐུ་ན་ཕྲ་དུས་སྲིད་ཁྲིར་འཁོད་པས་ཡུམ་འབྲི་བཟའ་ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་འགན་དབང་གཙོ་བོ་བསྐྱངས་པ་དང་། མགར་བཙན་སྙ་ལྡོམ་བུས་དེའི་ཞོར་དུ་ཆབ་སྲིད་སྐྱོང་རོགས་མཛད། དེང་གི་ལོ་རྒྱུས་སྨྲ་བ་རེ་འགས་མགར་གྱི་དབང་ཆ་དེ་བཙན་པོ་ལས་མངོན་པར་མཐོ་ཡི་ཞེས་པའི་རྒྱུ་མཚན་དུ། སྤྱི་ལོ་༦༨༨ལོར་མགར་བུའི་མིང་ཐོག་ནས་བཙན་པོའི་སྲས་མོ་ཁྲི་མོ་སྟེངས་བྱ་བ་དྭགས་ཡུལ་གྱི་རྗེ་བོར་གནས་ལ་བརྫངས་ཤིང་། དེའི་ཕྱི་ལོ་སྟེ་སྤྱི་ལོ་༦༨༩ལོར་བཙན་པོའི་སྲས་མོ་ཁྲི་པངས་བྱ་བའང་འ་ཞའི་རྗེ་ལ་བག་མར་བསྐྱལ་ཞེས་པ་དེ་འདྲོང་གི་འདུག   ཡིན་ནའང་ཁོ་བོ་ལྟ་ཚུལ་འདི་དག་འདི་ལ་ཅུང་ཟད་འཐད་པ་མིན་ཏེ། བློན་ཆེན་མགར་བཙན་སྙ་ལྡོམ་བུས་ཀྱང་ཆབ་སྲིད་ཀྱི་དགོས་དབང་ལ་གཞིགས་ནས་སྔར་སྲོལ་ལྟར་ཕྱི་ཕྱོགས་སུ་གཉེན་འབྲེལ་བཙུགས་ཏེ་མངའ་ཁོངས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པའི་ཆེད་དུ་མ་གཏོགས། རང་དོན་རྐྱང་རྐྱང་གི་སྒོ་ནས་འབྲེལ་བ་བཙུགས་པ་ཞིག་མིན་པར་སྙམ་ལ། རང་དོན་རྐྱང་རྐྱང་དང་རང་ཉིད་ཀྱིས་བོད་ཀྱི་སྲིད་དབང་འཛིན་འདོད་ཀྱི་རྔམ་སེམས་ཤིག་བཅངས་ཡོད་པ་ཕྱོགས་གང་ནས་བལྟས་ཀྱང་མི་མངོན་ནོ།། ཡང་ལ་ཤས་ཤིག་གིས་བཙན་པོ་ལ་དམག་བསྡུ་རྒྱུའི་ཁེ་དབང་མེད་པའི་ཚད་གཞིའི་སྟེང་ནས་མགར་ཚང་ལ་བཀྱོན་འབེབ་རྒྱུའི་ཕྱི་རྐྱེན་གྲུབ་འདུག་ཅེས་བརྒྱ་ཁ་གཅིག་གཅོད་དང་བློ་ཐག་རྦད་ཆོད་ཀྱིས་བཤད་ཀྱིན་ཡོད་མོད། འོན་ཀྱང་བློན་མགར་བཙན་སྙ་ལྡོམ་བུ་འདི་ཉིད་དམག་དཔོན་ཆེན་པོ་ཞིག་ཡིན་པའི་ངོས་ཐད་ནས་གཞན་གྱིས་གང་འདོད་དུ་རང་གི་མངའ་འོག་གི་དམག་ལ་བཀོད་འདོམས་བྱེད་དུ་མི་འཇུག་པ་དེར་ཡང་གནས་ལུགས་འདུག་པར་སེམས་ཏེ།  ཁོང་རང་ཉིད་ལ་རང་ཉིད་ཀྱི་དམག་དོན་བཀོད་འདོམས་བྱ་སྟངས་ཤིག་ཡོད་པའི་ཕྱིར་གཞན་ལ་གང་འདོད་དུ་ཐེ་གཏོགས་བྱེད་དུ་མི་འཇུག་པ་དེ་ད་ལྟའི་དམག་དོན་ཨུ་ཡོན་གྱི་འགན་གཙོ་བོ་བཞེས་མཁན་དག་དང་བསྡུར་ན་དེ་ནི་ལུགས་མཐུན་ཞིག་མ་ཟད། དེ་ནི་དམག་དོན་གྱི་ཐད་ཤུགས་སྣོན་དང་འཕེལ་རྒྱས་སུ་འགྲོ་བར་འོས་པའི་བགྲོད་ལམ་གྱི་གདམ་ག་ཞིག་གམ་ཡང་ན་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཀྱང་རེད།  དེ་བས་ན་དམག་དོན་གྱི་ཐད་འགན་འཁུར་མཁན་གྱི་དམག་དཔོན་ཞིག་ལ་མཚོན་ནས་བཤད་ན་དེ་ནི་དེ་ལ་ངེས་བར་དུ་ལྡན་པར་འོས་པའི་དབང་ཆ་ཞིག་རེད་ཅེས་ཁོ་བོས་སྨྲ་བར་སྤོབས།
       གཤམ་ནས་འདུས་སྲོང་གིས་མགར་ལ་བླངས་པའི་མགུར་འདི་ལ་ཅུང་ཟད་དཔྱད་པར་བྱ་སྟེ།
 བྱ་ཕུ་བས་མཐའི་ལུང་ཆུང་ན།།
 འབངས་ཤིག་རྗེ་བོ་བྱེད་པར་འདོད།།
མགར་ཕྲུག་རྗེ་བོ་བྱེད་ལ་རེ།།
སྦལ་བ་གནམ་ལ་འཕུར་འདོད་མེད།།
འབངས་འཁོར་རྗེ་བོ་བྱེད་རེ་བ།།
ཆུ་བོ་གྱེན་དུ་བསྒྱུར་དང་མཚུངས།།
ཕ་བོང་རི་རྩེར་འགྲིལ་ལོ་སྐད།།
བྱ་མདའ་མགར་ཁང་སྐྱ་བོ་དང་།།
འཕྱོངས་རྒྱས་ཕྱིང་བ་སྟག་རྩེ་གཉིས།།
གང་ཞིག་མཐོ་དང་གང་ཞིག་དམའ།།
ཡར་ལུང་ཡར་ལྷ་ཤམ་པོས་མཁྱེན།།
མི་ཡིས་རྟ་ལ་ཕར་བཞོན་ནམ།།
རྟ་ཡིས་མི་ལ་ཚུར་བཞོན་པ།།
ཕྱྭ་ཡི་གཙུག་ལག་མཁན་པོས་མཁྱེན།།
རྩྭ་ཡིས་ཟོར་བ་ཚུར་གཅོད་དམ།།
ཟོར་བས་རྩི་ཏོག་ཕར་གཅོད་པ།།
མ་གའི་དོག་མོ་ས་ཡིས་མཁྱེན།།
   མགུར་འདི་ལས་ཁོ་བོར་ངེས་ཤེས་ཤིག་འདྲོང་འོང་པ་ནི་མགར་ཚང་གིས་ཆབ་སྲིད་དང་དམག་དོན་གྱི་ཐད་གོ་གནས་ངེས་ཅན་བཟུང་ཡོད་པ་སོགས་ཀྱི་རྐྱེན་དུ་མའི་དབང་གིས།  འབྲོ་བཟའ་ཁྲི་མ་ལོད་ཀྱི་སེམས་ལ་འདི་ལྟར་སོང་ཚེ་མགར་ཚང་གི་སྟོབས་ཤུགས་དེས་རང་གི་བུ་སྟེ་ཁྲི་འདུས་སྲོང་གིས་སྲིད་སྐྱོང་བ་ལ་འཇིགས་སྐུལ་བྱེད་པར་དོགས་པ་དང་། དོགས་པ་དེ་རང་ཉིད་གཅིག་པུའི་སེམས་ལ་གནོན་མ་ཐུབ་པར་རང་གི་བུ་བཤད་པ་དང་གཅིག  བཙན་པོ་འདུས་སྲོང་གིས་ཀྱང་རང་གི་ཡུམ་གྱི་བསམ་ཚུལ་དེ་བདེན་ལུགས་སུ་བཟུང་སྟེ་མགར་ཚང་ཕུད་བློན་པོ་གཞན་དག་ལ་གྲོས་བགྱིས་ནས། མཐར་བློན་པོ་རྣམས་ཀྱི་རྒྱབ་སྐྱོར་གྱི་འོག་རང་རྐྱ་འཕེར་བའི་སྒོ་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་འདོད་ཀྱི་འདུན་པས་ཀུན་ནས་སྐུལ་པས་མགར་ཚང་ལ་བཀྱོན་ཕབ་པའམ་ཡང་ན་བཙན་པོ་ཁོང་ཉིད་ནར་སོན་ཏེ་རང་མགོ་ཐུབ་པ་དང་བསྟུན་ནས་མགར་སྟོང་བཙན་གྱི་བུ་རྒྱུད་རྣམས་ལ་བསྙད་འདོགས་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་ཚར་བཅད་པ་རེད།   དེ་<<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>>ལས་ཤེས་ཐུབ་སྟེ།  “དེ་ནས་ཁྲི་འདུས་སྲོང་སྐུ་གཞོན་ནུ་ལས་ཆེར་སྐྱེས་ཏེ་རྒྱལ་ཁབ་ཀྱི་དབང་འཛིན་པར་དགོངས་ཤིང་། རིམ་གྱིས་ཐུགས་མ་བདེ་བར་བློན་ཆེན་ལོན་ཡོན་སོགས་དང་ལྷན་དུ་ཁྲི་འབྲིང་དབྱུང་ན་སྙམ། ཁྲི་འབྲིང་གིས་དཔུང་བཏེགས་ཏེ་ཕྱི་རོལ་ཏུ་སྡོད་པ་ལ། བཙན་པོས་རི་དྭགས་རྔོན་པར་ལྗགས་གཡར་ཏེ་གཡུལ་བསྲེས་ནས་ཁྲི་འབྲིང་གི་འཁོར་ཉིས་སྟོང་ལྷག་བསད་ཅིང་། ཕོ་ཉ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་ལ་སྐད་བཏང་ཡང་། ཁྲི་འབྲིང་གིས་བཀའ་མ་བརྩིས། དེ་བས་བཙན་པོས་དཔུང་སྣ་དྲངས། དམག་མ་འཐབ་པར་ཁྲི་འབྲིང་གི་དཔུང་འཐོར་བ་དང་། ཁྲི་འབྲིང་གིས་རང་སྲོག་བཅད། མི་བརྒྱ་ཕྲག་ལྷག་ཁྲི་འབྲིང་དང་བསྡེབས་ནས་གུམ”ཞེས་པ་འདིར་གཞིགས་ན།  གལ་སྲིད་མགར་ཚང་བཙན་པོ་དང་བློ་ལོག་ཡོད་པའི་དབང་དུ་བཏང་ཚེ། མཐའ་གཅིག་ཏུ་གདོང་མཆོངས་བྱས་ན་མགར་ལ་དམག་སྟོབས་ཆེ་བས་རྒོལ་ལན་སྤྲོད་མི་ཐུབ་པའི་ངེས་པ་ག་ལ་མཆིས། ཡིན་ནའང་ཁོང་གིས་རང་སྲོག་བཅད་པ་དང་ཞར་ལ་མི་བརྒྱ་ལྷག་གིས་རང་སྲོག་བཅད་པ་དེས་ཉེས་མེད་ལ་ཉེས་འདོགས་དང་མ་ཉེས་ཁ་གཡོག་ཐེབས་རྐྱེན་འུ་ཐུག་ཐབས་ཟད་དུ་གྱུར་སྟེ་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བཅད་པ་རེད། གཞན་བཙན་པོས་ཕོ་ཉ་མངགས་ཏེ་ཁྲི་འབྲིང་དང་བཙན་བྲོད་ལ་སྐད་བཏང་ཡང་། ཁྲི་འབྲིང་གིས་བཀའ་མ་བརྩིས་ཞེས་པ་འདིས་སྲོང་བཙན་སྒམ་པོའི་རིང་ལ་ཁྱུང་པོ་སྤུང་ཟད་ཟུ་ཙེས་བཙན་པོ་དང་བློན་པོ་མྱང་ཞང་སྣང་དབར་ལ་ཕྲ་མ་བཅུག་ནས་བྱུང་བའི་ཡིད་སྐྱོ་བའི་མཇུག་འབྲས་དེ་ལྟ་བུ་ལས་མ་འདས་པས་ཡང་བསྐྱར་ངལ་བ་མ་བྱས་སོ།།
           དེ་ནས་བཙན་པོ་འཁོར་དང་བཅས་པས་མགར་ཚང་ལ་བཀྱོན་ཕབ་རྗེས། བཙན་བྲོད་ཀྱིས་རང་གི་འཁོར་དང་གཅེན་པོའི་བུ་མང་པོ་རྗེ་ཁྲིད་དེ་ཐང་གི་ཁབ་ཏུ་བྲོས་པ་ལ། གོང་མའི་སྐུ་སྲུང་ཆིབས་དམག་གིས་བསུས། བཙན་བྲོད་ལ་ཐེ་ཅིན་(特进)དང་ཧྥུའུ་གོ་དམག་དཔོན་ཆེན་མོ།(辅国大将军) ཀོས་ཏེ་ཅུན་ཝང་(归德郡王)སོགས་ཀྱི་ཆོ་ལོ་སྦྱར། མང་པོ་རྗེ་ལ་གོང་མའི་སྐུ་སྲུང་ཆིབས་པའི་དམག་དཔུང་གཡོན་རུའི་དམག་སྤྱི་ཆེན་མོ་དང་། ཨན་གོ་གུང་(安国公)གི་ཆོ་ལོ་གནང་། ཁོང་གཉིས་ལ་ལྕགས་ཀྱི་ཡི་གེའང་གནང་། སྐྱེས་མང་པོ་བསྩལ། བཙན་བྲོད་ཀྱིས་རང་གི་དཔུང་དྲངས་ཏེ་ཧི་ཡོན་(河源)སྲུང་བ་དང་། འདས་རྗེས་ཨན་ཞི་ཏ་ཏུའུ་ཧུའུ་(安西大都护)ཞེས་བྱའི་ཆོ་ལོ་གནང་བ་སོགས་ནི་ཁོ་བོས་ནམ་ཡང་རང་མི་རིགས་ཀྱི་ཕམ་ཁ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། ཡིན་ནའང་།  དེ་ནི་བོད་ཀྱི་གཏམ་དཔེར“བླ་མ་ཡོད་དུས་དད་པ་མེད།། དད་པ་ཡོད་དུས་བླ་མ་མེད།།” ཅེས་པ་དང་།  <<ཚངས་མགུར>>ལས།  “ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་ཡོང་།། ”ཞེས་པ་ལས་མ་འདས་སོ།།
           གསུམ་པ།  མཇུག་བསྡུ་བའི་གཏམ་དང་འབྲེལ་བའི་བློ་སྐྱེད།
         ཡིད་ཕངས་པ་ཞིག་ལ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཙན་པོའི་ཆབ་སྲིད་ལ་ཐེ་གཏོགས་དང་བཀོད་འདོམས་བྱས་པ་དེ་ནི་བོད་བཙན་པོའི་རྒྱལ་རབས་རིམ་བྱུང་དུ་མཚན་སྙན་གྱི་དབྱར་རྔ་འབུམ་གྱིས་འཛམ་གླིང་ས་ཡི་དཀྱིལ་འཁོར་འདར་བར་བྱེད་དུ་བཅུག་མྱོང་བའི་མགར་གྱི་གདུང་རྒྱུད་དེ་ལ་གུ་ཡངས་དང་བཟོད་སྒོམ་མེད་པར་བཀྱོན་ཕབ་པའི་རྒྱུ་རུ་གྱུར་བ་ཞིག་ཏུ་སྣང་། གལ་སྲིད་བཙན་པོ་འདིའི་རིང་དུའང་བཙན་པོ་སྲོང་བཙན་སྒམ་པོའི་སྒམ་དཀྱེལ་གྱི་སྙིང་སྟོབས་དང་བླ་མེད་ཀྱི་ཤེས་རབ་ལས་འཁྲུངས་པའི་བཀའ་གྲོས་ཆེན་པོ་དྲུག་གི་ནང་ཚན་མོ་བཙུན་གྱི་བཀའ་ལ་མི་གདགས་པའི་ཁོད་འདི་ལ་གཙིགས་ཆེན་དང་དོ་ཁུར་བྱས་ཡོད་ཀྱི་ན། མགར་གྱི་གདུང་རྒྱུད་འདིས་བཙན་པོ་འདི་པའི་རིང་དང་ཕྱིས་ཀྱི་བོད་བཙན་པོའི་རྒྱལ་རབས་དག་ཏུ་སྲིད་འབྱོར་རིག་གསུམ་སྔར་ལས་འཕེལ་རྒྱས་འགྲོ་བ་དང་། གོང་སྨྲས་བཞིན་རང་ཉིད་ཀྱིས་འགན་བཞེས་ཡོད་པའི་དབང་ཆ་དེ་ལ་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག་པར་བྱས་ཏེ་བོད་ཀྱི་ཆོས་དང་སྲིད་གཉིས་ཀྱི་ཐད་ཀྱང་ཆོས་དེ་སྲིད་ལ་འདྲེས་པ་དང་སྲིད་དེ་ཆོས་ལ་འདྲེས་ནས་ཆོས་མིན་སྲིད་མིན་དུ་མི་འགྱུར་བར་མ་ཟད། ཆོས་ཆོས་བཞིན་དུ་སྐྱོང་བ་དང་སྲིད་སྲིད་བཞིན་དུ་སྐྱོང་རྒྱུའི་ཐད་ལའང་ཁྱད་དུ་འཕགས་པའི་དགེ་མཚན་ཞིག་མངོན་པར་གདོན་མི་ཟའོ།།
སྨྲས་པ།
བོད་རྗེ་ཁྲི་སྒྲ་དཔུང་བཙན་སྐུ་རིང་ནས།།
བྱས་རྗེས་བླ་མེད་མཛད་མྱོང་མགར་གྱི་རྒྱུད།།
བཙན་པོ་འདུས་སྲོང་མང་རྗེའི་སྐུ་དུས་སུ།།
མགར་གྱི་རྒྱུད་འདི་ཚར་བཅད་ཕངས་བའི་གནས།།
          བཞི་པ།  མགར་གྱི་བུ་བཞིའམ་ལྔའི་མིང་གི་འབྲི་སྲོལ་ཟུར་བཀོད།
   དེབ་ཐེར་དཀར་པོ།        དེབ་ཐེར་དཔྱིད་ཀྱི་འགྲེལ་བ་ལས།     དུང་དཀར་ཚིག་མཛོད་ཆེན་མོ།    ཐང་ཡིག་གསར་རྙིང་།    བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག
  མགར་བཙན་སྙ་ལྡོམ་བུ།    མགར་བཙན་སྙ་ལྡོམ་བུ།                 མགར་བཙན་སྙ་ལྡོམ་བུ།                མགར་ཁྲི་འབྲིང་།            མགར་བཙན་སྙ་ལྡོམ་བུ།
  མགར་ཁྲི་འབྲིང་བཙན་བྲོད།  མགར་ཁྲི་འབྲིང་།                          མགར་ཁྲི་འབྲིང་།                             མགར་བཙན་བྲོད།          མགར་ཁྲི་འབྲིང་།
   བློན་ཟི་མདོ་ཡེ།                         མགར་བཙན་བྲོད།                       མགར་བཙན་བྲོད།                           བློན་ཟི་མདོ་ཡེ།                མགར་བཙན་བྲོད།
   བློན་འབལ་བློན།                      མགར་བཙན་ཉེན་གུང་རྟོན།        བློན་ཟི་མདོ་ཡེ།                                 པོ་ལོན་ནོ།                          བློན་ཟི་མདོ་ཡེ།
                                                                                                                    བློན་འབལ་བློན།
           ལྔ་པ།  བཙན་པོ་རྒྱལ་རབས་སྐབས་ཀྱི་མགར་རྒྱུད་ཀྱི་བློན་པོ་རིམ་བྱོན་གྱི་རེའུ་མིག
          བཙན་པོའི་མིང་།                     ༼མགར༽བློན་མིང་།
          ཁྲི་སྒྲ་དཔུང་བཙན།                  མགར་སྒྲ་ཛི་མུ།
          ཁྲི་ཐོག་རྗེ་བཙུན།                      མགར་གཉའ་བཙན་ལྡེམ་བུ།
          ཁྲི་གཉན་གཟུང་བཙན།           མགར་ཁྲི་འབྲིང་།
          གནམ་རི་སྲོང་བཙན།
          སྲོང་བཙན་སྒམ་པོ།                 མགར་མང་ཞམ་སུམ་སྣང་།
          སྲོང་བཙན་སྒམ་པོ།
          མང་སྲོང་མང་བཙན།             མགར་སྟོང་བཙན་ཡུལ་བཟུང་།
          འདུས་སྲོང་མང་པོ་རྗེ།            མགར་བཙན་སྙ་ལྡོམ་བུ། ཁྲི་འབྲིང་། བཙན་བྲོད། གུང་རྟོན།
             དྲུག་པ། དཔྱད་གཞིའི་ཡིག་ཆ།
 ༼དེབ་ཐེར་དམར་པོ།༽                    ཚལ་པ་ཀུན་དགའ་རྡོ་རྗེ།       མི་རིགས་དཔེ་སྐྲུན་ཁང་།
༼ དེབ་ཐེར་དཀར་པོ ༽                    དགེ་འདུན་ཆོས་འཕེལ།          མི་རིགས་དཔེ་སྐྲུན་ཁང་།
༼རྒྱལ་རབས་གསལ་བའི་མེ་ལོང་།༽                               ས་སྐྱ་བསོད་ནམས་རྒྱལ་མཚན།    མི་རིགས་དཔེ་སྐྲུན་ཁང་།
༼ དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་ཕྱོགས་བསྒྲིགས།༽        དཔལ་དོན་གྲུབ་རྒྱལ།                    མི་རིགས་དཔེ་སྐྲུན་ཁང་།
༼ པདྨ་རཱ་གའི་ལྡེ་མིག༽                                              ཐུབ་བསྟན་ཕུན་ཚོགས།                      མི་རིགས་དཔེ་སྐྲུན་ཁང་།
༼ བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།༽                              རྒྱལ་མོ་འབྲུག་པ།                               མི་རིགས་དཔེ་སྐྲུན་ཁང་།
                                  
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་པོ་མགར་ཚང་རོབ་ཙམ་གླེང་བ།

2012-06-21 ཀླུ་ཚང་བྱམས་པ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།