དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༥

  ནུབ་ཕྱོགས་ཀྱི་དངོས་གཙོ་པ་དང༌། སེམས་གཙོ་སྨྲ་བའི་མཁས་པ་བྱེ་བྲག་པ་འགའ་རེའི་འདོད་ཚུལ་ཆུང་ཚགས་རེ་དང་འགྲིག་མིན་གྱི་སྒོ་ནས་དཔྱད་པ་བརྗོད་པ་ལ་དགོས་ནུས་ཅི་ཡང་མེད། དེ་ལྟར་བྱས་ན་བོད་སྔ་མ་རྣམས་ཀྱིས་འདོད་པའི་སེམས་ཙམ་པ་དེ་སྤྱིར་སེམས་གཙོ་པ་དང༌།
 
  སྐད་ཆ་འདིའང་བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་མེད་པའི་གཏམ་སྟེ།     བོད་སྔ་མ་ཞེས་པའི་ཚིག་འདི་རྗེ་ཙོང་ཁ་བའི་སྔོན་གྱི་དབུ་མ་བ་མང་པོར་བཤད་པ་སྟེ།  རྒྱུ་མཚན་རྗེའི་དགོངས་པར་བོད་སྔ་མ་མང་པོ་ཞིག་གིས་དབུ་མ་ཐལ་འགྱུར་བ་དང་རང་བརྒྱུད་པའི་ཁྱད་པར་གསལ་བོར་མ་ཤེས་པའམ།    སྟོང་ཉིད་བཤད་པའི་སྐབས་སུ་དགག་བྱ་ཁྱབ་ཆེ་བའམ།   ཡང་ན་དགག་བྱ་ཁྱབ་ཆུང་བ་སོགས་སྐྱོན་ཡོད་པས་ན།   བོད་སྔ་མའི་ལུགས་དགག་པ་ཡིན་གྱི།   སེམས་ཙམ་བཤད་པའི་སྐབས་སུ་བོད་སྔ་མ་དང་བོད་ཕྱི་མ་དབྱེ་བའི་དགོས་པ་ཅི་ཡོད།     ཁྱོད་ཀྱིས་བོད་སྔ་མ་རྣམས་ཀྱིས་འདོད་པའི་སེམས་ཙམ་ཞེས་ལོགས་སུ་དགར་བར་བལྟས་ན།   བོད་དུ་དར་བའི་སེམས་ཙམ་ལ་སྔ་དར་དང་ཕྱི་དར་གཉིས་དགོས་འདུག་པས་རེ་རེ་ནས་ཤོད་ཅིག      

  བྱེ་བྲག་ཏུ་ཉམས་མྱོང་སེམས་གཙོ་སྨྲ་བའི་ལུགས་སུ་སྣང་སྟེ། རྣམ་པར་ཤེས་པ་ཙམ་ཞིག་རིགས་གཞན་ལ་ལྟོས་མེད་དུ་གྲུབ་པ་དང༌། དོན་དུ་སྣང་བ་ཐམས་ཅད་གང་ཟག་སོ་སོའི་སེམས་ཀྱིས་བསགས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་མ་གཏོགས། སེམས་ལས་ལོགས་སུ་ཚུགས་ཐུབ་ཏུ་མེད་ཅིང༌། སེམས་ཀྱི་བག་ཆགས་ཟད་པ་ན་མ་དགག་རང་ཡལ་དུ་འགྲོ་བར་འདོད་ལ། སེམས་གཙོ་སྨྲ་བར་འཇོག་པ་ལ་དེ་བས་ལྷག་པའི་ཆ་རྐྱེན་ཅི་ཡང་བརྩི་རྒྱུ་མེད། གྲུབ་མཐའ་གཞན་གསུམ་དང་དགེ་ལྡན་པའི་འདོད་ལུགས་ཀྱི་སེམས་ཙམ་པ་དང་བཅས་པ་ནི། བཤད་ཚོད་ཙམ་གྱི་དབང་དུ་བྱས་ན་རྒྱུ་གཉིས་སྨྲ་བའི་ལུགས་ཡིན་ཏེ། བེམ་པོ་ཤེས་པའི་ཉེར་འབྲས་དང༌། ཤེས་པ་བེམ་པོའི་ཉེར་འབྲས་གང་ཡང་མི་འདོད་པར་བེམ་ཤེས་གཉིས་ཀ་ཐོག་མེད་ནས་ད་ལྟའི་བར་དུ་གཤིབ་ནས་འོང་བར་བཤད་པས་སོ། །སོང་ཚོད་ལ་ནི་སྤྱིར་སེམས་གཙོ་སྨྲ་བ་དང༌། ཁྱད་པར་དུ་འཇིག་རྟེན་གསར་གཏོད་སྨྲ་བའི་ཕྱོགས་སུ་སོང་ཡོད་དེ། བེམ་ཤེས་གཉིས་ཀྱི་བར་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་པ་ཞིག་མཐོང་རྒྱུ་ཡོད་ཀྱང༌། རྒྱུ་གཉིས་སྨྲ་བས་ནི་དེའི་སྐོར་ལ་འགྲེལ་བཤད་ཅུང་ཟད་ཀྱང་བྱེད་མ་ཐུབ་པས། ད་གཟོད་ལས་འབྲས་ཀྱི་རྣམ་གཞག་ཁ་གསབ་བརྒྱབ་སྟེ་དེ་གཉིས་ཀྱི་འབྲེལ་བ་ལ་གསལ་བཤད་བྱས་ཡོད། ལས་འབྲས་ཀྱི་རྩ་བ་སེམས་ལ་ཐུག་པའི་དབང་གིས་སེམས་གཙོ་པར་སོང་ཞིང༌། ལས་འབྲས་ཀྱི་འཐད་པ་རྟོག་བཏགས་དང༌། ལྷ་སྒྲུང་ཙམ་ལས་རིགས་པའི་ལམ་ནས་བརྗོད་མ་ཐུབ་པའི་དབང་གིས་འཇིག་རྟེན་གསར་གཏོད་སྨྲ་བར་སོང་བ་རེད། འཇིག་རྟེན་བཀོད་པ་པོ་ཚིག་ཟིན་ལ་ཁས་མ་བླངས་ཀྱང༌། ལས་འབྲས་ཀྱི་ཤུགས་ནས་འཇིག་རྟེན་བཀོད་པ་པོའི་ལམ་དང་ལུགས་སྲོལ་མང་པོ་རང་ཤུགས་སུ་ཐོན་འོང་བ་ཡིན་ཏེ། སྔར་བཤད་ཟིན་པ་ལྟར་སྡིག་པ་གསོག་མཁན་ཚོ་ཤི་ཚར་རྗེས་སུ་ཞིག་གིས་ས་འོག་ཏུ་ཁྲིད་ནས་ཉེས་ཆད་གཅོད་འོང་བ་དང༌། དགེ་བ་སྒྲུབ་མཁན་ཚོ་ནམ་མཁའི་དབྱིངས་སུ་འབད་མེད་ལྷུན་གྲུབ་ཀྱི་འཚོ་བ་རོལ་ཆོག་པ་སོགས་མིང་ལས་འབྲས་སུ་བཏགས་ཀྱང་དོན་བྱེད་པོའི་བཀོད་སྒྲིག་ལས་འགྲོ་ས་མེད་པ་དེ་འདྲ་མང་པོ་ཡོད་པ་རེད། དཔེར་ན་སྣོད་ཀྱི་འཇིག་རྟེན་འཇིག་པའི་སྐབས་སུ། འཇིག་རྒྱུ་རང་སྟེང་ནས་ཚང་མི་དགོས་པར་འཇིག་པའི་དུས་ལ་སླེབ་དུས་འཇིག་བྱེད་ཀྱི་ཉི་མ་དྲུག་རང་གར་གཞན་ཞིག་ནས་ཐོན་འོང་བ་ལྟ་བུ་རེད། གཞན་པས་དཀོན་མཆོག་མཉེས་ན་ལྷ་ཡུལ་དང༌། མ་མཉེས་ན་དམྱལ་ཁམས་སུ་ལྷུང་འགྲོ་བར་བཤད་མོད། དཀོན་མཆོག་ཁོང་དགེ་བ་བྱས་ན་མཉེས་ཤིང་སྡིག་པ་བསགས་ན་མི་མཉེས་པར་བཤད་པས་གནད་གཅིག་ཏུ་བབས་ཡོད། ཕྱུགས་ཀྱི་མཆོད་སྦྱིན་སོགས་དཀོན་མཆོག་མཉེས་བྱེད་དུ་བཤད་པ་ནི། དགེ་སྡིག་ངོས་འཛིན་ཚུལ་མ་འདྲ་བ་ཙམ་ལས་དགེ་སྡིག་ཁས་ལེན་མིན་གྱི་ཁྱད་པར་མིན། མདོར་ན་གོང་གི་སངས་རྒྱས་པའི་གྲུབ་མཐའ་དེ་གསུམ་པོས་འཇིག་རྟེན་འདི་ཅི་ཞིག་ཡིན་ཞེས་པ་དང༌། འཇིག་རྟེན་འདི་གང་ནས་བྱུང་ཞེས་པའི་དྲི་བ་གཉིས་ལ་རྒྱུ་གཉིས་སྨྲ་བའི་ལུགས་ལྟར་ལན་བཏབ་པ་དང། འཇིག་རྟེན་འདི་ཇི་ལྟར་ཡིན་ཞེས་པ་དང༌། འཇིག་རྟེན་འདི་ཅིའི་ཕྱིར་བྱུང་ཞེས་པའི་དྲི་བ་གཉིས་ལ་འཇིག་རྟེན་གསར་གཏོད་སྨྲ་བའི་ལུགས་ལྟར་ལན་བཏབ་པ་ཡིན་པར་ཤེས་དགོས།

  གོང་གི་སྐད་ཆ་དག་ལས་ཁོས་སྡོམ་ཚིག་གཉིས་བཀོད་ཡོད་པ་ནི།  
༡    བོད་སྔ་མས་བཤད་པའི་སེམས་ཙམ་པ་ནི་སེམས་གཙོ་སྨྲ་པ་ཡིན་ལ།  དེ་ལས་ཀྱང་ཉམས་མྱོང་སེམས་གཙོ་སྨྲ་བ་ཡིན་པ།   
༢     བྲེ་བྲག་སྨྲ་བ་དང་།   མདོ་སྡེ་བ།   དབུ་མ་བ་དང་།   དགེ་ལུགས་པས་འདོད་པའི་སེམས་ཙམ་པ་བཅས་བཞི་ནི་བཤད་ཚོད་ལ་རྒྱུ་གཉིས་སྨྲ་བ་ཡིན་པ་ལྟར་འདུག་མོད།   དོན་དངོས་སུ་སེམས་གཙོ་སྨྲ་བ་དང་ཁྱད་པར་དུ་འཇིག་རྟེན་བྱེད་པོར་འདོད་པའི་སེམས་གཙོ་སྨྲ་བར་སོང་འདུག   
གོང་གི་སྐད་ཆ་དག་ལས་རིགས་ལམ་འཁྲུག་ཅིང་།   ཞྭ་དཔེ་ལྷམ་ལ་འགེབ་པ་སོགས་མང་དུ་ཡོད་པས་ན་ཚིག་རེ་རེ་ལའང་གནོད་བྱེད་རེ་རེ་འབབ་མོད།  ཞིབ་ཏུ་བརྗོད་པའི་ངལ་བ་མ་བྱས་པར།   སྤྱི་ཁོག་ལ་དམིགས་ནས་ལན་འདེབས་པར་བྱ་སྟེ།     དང་པོའི་སྒྲུབ་བྱེད་དུ་༼རྣམ་པར་ཤེས་པ་ཙམ་ཞིག་རིགས་གཞན་ལ་ལྟོས་མེད་དུ་གྲུབ་པ༽དང་༼སེམས་ལས་ལོགས་སུ་ཚུགས་ཐུབ་ཏུ་མེད་པར་༽བཤད་པའི་དབང་གིས་སེམས་གཙོ་སྨྲ་བའི་ཁོངས་སུ་གཏོགས་སོ་ཟེར།    ཁྱེད་རང་དངོས་གཙོ་དང་སེམས་གཙོ་སྨྲ་བའི་རྟགས་གང་སར་རྒྱག་པ་ལ་ངན་གོམས་སུ་སོང་བ་མིན་ན།   སེམས་གཙོ་སྨྲ་བ་ཟེར་བ་ནི་འདུ་ཤེས་སམ་རྣམ་པར་ཤེས་བ་དང་པོ་དང་།   དངོས་པོ་དང་ཕྱི་ཡུལ་གཉིས་པར་བརྩི་བ་དང།   ཕྱིའི་དངོས་པོ་ནང་སེམས་ལ་བརྟེན་ནས་གནས་པའི་འདོད་པ་འདི་སེམས་གཙོ་ཡིན་པ་མར་ལེའི་དགོངས་པ་ཡིན།   ཁྱོད་ཀྱི་བཤད་པའི་སེམས་གཙོ་ཟེར་བ་དེ།   སྔོན་གྱི་སེམས་གཙོ་སྨྲ་བ་དག་གིས་མ་བཤད་པའི་ཚ་མདའི་སེམས་གཙོ་་སྨྲ་བ་ཡིན་ནམ།     གཞན་ཡང་།  བདག་གིས་ཁྱོད་ཀྱིས་བཤད་པའི་བོད་སྔ་མའི་ལུགས་ཀྱི་སེམས་ཙམ་པ་ཟེར་བ་གསལ་བོ་ཞིག་མི་གོ་མོད།   ཁྱོད་ཀྱི་སེམས་གཙོ་སྨྲ་བར་ད་དུང་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གིས་གསལ་ལོ།།   
སྡོམ་ཚིག་གཉིས་པར།    འདིར་ཁྱོད་ཀྱི་བཤད་པའི་དཀོན་མཆོག་ཟེར་བ་ནི་ཆོས་ལུགས་གང་གི་དཀོན་མཆོག་ཡིན་པ་མི་ཤེས་མོད།    ནང་དོན་ལ་བལྟས་ན་ཕལ་ཆེར་ཁ་ཆེ་དང་།   ཡེ་ཤུ་དང་།   ལྗོའུ།  མོར་མན་སོགས་གང་ལའང་མ་གཏོགས་པའི་དཀོན་མཆོག་ཞིག་ཏུ་བཤད་འདུག་སྟེ།   རྒྱུ་མཚན་ཆོས་ལུགས་འདི་གསུམ་གྱིས་དཀོན་མཆོགGodཁས་ལེན་ལ།   ཁ་ཆེ་བས་Aalhaཞེས་པའང་དོན་དངོས་སུ་ཨ་རབ་ཀྱི་དཀོན་མཆོག་གི་སྐད་དོད་ཡིན་མོད།   ཁོ་ཚོའི་གཞུང་དུ་༼དཀོན་མཆོག་མཉེས་ན་ལྷ་ཡུལ་དང་།  མ་མཉེས་ན་དམྱལ་ཁམས་སུ་ལྷུང་འགྲོ་བ༽བཤད་སྲོལ་མེད་ལ།   ཡོད་ན་གཞུང་གང་དུ་ཡོད་པ་དེབ་དང་ལོ་ཚིགས་དཔེ་སྐྲུན་ཁང་ཤོག་གྲངས་སོགས་གསལ་བོར་བཤད་དགོས་པ་ལས།    ཟེར་སྒྲོས་ཙམ་ཡིན་ན་ནི་ཆོས་ལུགས་འདི་དག་ལ་བསྙད་རྐོ་བ་མ་ཡིན་ནམ།    ཁྲིམས་མཐུན་གྱི་ཆོས་ལུགས་ལ་རྒྱལ་ཁབ་དང་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་པས་ན།  ཁ་ཆེ་བའི་ཁོའོ་རན་སོགས་ལ་གང་བྱུང་གི་གཏམ་བཤད་པ་ནི་ཆག་སྒོ་ཉོ་བའི་རྒྱུ་ཡིན་ལ།   མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་མ་བྱས་པའི་རྟགས་སུའང་མངོན་ནོ།།      དེ་ཡང་།    ཡེ་ཤུ་བས་ཡེ་ཤུ་ནི་མིའི་རིགས་ཀྱི་གདོད་མའི་ཉེས་པའི་ཆེད་དུ་རང་ཉིད་བློས་བཏངས་པའི་དཀོན་མཆོག་སྲས་གཅིག་པོ་ཡིན་པ་དང་།   དེ་ནི་མིའི་རིགས་ཉེས་པ་དག་པའི་ལམ་གཅིག་ཡིན་པ་སོགས་བཤད་པ་རྒྱ་ཆེར་ཡོད་ལ།  ལྗོའུ་སོགས་ཀྱི་མ་འོངས་པ་ན་དཀོན་མཆོག་གི་ཕོ་ཉ་མི་ས་ཡ་Messiahའབྱུང་ངེས་པར་ཡིད་ཆེས་ཡོད་པས་ན།  རྒྱལ་བོ་སོ་ལོ་མན་དང་རྡེ་བེ་རྡི་གཉིས་ཀྱི་རིང་ལ་ལྗི་རུའུ་ས་ལམ་ནས་ངུ་མཁར་བསྐྱར་གསོ་བྱེད་དགོས་པ་དང་འཇིག་རྟེན་ལ་དཀར་ནག་གི་དབྱེ་བ་འབྱེད་ངེས་པ་སོགས་གཞུང་དུ་མའི་བཤད་པ་ཡོད།   ཁ་ཆེ་བའང་མ་ཧཱ་མོ་ཏི་ནི་དཀོན་མཆོག་གི་ཕོ་ཉ་གཅིག་པོ་ཡིན་པ་དང་།    ཁོང་གི་གསུང་ཟིན་བྲིས་སུ་བཏབས་པ་ཁོ་རན་ནི་ཚད་མའི་གསུང་ཡིན་པ་ལས།   མཐའ་འཇུག་གི་ཁྲིམས་གཅོད་སོགས་མི་འདོད་པའི་ཁྱད་པར་ཆེ་བས་ན།       དཀོན་མཆོག་ཞེས་ཆེ་ཕྱོགས་ནས་བཤད་རྐྱང་ཞིག་ག་ལ་ཡིན།   གཞན་ཡང་།   ཚིག་འདི་ལ་བརྡ་སྤྲོད་ཀྱི་ནོར་བའང་ཆེན་པོ་ཞིག་མཆིས་ཏེ།    ལྷ་ཡུལ་དང་དམྱལ་ཁམས་སུ་འཕེན་པའི་རྩོལ་བ་བྱེད་མཁན་དཀོན་མཆོག་ཡིན་ན།   དེ་བྱེད་འབྲེལ་ལས་ཚིག་༼འཕེན༽སོགས་བཀོལ་བ་ལས་བྱེད་མེད་ལས་ཚིག༼ལྷུང༽བཀོལ་ན་རང་བཞིན་གྱིས་ལྷུང་བ་ལས།   འཕེན་མཁན་མེད་པར་འགྱུར་བས།   སློབ་ཆུང་ལོ་རིམ་གསུམ་པ་ཞིག་གིས་བཤད་པ་ལྟ་བུའི་སྐད་ཆ་འདི་ནི་ཆོས་དང་མཚན་ཉིད་རྩོད་པའི་ཆུ་ཚད་མེད་པའང་ངང་གིས་རྟོགས་སོ།།     ད་དུང་དེ་ལས་ཧ་ལས་དགོས་པའི་སྐད་ཆ་ཞིག་ནི༼ཕྱུགས་ཀྱི་མཆོད་སྦྱིན་སོགས་དཀོན་མཆོག་མཉེས་བྱེད་དུ་བཤད་པ༽ཞེས་པའི་སྐད་ཆ་འདི་ཡིན་ཏེ།   ཁྱོད་རང་གིས་གདོད་མའི་མཆོད་སྦྱིན་དང་ད་ལྟའི་ཆོས་ལུགས་གཉིས་ཀྱི་མཚན་ཉིད་ལ་གོ་འཛོལ་ཆེན་པོ་བྱུང་སྟེ།     གནའ་བོའི་མཆོད་སྦྱིན་སོགས་ཀྱི་གདོད་མའི་དད་མོས་དག་དང་དཀོན་མཆོག་ཁས་ལེན་པའི་ནུབ་དར་ཆོས་ལུགས་ཀྱི་ཁྱད་པར་མ་ཤེས་པར།   དཀོན་མཆོག་ལ་ཕྱུགས་ཀྱིས་མཆོད་སྦྱིན་བྱེད་པ་ཞེས་ཡེ་ཤུ་བས་གོ་ན་ཁོང་ཁྲོ་ཟ་བ་དང་།   སངས་རྒྱས་པས་གོ་ན་མཐོང་ཆུང་བྱེད་པ་དང་།   སྲིད་པའི་བོན་རྣམས་ཀྱིས་གོ་ན་ཡ་མཚན་པ།   ཁ་ཆེ་བས་ཐོས་ན་ངར་ངར་བྱེད་པའི་སྐད་ཆ་འདི་བཤད་པ་ཡིན།    
གཞན་ཡང་།  ༼ སངས་རྒྱས་ཆོས་ལུགས་ཀྱིས་དགེ་བ་གསོག་ན་ལྷ་ཡུལ་དུ་ཁྲིད་པ་དང་།   སྡིག་པ་བྱས་ན་ས་འོག་ཏུ་ཁྲིད་ནས་ཉེས་ཆད་གཅོད་པ་༽ཞེས་པའི་བཤད་སྟངས་འདི་ནི་སངས་རྒྱས་ཆོས་ལུགས་ལ་ཆ་རྒྱུས་གང་ཡང་མེད་པའི་རྟགས་དང་།   ཡང་ན་ལ་ཁའི་ཟོག་རྫི་དག་གིས་གོ་བ་བླངས་པའི་སངས་རྒྱས་ཆོས་ལུགས་སམ།  ཡང་ན།  དང་པོ་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་རང་ཉིད་ཉིད་ཀྱི་ལྟ་བ་བོད་ཡུལ་ལ་སྤེལ་ཕྱིར་ཏུ་བཤད་པའི་སྐད་ཆ་ཁ་ཤས་དང་འདྲ་བ་ལས།   སངས་རྒྱས་ཆོས་ལུགས་ལ་སྦྱང་བ་ཡོད་པའི་མི་ཞིག་གིས་ཐོས་པ་ཙམ་གྱིས་ཁོང་དགོད་མི་འཆོར་བ་གང་དུ་ཡོད།    སངས་རྒྱས་ཀྱིས༼ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།།   འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།།   ཉིད་ཀྱི་རྟོག་པ་གཞན་ལའང་འཕོ་མིན་པར།།  ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་འགྱུར།།༽ ཞེས་པའི་ཚིགས་བཅད་འདིས་ཁ་ལ་རྒྱ་བྱིན་འདུག་པས་ན་མང་དུ་མི་སྤྲོའོ།།     
  ད་དུང་དེ་ལས།   མདོ་སྡེ་བ་དང་།   བྱེ་སྨྲ་བ།   དབུ་མ་བ་སོགས་སེམས་གཙོ་ལས།   འཇིག་རྟེན་བྱེད་པོར་འདོད་པའི་སེམས་གཙོ་ངེས་འདུག་ཟེར་བ་འདི་བལྟས་ན་སྐད་ཆ་ཞིག་བཤད་པ་འདྲ་མོད།   དོན་དངོས་སུ་གང་ཡང་བཤད་མེད་དེ།     རྒྱུ་གཉིས་སྨྲ་བས་རྣམ་པར་ཤེས་པ་དང་ཕྱི་རོལ་ཡུལ་གཉིས་ཀ་ཚུགས་ཐུབ་ཀྱི་གཟུགས་Substance་གཉིས་ལས་བྱུང་བར་འདོད་ལ།   རྒྱ་ཡིག་གི་སྟེང་ནས་གཟུགས་དེ་ལ་实体ཞེས་བསྒྱུར་འདུག་མོད།   བོད་ཡིག་ལས་དངོས་པོར་བསྒྱུར་ན་ནོར་འཁྲུལ་འབྱུང་ཉེན་ཡོད་པས་གཟུགས་སུ་བསྒྱུར་ན་འགལ་བ་ཆེར་མེད་ལ།     དེ་འདྲའི་གཟུགས་དེ་ཉི་ཧོང་གི་ཁོ་མ་ཟོ་བ་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་མ་ཙི་མོ་ཏོ་ཤ་རོ(松本史朗)ལྟར་ན་བདག་ཏུ་ལྟ་བའི་འདོད་པ་ཡིན་ལ།    དེ་ནི་སངས་རྒྱས་ཆོས་ལུགས་ཀྱིས་དེ་འདྲའི་ཚུགས་ཐུབ་ཀྱི་གཟུགས་ཤིག་ཡོད་པ་རྩལ་ཆེན་པོས་དགག་པས་ན།    ལྷག་པར་དབུ་མ་ཐལ་འགྱུར་བ་སོགས་ཀྱིས་ཐ་སྙད་དུའང་རང་བཞིན་གྱིས་གྲུབ་པ་ཁས་མི་ལེན་པས་ན་དེ་འདྲའི་གཟུགས་ཚུགས་ཐུབ་ཅིག་ཇི་ལྟར་ཁས་ལེན།  ད་དུང་སངས་རྒྱས་པས་དངོས་པོའི་འདུ་ཤེས་ཅན་ལ་ཐར་བ་མེད་ཚུལ་བཤད་པས་ན།  དེ་འདྲའི་དངོས་པོ་ནི་ནམ་ཡང་ཁས་ལེན་པར་མི་སྲིད་དོ།།     གཞན་ཡང་འཇིག་རྟེན་བྱེད་པོ་ཁས་ལེན་པའི་སེམས་གཙོ་ཟེར་བ་འདི་ལས་མཚན་ཉིད་དང་ཆོས་ལུགས་ཀྱི་སོ་སོར་འབྱེད་པའི་བློ་གྲོས་མེད་པའི་རྟགས་སུ་མངོན་ལ།    ད་དུང་རྒྱུ་གཉིས་སྨྲ་བས་བེམ་ཤེས་གཉིས་ཀྱི་འབྲེལ་བ་གསལ་བཤད་བྱེད་མ་ཐུབ་པས།   ལས་འབྲས་ཀྱི་རྣམ་བཞག་ཁ་གསབ་རྒྱབ་ཟེར་བ་འདི་ཅི་ཡིན།   འདིའང་ཁྱོད་ཀྱིས་བཤད་པ་ལྟར་༼བཤད་ཚོད༽་དང་༼སོང་ཚོད༽་ཟེར་ནས་ཁྱད་པར་འབྱེད་དགོས་པ་ཡིན་ནམ།   ཁྱོད་ཀྱི་བཤད་ཚོད་ལྟར་ན་རྒྱུ་གཉིས་སྨྲ་བས་བེམ་ཤེས་གཉིས་ཀྱི་འབྲེལ་བ་བཤད་མ་ཐུབ་པར་ལས་འབྲས་ཀྱི་རྣམ་བཞག་ཁ་གསབ་རྒྱབ་པ་ལྟ་བུར་འདུག་ལ།    སོང་ཚོད་ལ་སེམས་ཙམ་པས་གཟུགས་ཤེས་གཉིས་ཀྱི་འབྲེལ་བ་མ་ཤེས་པར་ལས་འབྲེལ་གྱི་རྣམ་བཞག་ཁ་གསབ་རྒྱབ་པར་སོང་འདུག   གང་ལྟར་ཀྱང་།   ལས་འབྲས་ཀྱི་རྣམ་བཞག་ནི་སེམས་ཙམ་དང་རྒྱུ་གཉིས་སྨྲ་བ་གང་གི་གསར་གཏོད་མ་ཡིན་པར།   རྒྱ་གར་མཚན་ཉིད་རིག་པའི་སྟེང་དར་སྔ་བའི་རྣམ་བཞག་ཆེན་པོ་ཞིག་ཡིན་ལ།  གཅེར་བུ་བ་སོགས་ཕྱི་རོལ་བའི་གཞུང་དུའང་དེ་དག་གི་བཤད་པ་ཡོད་།   རྗེས་སུ་སངས་རྒྱས་ཀྱིས་གཞུང་ལུགས་དེ་ཆ་ཇེ་ཚང་དང་ཇེ་རྒྱས་སུ་བཏངས་པས་ན།     ལས་འབྲས་སྨྲ་བ་ལས་སངས་རྒྱས་པ་སྤོབས་པ་མཐོ་བར་གྱུར།     ལས་འབྲས་ཞེས་པའི་ཐ་སྙད་དག་ད་ལྟའི་ཧིན་རྡུ་སོགས་གནའ་བོའི་བྲམ་ཟེ་བའི་གཞུང་གི་དར་རྒྱུན་ནའང་མཆིས་པས།   དེ་སངས་རྒྱས་ཁོ་ནའི་ལག་ཆ་ཞིག་ག་ལ་ཡིན།   ལས་འབྲས་ཀྱི་རྣམ་བཞག་འདི་ལའང་འགྲེལ་ཚུལ་མང་དུ་ཡོད་ལ།   ཉན་ཐོས་སྡེ་བ་ནས་དབུ་མ་ཐལ་འགྱུར་བའི་བར་གྱི་གྲུབ་མཐའ་སོ་སོའི་འགྲེལ་ཚུལ་གྱི་འཕེལ་རྒྱས་ནས།   ཁྱད་པར་བོད་ཡུལ་དུ་རྗེ་ཙོང་ཁ་བའི་ཀུན་གཞིའི་སྐོར་གྱི་རྣམ་བཤད་སོགས་ན་ལས་བྱས་པ་ཆུད་མི་ཟ་བའི་རྣམ་བཞག་རིགས་པ་ཤིན་ཏུ་ཕྲ་མོའི་བཤད་པ་དག་ལ་བརྟེན་ན།   ད་གཟོད་ལས་ཞེས་པའི་མཚན་ཉིད་ཀྱི་ཐ་སྙད་འདི་གོ་བ་ཇེ་ཟབ་ཏུ་འགྲོ་བས་ན།     རྒྱ་གར་གྱི་མཚན་ཉིད་ལྟ་གྲུབ་ལས་ལས་འབྲས་ཀྱི་རྣམ་བཞག་འདི་གསང་བ་ཟབ་མི་ཁྱབ་པའི་མདོའི་རྗེས་ནས་དར་བ་ཞིག་ཡིན་ལ།   དེ་ལའང་།  རྒྱུ་མེད་འབྲས་མེད་ཀྱི་ལྟ་བ་དང་།   རྒྱུ་མེད་འབྲས་ཡོད་ཀྱི་ལྟ་བ།   རྒྱུ་ཡོད་འབྲས་མེད་ཀྱི་ལྟ་བ།    རྒྱུ་ལོག་པ་ལས་འབྲས་བུ་ལོག་པ་འབྱུང་བའི་ལྟ་བ།   རྒྱུ་ལ་འབྲས་བུ་མེད་པས་རྒྱུ་འབྲས་ཐ་དད་པའི་ལྟ་བ།   རྒྱུ་ལ་འབྲས་བུ་ཡོད་པའམ་རྒྱུ་འབྲས་ཐ་མི་དད་པའི་ལྟ་བ།   རྒྱུ་ལ་འབྲས་བུ་ཡོད་པ་དང་མེད་པ་གཉིས་ཀ་ཡིན་པའམ་ཡང་ན་རྒྱུ་འབྲས་གཅིག་དང་ཐ་དད་གཉིས་ཀ་ཡིན་པའི་ལྟ་བ།    རྒྱུ་ལ་འབྲས་བུ་ཡོད་པ་ཡང་མ་ཡིན་མེད་པའང་མ་ཡིན་པ་སྟེ་རྒྱུ་འབྲས་གཅིག་ཐ་དད་གང་ཡང་མ་ཡིན་པའི་ལྟ་བ་སོགས་མང་ལ།   དེ་དག་རེ་རེ་སུ་རིགས་པ་དང་དཔེ་ཡིས་སྒོ་ནས་རྒྱས་པར་སྤྲས་ཡོད་པས་ན།    རྒྱ་གར་མཚན་ཉིད་ཀྱི་ལྟ་གྲུབ་དག་ལས་ཤེས་པར་ནུས།       ལས་འབྲས་ཀྱི་རྣམ་བཞག་དང་དཀོན་མཆོག་གི་གནས་ལུགས་མཚུངས་ཟེར་བ་ནི་ལས་འབྲས་ལ་སྦྱངས་ཅི་ཡང་མེད་པའི་རྟགས་སུ་འདུག་ལ།    གཞན་ཡང་དཀོན་མཆོག་ལའང་བག་ཆགས་ཅུང་ཟད་མེད་པའི་རང་མཚང་ཕྱིར་ཐོན་པས་ན།    རིགས་པ་སྨྲ་བའི་ཁྲོད་དུ་འདི་འདྲའི་སྐད་ཆ་ལ་གཟབ་པར་འོས།།    

  དྲང་པོར་བཤད་ན་དྲི་བ་ཕྱི་མ་འདི་གཉིས་ལ་ལན་ཚུལ་བཞིན་ཐེབས་མཁན་ཞིག་ཆོས་ལུགས་པ་དང༌། མཚན་ཉིད་རིག་པ་པ། ཕྱིས་ཀྱི་ཚན་རིག་པ་གང་གི་ཁྲོད་དུའང་བྱུང་མི་འདུག དཀོན་མཆོག་སྨྲ་བའི་ཆོས་པ་ཚོས་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་བཤད་པ་ཙམ་ལས། དཀོན་མཆོག་རང་ཉིད་ཇི་ལྟར་བྱུང་བ་དང༌། བསྐྲུན་པའི་དམིགས་ཡུལ་གང་ཞིག་ཡིན་པ་བཅས་བཤད་རྒྱུ་མེད། ལས་འབྲས་སྨྲ་བའི་ཆོས་པ་ཚོས། ལས་འབྲས་ལ་བརྟེན་ནས་བེམ་ཤེས་གཉིས་ཀྱི་འབྲེལ་བ་ཙམ་ཞིག་བཤད་པ་ལས། བེམ་ཤེས་གཉིས་ཀྱི་ངོ་བོའམ་རྫས་རྒྱུན་དེ་ཇི་ལྟར་བྱུང་བ་དང༌། ཅིའི་ཕྱིར་བྱུང་བའི་ཐད་དུ་ལན་ཅི་ཡང་བཏབ་མེད། ངོ་བོ་ལ་འགྲེལ་བཤད་བྱ་རྒྱུ་མེད་ན་ཁྱད་པར་ལ་ཅིག་བཤད་ཁུལ་བྱས་ཀྱང་ཅི་ཞིག་ཕན། ཧེ་རྒུལ་ལྟ་བུའི་སེམས་གཙོ་པ་ཚོས། འདུ་ཤེས་ནི་མ་གཞི་ནས་ཡོད་པ་ཞིག་ཡིན་པ་ལ། དངོས་པོ་ནི་དེའི་གྲིབ་མ་ཙམ་ཞིག་ཏུ་ངེས་ཞེས་དང༌། མར་ཁེ་སི་ལྟ་བུ་དངོས་གཙོ་པ་ཚོས། མ་གཞི་ནས་ཡོད་པའི་དངོས་པོ་ལས་འདུ་ཤེས་བྱུང་བ་ཡིན། ཞེས་པ་ཙམ་ཞིག་ལས་སེམས་སམ་དངོས་པོ་དེ་མ་གཞི་ནས་ཡོད་དོན་ཅི་ཞིག་ཡིན་པ་དང༌། ཡོད་ཚུལ་ཇི་ལྟར་ཡིན་པའི་སྐོར་བཤད་མི་འདུག །ཚན་རིག་པས་ཀྱང༌། འཇིག་རྟེན་འདིའི་འབྱུང་ཁུངས་འགས་གཏོར་ཆེན་མོ་ཡིན་རབས་བཤད་པ་ཙམ་མ་གཏོགས། ནུས་པའི་རྦ་ཀློང་ཇི་ལྟར་བྱུང་བ་དང༌། འགས་གཏོར་ཆེན་མོ་ཅིའི་ཕྱིར་བྱུང་བའི་ཚུལ་ཤོད་ཀྱིན་མེད། ཡིན་ནའང་དྲི་བ་དང་པོ་གཉིས་ལ་ལན་འདེབས་པའི་སྐབས་སུ། དཀོན་མཆོག་སྨྲ་བ་ཚོས་དཀོན་མཆོག་གི་ཁུངས་ལྷ་སྒྲུང་དང། ལས་འབྲས་སྨྲ་བ་ཚོས་ལས་འབྲས་ཀྱི་ཁུངས་རྟོགས་བཏགས་དང༌། རྒྱུ་གཉིས་སྨྲ་བ་ཚོས་རྒྱུ་གཉིས་ཀྱི་ཁུངས་འོལ་ཚོད་ཙམ་ལས་མ་འདས་པས་དེ་གསུམ་ལ་དད་པ་དང་ཧམ་པ་ལས་བརྒལ་མི་རུང་ཞིང༌། སེམས་གཙོའི་མཚན་ཉིད་སྨྲ་བ་ཚོས་དངོས་པོའི་བྱུང་རིམ་ཉམས་མྱོང་གི་ལམ་ནས་དང༌། དངོས་གཙོའི་མཚན་ཉིད་སྨྲ་བ་ཚོས་འདུ་ཤེས་ཀྱི་འཕེལ་རིམ་ལོ་རྒྱུས་ཀྱི་ལམ་ནས་དང༌། ཚན་རིག་པ་ཚོས་འགས་གཏོར་ཆེན་མོ་གཏན་སྲོལ་གྱི་ལམ་ནས་བསྒྲུབ་ཡོད་སྟབས། དེ་གསུམ་པོར་རིགས་པས་དཔྱད་པ་བྱ་ཆོག་པས་དེའི་ཆ་ནས་བར་ཁྱད་ཆེན་པོ་ཞིག་ཤོར་ཡོད་པར་སྣང་ངོ༌། །

  ༼དྲང་མོར་བཤད་ན༽ཟེར་བར་བལྟས་ན་སྔོན་གྱི་སྐད་ཆ་དག་དྲང་མོར་བཤད་པ་མིན་པའི་ཚོར་བ་སྟེར་བས་ན།   རིག་གཞུང་ཞིབ་འཇུག་ཏུ་འདི་འདྲའི་ཁ་རྒྱུན་ལ་རྒྱུགས་ཆེ་བའི་སྐད་ཆ་དག་བཀོལ་མི་འོས་མོད།   འདི་དག་རེ་ཞིག་བཞག་གོ།      དྲི་བ་ཕྱི་མ་འདིར་ཚ་མདའ་མ་གཏོགས།   སངས་རྒྱས་དང་།   མ་ཤུ་ཀ།   མོ་ཧ་མོ་ཏི་སུས་ཀྱང་ལན་འདེབས་དཀའ་བར་སྣང་སྟེ།   རྒྱུ་མཚན་དེ་ནི་བྱ་སྒོང་དེ་ཕོ་གཉིས་ཀྱི་སྔོན་མ་སུ་ཡིན་ཞེས་པའི་རིགས་ལམ་དང་ཧ་ཅང་མཚུངས་པས་སོ།།     སྐད་ཆ་འདི་དག་ལས་ཁྱོད་ཀྱི་དཀོན་མཆོག་ཁས་ལེན་པའི་ཆོས་ལུགས་མང་པོ་ལ་མཚང་དྲིས་ཡོད་པ་ལས།   ལས་འབྲས་སྨྲ་བའི་ཆོས་ལུགས་མང་པོ་དང་མཚན་ཉིད་རིག་པ།    གཞན་ཡང་དངོས་སྨྲ་བ་དང་ཚན་རིག་པ་སོགས་ལའང་ཁྱོད་ཚོས་ཅི་ཡང་ཤེས་ཀྱིན་མི་འདུག་ཟེར་ནས་ཁ་རྡུང་བཏངས་འདུག      འདི་དག་ཧ་ཅང་ཉེན་ཚབས་ཆེ་བའི་སྐད་ཆ་སྟེ།    ཁྱོད་ཀྱི་སྐད་ཆ་འདི་དག་འཛམ་གླིང་གི་ཆོས་ལུགས་དང་མཚན་ཉིད།   ཚན་རིག་སོགས་ཀྱི་གྲུབ་འབྲས་ཁས་མི་ལེན་པ་ལྟ་བའི་གླེན་རྟགས་ཀྱི་གཏམ་དུ་སོང་འདུག     
  དང་པོ།   དཀོན་མཆོག་སྨྲ་བ་ཚོས་དཀོན་མཆོག་ཇི་ལྟར་བྱུང་བ་དང་།    ཁོང་གིས་འཇིག་རྟེན་ཅིའི་ཕྱིར་བསྐྲུན་པ་བཤད་རྒྱུ་མེད་ཟེར།        ཞལ་ཆད་གསར་བའི་མདོའི་ནང་དོན་ལྟར་ན།   དཀོན་མཆོག་གིས་གསུངས་རྒྱུར།  ཁོ་བོ་གདོད་མ་ནས་གནས་པ་དང་རྟག་བརྟན་ཐེར་ཟུག་ཏུ་གྲུབ་པ་ཡིན།   ཇི་སྙེད་ཀྱི་ཆོས་ཐམས་ཅད་ལ་ཐོག་མ་ཡོད་ནའང་དཀོན་མཆོག་ཁོ་ན་ལ་ཐོག་མ་མེད་པ་ཡིན་ལ།   དེའི་ཕྱིར་དཀོན་མཆོག་གི་ཐོག་མ་དཀོན་མཆོག་རང་ཉིད་ཡིན་པ་དང་།    དཀོན་མཆོག་ནི་གཞན་ལ་ལྟོས་བ་མེད་པའི་རྟག་གཅིག་རང་དབང་ཅན་གྱི་དཀོན་མཆོག་ཡིན་པར་གསུངས་ཡོད།     དུས་ཚོད་དང་བར་སྣང་ལ་ཚད་ཡོད་པ་ཇི་བཞིན་དུ།   འཇིག་རྟེན་ལ་ཚད་ཡོད་ནའང་།    དཀོན་མཆོག་ལ་ཚད་ཡོད་པ་མ་ཡིན།   དེའི་ཕྱིར་ཚད་ཡོད་པའི་འཇིག་རྟེན་ལས་ཚད་མེད་པའི་དཀོན་མཆོག་མི་སྐྱེས་པའོ།།   རིགས་པ་དང་ཚན་རིག་གི་ལམ་ནས་སྟོང་བའི་ཁམས་ཆེན་མོའི་གསང་བ་ཡོངས་སུ་རྟོགས་མི་ཐུབ་པ་ད་ལྟའི་ཚན་རིག་པ་རྣམས་ཀྱིས་ཁས་ལེན་པ་འདི་ལ་དངོས་ཁམས་རིག་པས༼ངེས་མེད་གཏན་སྲོལ༽ཟེར།   དངོས་པོའི་མཐར་ཐུག་གི་འགྱུར་མེད་རྟག་པའམ།  བྱེད་པོའི་རང་གི་མི་འགྱུར་རྟག་པའི་རང་བཞིན་གང་ཡིན་ཡང་།   རྗེས་སུ་ཚད་རྡུལ་གནམ་རིག་དང་དངོས་ཁམས་ཀྱིས་དངོས་པོ་རྟག་པ་མིན་པ་དང་སྟོང་བའི་ཁམས་ཆེན་པོ་མི་རྟག་ཡིན་པ་སོགས་ར་སྤྲད་ནའང་།   དེའི་བྱེད་པོ་རྟག་པ་མ་ཡིན་པ་ར་སྤྲོད་ཐུབ་མེད་པ་སོགས་རྒྱས་པར་བཤད་པ་འདི་དག་གིས་ཁོ་ཚོ་ལ་མཚོན་ན་ལན་གྱི་གོ་ཆོད་ཡོད་ལ།    གཞན་ཡང་དཀོན་མཆོག་གིས་ཅིའི་ཕྱིར་འཇིག་རྟེན་བསྐྲུན་པ་དེར།       ཡེ་ཤུ་བ་སོགས་འཇིག་རྟེན་བྱེད་པོ་ཁས་ལེན་པའི་ཆོགས་ལུགས་པ་ཚོས་རང་ཉིད་ལ་ལན་བཏབས་ཡོད་དེ།      ཞལ་ཆད་གསར་བའི་འཇིག་རྟེན་གསར་དུ་བསྐྲུན་པའི་ལེའུ་ལས།    དཀོན་མཆོན་གིས་དང་པོར་གནམ་ས་བསྐྲུན་ལ1:1  1:26 ཁོང་གིས་གསུང་རྒྱུར།   བདག་ཅག་གིས་ང་ཚོ་ཇི་ལྟ་བ་བཞིན་དུ་མི་བསྐྲུན་ནས།   ཁོ་ཚོར་མཚོ་ཡིན་ཉ་དང་ནམ་མཁའི་བྱ།   ས་སྟེང་གི་སྲོག་ཆགས།   ས་ཡི་ཁྱོན་ཀུན་དང་།   དེ་ལ་གནས་པའི་འབུ་སྲིན་དག་ལ་བདག་པོ་རྒྱག་པར་འཇུག་དགོས།     1:27  དཀོན་མཆོག་གིས་རང་ཉིད་ཇི་ལྟ་བ་བཞིན་དུ་ཕོ་དང་མོ་ཡང་རབ་ཏུ་བསྐྲུན།   1:28  ཁོང་གིས་མི་རྣམས་ལ་བདེ་བ་ཆེན་པོ་བསྩལ་ནས་ས་ཡིན་ཁྱོན་ཆེན་པོ་འདི་བདག་ཏུ་ཟུངས་ཤིག།    མཚོ་ཡི་ཉ་དང་ནམ་མཁའི་བྱ་དང་།   ས་སྟེང་དུ་གནས་པའི་སྲོག་ཆགས་ཡོངས་ཁྱོད་ཚོར་དབང་བ་ཡིན།     1:7   ཁོང་གིས་ས་ཡི་རྡུལ་གྱིས་མི་བཟོས་ཤིང་སྣ་ལ་དབུགས་ཕུད་བརྒྱབ་པས་དེ་གསོན་པར་གྱུར་བ་ན་ཨ་རྡམ་དུ་བཏགས་སོགས་ཅིའི་ཕྱིར་སྣོད་བཅུད་བསྐྲུན་པར་ལན་བརྒྱབ་ཡོད་ལ།   ཕྱོགས་གཞན་ཞིག་ནས་བཤད་ན།     ཁྱོད་ཀྱིས་བཤད་པའི་དཀོན་མཆོག་གང་ནས་བྱུང་བ་དང་ཁོས་ཅིའི་ཕྱིར་འཇིག་རྟེན་བསྐྲུན་ཟེར་བའི་དྲི་བ་འདི་ནི་མི་རྣམས་ཀྱི་དྲི་ལོབས་སུ་སོང་བའི་དྲི་བ་ཞིག་ཡིན་ལ།   དེ་དག་ལན་བཏབ་ན་ཐུག་མེད་དུ་འགྲོ་བས་ན་དྲི་བ་དེ་གཉིས་རང་ཉིད་ལའང་ཧ་ཅང་གིས་སྐྱོན་ཡོད་པ་ཤེས་པར་གྱིས་ཤིག   
  རྗེས་འཇུག་པ་ཚོས་འགྲེལ་བཤད་བྱེད་རྒྱུར།   དཀོན་མཆོག་གིས་དང་པོ་གནམ་ས་བསྐྲུན་དོན་ནི་རི་རབ་ཉི་ཟླ་སྲོག་ཆགས་འཚོ་བའི་ཁོར་ཡུག་བསྐྲུན་པ་ཡིན་ལ།     དེ་འདྲའི་ཁོར་ཡུག་བསྐྲུན་དོན་ནི་མི་རྣམས་ཀྱི་ཆེད་དུ་ཡིན་ལ།    མི་བསྐྲུན་དོན་ནི།   དཀོན་མཆོག་གིས་མི་རྣམས་བརྩེ་བ་ཆེན་པོ་ནམ་ཡང་མི་གཏོང་བ་དང་།   མི་རྣམས་དཀོན་མཆོག་ཁོ་རང་ལས་བྱུང་བ་ཡིན་པས་སོགས་ཀྱི་ལན་འདེབས་པར་བྱེད་ལ།   ལན་དེ་དག་ནི་ཁོ་ཚོའི་རིགས་ལམ་གྱིས་དཔྱད་ན་ཧ་ཅང་མི་འགལ་པར་འདུག་པས་ན།   མི་བརྒྱ་ཕྲག་མང་པོ་དེའི་རྗེས་སུ་འཇུག་ནས་གྲུབ་མཐའ་འཆད་པ་དང་།   ཁོ་ཚོའི་གྲུབ་མཐའ་དེས་འཇིག་རྟེན་སྣང་ཚུལ་མཐའ་དག་ལ་འགྲེལ་བརྗོད་བྱེད་པ་མ་ཟད།   དེ་འདྲའི་གྲུབ་མཐའ་དེས་ཁྲོལ་བར་དཀའ་བའི་འཇིག་རྟེན་གྱི་གསང་བ་དག་ལའང་ལན་འདེབས་ཐུབ་པར་འདོད་པས་ན།   གྲགས་ཆེ་བའི་ཚན་རིག་པ་ཉིའུ་ཐུནNewton ་དང་ཨ་ཡིན་སི་ཐནEinstein་སོགས་ཀྱིས་ཀྱང་ཆོས་ལུགས་དེར་བརྩི་མཐོང་ཆེན་པོ་བྱེད་པ་མ་ཟད།   ཉིའུ་ཐུན་གྱིས་ང་ཚོའི་མི་རིགས་དོན་དངོས་དང་ཐག་ཇི་ལྟར་ཉེ་ན།   དཀོན་མཆོག་གི་བློ་གྲོས་ལ་ཉེ་བར་བཅར་བ་ཡིན་པ་སོགས་གྲགས་ཆེ་བའི་སྐད་ཆ་བཤད་མྱོང་ལ།      ཁོ་ཚོའི་གྲུབ་མཐའ་འདིའང་འཇིག་རྟེན་ན་དར་ཆེ་བ་ཀུན་གྱིས་ཤེས་པ་ལྟར་ཡིན།        ཁྱོད་རང་གིས་དོན་དམ་དུ་བརྩི་བའི་ཚན་པ་རིག་པ་འདི་དག་གིས་ཀྱང་དཀོན་མཆོག་ཞེས་འཕྱ་སྨོད་མ་བྱས་པས་ན།   ཟབ་མོའི་དོན་དག་དཔྱད་པར་གཟབ་པ་ནི་ཧ་ཅང་གིས་གལ་ཆེ།
  གཉིས་པ།  ལས་འབྲས་སྨྲ་བ་ཚོས་བེམ་ཤེས་གཉིས་ཀྱི་འབྲེལ་བ་ལས་འབྲས་ཀྱི་སྟེང་ནས་འགྲེལ་བཤད་བྱེད་པ་ལས།     དེའི་རྫས་རྒྱུན་གྱི་འབྱུང་ཁུངས་དང་ཅིའི་ཕྱིར་བྱུང་བར་ལན་མ་ཐོབ་ཟེར།    ལས་འབྲས་སྨྲ་བ་ཚོ་ཞེ་ན་སངས་རྒྱས་ཆོས་ལུགས་ཁོ་ནས་མ་ཁྱབ་པར་ཆོས་ལུགས་མང་པོར་ཁྱབ་ལ།   སངས་རྒྱས་ཆོས་ལུགས་ལ་མཚོན་ནའང་།   གཟུགས་དང་ཤེས་པ་གཉིས་ཀ་དངོས་པོར་འདོད་ལ།   དངོས་པོ་ཡིན་ན་སྐད་ཅིག་སྐད་ཅིག་ཏུ་འཇིག་པའི་ཆོས་ཡིན་པས།   དེར་ཐོག་མ་ཡོད་པ་སངས་རྒྱས་ཆོས་ལུགས་ཀྱི་རིགས་ལམ་མིན་པ་ཤེས་ལ།   བེམ་རིག་གཉིས་ཀྱི་འབྲེལ་བ་ལས་འབྲས་ཡིན་པ་སོགས་ཀྱི་བཤད་ཚུལ་མེད་པ་མ་ཟད།   འདི་ནི་ལུག་གི་སྟེང་ནས་ནོར་ལ་འགྲེལ་བཤད་རྒྱག་པ་བཞིན་འདུག་ཟེར་བ་ལྟ་བུའི་འབྲེལ་མེད་དོན་གཞན་གྱི་སྐད་ཆ་ཞིག་སྟེ།    རིག་གཞུང་གི་ཆ་ནས་གླེང་ན་ནང་བསྟན་དེ་གདོད་མའི་ནང་བསྟན་དང་རྗེས་སུ་བྱུང་བའི་ནང་བསྟན་གཉིས་སུ་དབྱེ་ལ།    གཟུགས་དང་ཤེས་པ་སོགས་ཀྱི་བཤད་པ་རྒྱ་ཆེར་དར་བ་ནི་རྗེས་སུ་བྱུང་བའི་ནང་བསྟན་གྱི་རིག་པ་དང་།  ཁྱད་པར་དུ་ཐོགས་མེད༼Asanga དུས་རབས་བཞི་བ་ཡས་མས་ཀྱི་མི༽་སོགས་ཀྱི་གཞུང་དུ་རྣམ་ཤེས་ཚོགས་བརྒྱད་དང་།  ཚོགས་དྲུག་སོགས་ཀྱི་འདོད་པ་མང་དུ་ཡོད་པ་བཞིན་ཡིན་ལ།   ལས་འབྲས་ཀྱི་བཤད་པ་འདི་གདོད་མའི་ནང་བསྟན་གྱི་ཁོངས་སུ་གཏོགས་པ་སྟེ།    སྟོན་པས་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་ལས།  ༼ལས་གང་ཤིན་ཏུ་མི་བཟད་པ།༽༼ལས་ནི་གང་དང་གང་བྱས་པའི།།  ལས་ནི་ཆུད་ཟར་མི་འགྱུར་ཏེ།།  ༽ ཞེས་སྡིག་པ་ལས་དང་དགེ་བའི་ལས་བྱས་པའི་འབྲས་བུ་ཆུད་མི་ཟ་བའི་ལྟ་བ་བརྗོད་པ་ཞིག་ཡིན་ལ།    དེ་ལས་འཕྲོས་ནས་ལས་འབྲས་སོགས་ཀྱི་ལྟ་བ་མང་དུ་དར་ཡོད་པ་བཞིན་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༥

2012-05-27 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།