བོད་ཀྱི་བརྡ་སྤྲོད་རིག་པའི་གནད་དོན་འགའ་ཞིག་གི་ཚིག་ཐོ་རགས་བསྡུས།

བེ་རི་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-20

རྣོན་པོའི་མཐའ་ལ་མཛེགས་པའི་མཚོན་གྱི་རྩེ།།
གཅེས་པའི་མཐའ་གཏུགས་སྙིང་དབུས་ལ་ཟུག་པའི།།
མཚལ་གྱིས་སྦངས་པའི་བཙོ་མའི་གསེར་གྱི་ཁམས།།
ནམ་ཡང་སྙིང་གི་དཀྱིལ་འཁོར་རྩེན་གྱུར་ཅིག།
འོ་མོ་ལུང་རིང་སྤྲིན་པས་བཀབ་པའི་ཤུལ།།
བྲམ་ཟེ་རྒན་པོའི་ཁ་སིལ་འཐོར་བའི་ཆུ།།
སྲིད་པའི་གངས་དཀར་ངོགས་སུ་ཆགས་པའི་རྒྱུན།།
ཅུང་ཟད་བཏུང་བའི་ཐིགས་པ་འདི་ན་བྲན།།
  འདིར་བོད་བརྡ་རིག་པའི་མིང་ཚིག་ཡི་གེའི་འགྲོས་ལས་འཕྲོས་ཏེ། གསུང་རབ་ཀྱི་བརྡ་ཆད་ལ་ཉེ་བར་མཁོ་བ་དང་། ལེགས་སྦྱར་གྱི་སྒྲ་སྦྱོར་ལས་ཆད་པའི་རྣམ་པར་བཞག་པ་འགའ་ཞིག་གི་ཐོག བོད་བརྡ་ལའང་ལྷན་སྐྱེས་སུ་གྲགས་པའི་བརྡ་ཆད་ལས། གོ་སྒྲིག་པའི་ངོས་ནས་བཀོལ་བའི་བརྗོད་གཞི། “འདོད་པར་བྱ། མ་མཁྱེན་པར་ཟད། མེད་པར་འགྱུར། ཐོབ་པར་མཛད། རྣམ་པར་ཐར་པ། ཕུང་པོར་བཅས། མིན་པར་ཐལ། རྣམ་པར་བཞག་སོགས་རྗེས་འཇུག་ར་ཡིག་འདི་མིང་གི་ཆ་ཤས་སམ་ལ་དོན་གང་ཡིན་སྐོར་དང་།  རྩོད་པ་སྤང། ཤ་ཟ། ཇ་འཐུང། རྟ་གསོད། ལྷ་བསྒྲུབས། རི་མོ་འབྲི་སོགས་ལ། ཤ་རུ་ཟ། ཇ་རུ་འཐུང། ལྟ་བུ་ལ་ “ལ་དོན་” སྦྱར་རུང་མིན་དང་། རུང་ན་ལྷོ་ན་འགྲོ་ལ་ལྷོར་འགྲོ་འབྲི་སྲོལ་བཞིན། ཇར་འཐུང་ལྟ་བུ་མི་འབྲི་བའི་གནད་སོགས། ལ་དོན་གྱི་ཐོབ་ཐང་སྐོར་ལ་དཔྱད་པ།’’མཛུབ་མོ་རི་སྟོན་གྱི་དཔེ་ལྟར་རག་བཤད་གནད་བསྡུས་ཙམ་རེ་ཞུ་བར་འདོད་དོ།།
    “འདོད་པར་བྱ” སོགས་ཀྱི་འབྲུ་དོན་དང་ར་སྒྲའི་ཚིག་ཕྲད་རག་དཔྱད།
  ལེགས་སྦྱར་གྱི་བྱ་ཚིག་ལ་དགུར་དབྱེ་བ་ལས། གཙོ་ཆེ་བ་ནི་ལྔར་ངེས་ཤིང་། དུས་གསུམ་དང་། སྐུལ་ཚིག མངོན་འདོད་ཀྱི་བྱ་ཚིག་དང་ལྔ་ལས། “འདོད་པར་བྱ།इच्छेत” འདི་ནི་ལེགས་སྦྱར་སྐད་ཀྱི་མངོན་འདོད་ཀྱི་བྱ་ཚིག་ཡིན། དེ་ནི་འབྱུང་འགྱུར་གྱི་བྱ་བ་ཡིན་པས་མ་འོངས་པས་བསྡུས་མོད། དུས་གསུམ་གྱི་ཐ་སྙད་དུ་བྱས་པའི་མ་འོངས་པ་མིན་ཏེ། བྱ་ལས་ལ་ཡོད་པའི་འཕོ་འགྱུར་འགྲོ་བའི་ཆ་ཙམ་ཡིན་གྱི། དུས་ཀྱི་ཁྱད་པར་མ་སྦྱར་བའི་ཕྱིར། དེས་ན། བསྒྲུབ་པར་བྱ། འདོད་པར་བྱ། གཏང་བར་བྱ། སོགས་ལའང་དེ་བཞིན་རིགས་བསྒྲེ་དགོས།
  བོད་ཀྱི་བརྡ་སྤྲོད་མཁན་པོ་ཚོས། འདི་ལ་ “བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་”དང་། “བྱ་བའི་ལས”། “བྱ་ལས”། བཅས་ཀྱི་བརྡ་ཆད་སྦྱོར་ནས་འཆད་དེ། འཇམ་མགོན་ས་པཎ་གྱིས་མཛད་པའི་《ཡི་གེ་སྦྱོར་བ་》ལས། སྔོན་འཇུག་གི་ཅིའི་ཕྱིར་འཇུག་པ་བཤད་པའི་སྐབས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སྔོན་འཇུག་གི་ཕོ་ཡིག་བ་ནི། དགོས་པ་ཅིའི་ཕྱིར་མིང་གཞི་ལ་འཇུག་པ་ཡིན་ནམ་ཞེ་ན། འདས་པ་དང་། དངོས་པོ་གཞན། བྱ་བའི་ལས་བཅས་བསྒྲུབ་པའི་ཕྱིར་དུ་འཇུག་པ་བསྟན་པའི་ཕྱིར།འདིའི་ཐད་དུ། པྲ་ཏི་དགེ་བཤེས་རིན་ཆེན་དོན་འགྲུབ་ཀྱིས་ 《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་གསལ་བ་》ལས།
 དེ་ཡང་དངོས་པོ་ལས་དང་ནི། །
 དུས་དང་རྣམ་པ་གསུམ་དུ་འདོད། །
 དངོས་པོ་བདག་གཞན་གཉིས་ཀ་དང་། །
 བྱ་བའི་ཡུལ་དང་རྣམ་པ་བཞི། །
 ལས་ནི་བྱ་བ་བྱེད་པ་གཉིས། །
 དུས་ནི་འདས་དང་མ་འོངས་དང་། །
 ད་ལྟར་དང་བཅས་གསུམ་དུ་འགྱུར། །
 བྱེད་པ་པོ་ནི་བདག་ཡིན་ཏེ། །
 བྱ་བའི་དངོས་པོ་གཞན་ཡིན་ནོ། །
 བྱ་བ་བསྒྲུབ་པའི་ཡུལ་ལ་ནི། །
 ལས་ཀྱི་དངོས་པོ་ཞེས་པར་བརྗོད། །
 བྱེད་པ་པོ་དང་འབྲེལ་བའི་ལས། །
 བྱེད་པའི་ལས་ཞེས་བྱ་བ་སྟེ། །
 བྱ་བའི་ཡུལ་དང་འབྲེལ་བའི་ལས། །
 བྱ་བའི་ལས་ཞེས་འདོགས་པ་ཡིན། །
  ཞེས་བོད་ཀྱི་བརྡ་སྤྲོད་སྨྲ་བ་ཚོས་མིང་ཚིག་དང་བྱ་ཚིག་གཉིས་ཀྱི་ནང་ནས། བྱ་ཚིག་ནང་གསེས་དབྱེ་ཞིབ་གནང་སྟངས་ཐད། བྱ་ཚིག་ཀུན་དངོས་པོ་དང་། ལས་དང་།དུས་ཀྱི་དབྱེ་བ་གསུམ་དུ་བསྡུས་ནས་འཆད་ཅིང་། དེའི་ནང་ཚན་གསུམ་པ་ “ལས་” ནི། བྱ་བ་བསྒྲུབ་པའི་ཡུལ་ལ་ངོས་འཛིན་གནང་། དེ་ལ་སྒྲ་ཡིས་བརྗོད་རུང་གི་སྒོ་ནས་བྱ་བ་དང་བྱེད་པ་གཉིས་སུ་དབྱེ། དེ་གཉིས་ཀྱི་གོ་དོན་འཆད་པ་ན། བྱེད་པ་པོ་དང་འབྲེལ་བའི་ལས་ལ་བྱེད་པའི་ལས་དང་། བསྡུས་མིང་ལ་བྱེད་ལས་ཞེས་པའི་མིང་འདོགས་པ་གནང་། བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་བྱ་བའི་ལས་སམ་བསྡུས་མིང་ལ་བྱ་ལས་ཞེས་འདོགས་པར་མཛད་དེ། དེའི་འགྲེལ་བ་ཨ་ཀྱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་》ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཞེས་པའི་འབྲུ་འགྲེལ་བཀྲོལ་བ་ན།སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་ལ། སྔོན་འཇུག་གི་ཕོ་བ་ཡིག་ནི། དུས་འདས་པ་དང་། དངོས་པོ་གཞན་དང་། བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་ལས། འདས་པ་ལ་འཇུག་པ་ནི། ཞེས་ཕོ་ཡིག་བ་ནི་དུས་གསུམ་གྱི་ནང་ནས་འདས་པ་དང་། དངོས་པོ་བདག་གཞན་གཉིས་ལས་གཞན། བྱེད་པའི་ལས་དང་བྱ་བའི་ལས་གཉིས་ཀྱི་ནང་ནས་བྱ་བའི་ལས་སམ་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་ལ་འཇུག་པར་གསུངས་པ་དང་ཁོག་འདྲ་བ་ཡིན་ནོ། །
  དེས་ན་ཤིང་ལྟ་བུ་གཅད་པར་བྱ། ཞེས་བརྗོད་ཚེ། ཤིང་གི་ངོས་ནས་དུམ་བུར་གོག་པའི་ཆ་དེ་ལ་ཟེར་ཞིང་། དེ་ནི་མཐའ་གཏུགས་ན་ཤིང་དང་ངོ་བོ་གཅིག་ཏུ་གྲུབ་པ་ཡིན་སྟབས། ཚིག་ཕྲད་སྦྱར་ས་ནི་གང་གཅད་པར་བྱ་བའི་ཤིང་དེ་ཡིན། དེ་ལ་པྲ་ཏི་ཚུན་ཆད་ཀྱི་བརྡ་སྤྲོད་མཁན་པོ་ཚོས། གཅད་བྱ་ཞེས་པའི་བསྡུས་མིང་འདི་འདོགས་པར་བྱེད། གཅད་བྱ་ཤིང་དུམ་བུར་གོག་པའམ་ཆད་པ་ལ། གཅད་པར་བྱ་ཞེས་ཟེར། དེ་ལྟར། དུམ་བུར་གོག་པའི་ཆའམ་གཅད་པའི་བྱ་བ་དེ་ཉིད་ཤིང་ལས་ངོ་བོ་གཞན་དུ་མེད་པས། ར་སྒྲའི་ཚིག་ཕྲད་དེ། དེ་ཉིད་ཀྱི་སྒྲ་ཡིན། འདི་དག་གི་དོན་ལ་ཨ་ཀྱ་ཡོངས་འཛིན་བློ་བཟང་དོན་འགྲུབ་ཀྱིས། 《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་》ལས། མདོར་ན་ཤིང་མཁན་ནི་བྱེད་པ་པོ་དང་། སྟ་རེ་བྱེད་པ་དང་། ཤིང་ལས་ཡིན་ཞིང་། སྟ་རེས་ཤིང་གཅོད་པའི་བྱ་བ་ནི། སྟ་རེ་དང་འབྲེལ་ནས་ངོ་བོ་གཅིག་ཏུ་ཡོད་པས་ན་བྱེད་པ་པོ་དང་འབྲེལ་བའི་ལས་དང་། ཤིང་བཅད་ནས་དུམ་བུར་སོང་བའི་ཆ་ཤིང་ཁོ་རང་དང་འབྲེལ་ནས་ཡོད་པས་བྱ་བའི་ལས་ཞེས་བྱའོ། །བྱེད་པ་པོ་དང་། བྱེད་པ་དང་། བྱེད་པའི་ལས་རྣམས་དངོས་པོ་བདག་དང་། བྱ་བའི་ཡུལ་ཤིང་དང་། བྱ་བའི་ལས་ཤིང་དུམ་བུར་བཅད་པའི་ཆ་དངོས་པོ་གཞན་དུ་འཇོག་པའོ། །ཞེས་གསལ་པར་གསུངས་ཡོད། འདིས་འདོད་པར་བྱ་དང་། འདོད་པར་བྱེད། འདོད་པར་བྱས་སོགས་ཀུན་ལ་རིགས་བསྒྲེ་དགོས།

   “མ་མཁྱེན་པར་ཟད” “མེད་པར་འགྱུར” “ཐོབ་པར་མཛད” སོགས་ཀྱི་འབྲུ་དོན་རགས་དཔྱད།
  མ་མཁྱེན་པར་ཟད། དེར་ཟད། ལྟ་བུ་ཚད་འཛིན་པ་དང་མཚམས་བསྡུ་བའི་སྒྲ་སྟེ། སེམས་ཀྱི་བདག་ཉིད་ཙམ་ལྟ་བུ། སེམས་ཀྱི་བདག་ཉིད་ལས་བརྒལ་བ་མེད་པའི་དོན་ཏེ། སེམས་ཀྱི་བདག་ཉིད་ལས་གཞན་དུ་ཡོད་པ་གཅོད་པ་དང་ཁོག་འདྲ་བར། མ་མཁྱེན་པར་ཟད་ལྟ་བུར། ཉན་ཐོས་སྡེ་བས་དངོས་པོ་བདེན་གྲུབ་ཏུ་བཞད་པ་ནི། བདེན་པའི་གཅིག་དང་དུ་བྲལ་གྱི་གནས་སྟངས་མ་མཁྱེན་པར་ཟད། ཅེས་བརྗོད་ཚེ། བདེན་པའི་གཅིག་དང་དུ་བྲལ་མ་མཁྱེན་པའི་མཐའ་ལས་བརྒལ་ནས་རྒྱུ་མཚན་གཞན་འཚོལ་རྒྱུ་མེད་པ་ལ་གོ་དགོས། དེར་ཟད། ལྟ་བུར་ཁོང་ཆོས་གྲྭ་ལ་མ་ཕེབས་པའི་རྒྱུ་མཚན་གང། ནད་པ་ཡིན་ན་དེར་ཟད། གཞན་དུ་ཉེས་པ་ལས་ཐར་ཐབས་མེད་ལྟ་བུས་མཚོན་ཏེ། དེ་ལས་གཞན་དུ་དཔྱད་དུ་མེད་པ་དང་། འཚོལ་དུ་མེད་པའི་དོན། དཔྱད་པའི་མཐའ་དང་འཚོལ་བའི་མཐའ་དེ་ནས་ཟད་པ་དང་རྫོགས་པ་བསྟན་པའི་དོན་ཅན་ནོ། །དེས་ན། ཟད་པ་ནི།་ཚིག་ཕྲད་ར་སྒྲ་གང་ལ་སྦྱར་ས་མ་མཁྱེན་པའི་ངོ་བོ་ཉིད་དུ་ཟད་པར་གོ་དགོས་པས། དེ་ཉིད་ལས་གཞན་དུ་འགྲོ་ས་མེད། པྲ་ཏི་པཎྜི་ཏ་རིན་ཆེན་དོན་གྲུབ་ཀྱིས། 《བརྡ་སྤྲོད་ཀུན་བཟང་དགོངས་རྒྱན་》ལས། དེ་ཉིད་ཀྱི་གོ་དོན་འཆད་སྐབས། འདུས་བྱས་སུ་གྲུབ་ལྟ་བུ། གཞི་གཞན་ལ་མི་བརྩི་བར་ཆོས་རང་རང་གི་ངོ་བོ་ཉིད་ཙམ་དུ་གྲུབ་པ་སོགས་སྟོན་པའི་ལའི་སྒྲ་ནི། དེ་ཉིད་དམ་བདེན་པའི་དངོས་པོ་སྟོན་པ་ཞེས་བྱའོ། །ཞེས་ཚིག་ཕྲད་སྦྱར་ས་དེའི་ངོ་བོ་ཉིད་དུ་གྲུབ་པར་བསྟན་པའི་”ལ་དོན་”ལ་དེ་ཉིད་འཇོག་དགོས་པ་གསུངས་པ་ནི། གསུང་རབ་ཀྱི་བརྡ་ཆད་དང་མཐུན་པའི་ལེགས་བཤད་ཁོ་ནའོ།།
  “མེད་པར་འགྱུར”། ཞེས་པ་ནི་སྔར་ཡོད་པ་ཞིག་རྒྱུ་རྐྱེན་གང་ཞིག་གིས་དེ་ལས་ལྡོག་པའི་ངོ་བོར་སོང་བའི་དོན་ཏེ། དེ་ཡང་གང་ཟག་གཅིག་གིས་རྩོལ་བའི་འབད་པ་ལ་མི་ལྟོས་པའི་སྒོ་ནས་ངོ་བོར་གཞན་དུ་སོང་བའམ་འགྱུར་བ་དང་། གང་ཟག་གཅིག་གིས་རྩོལ་བའི་འབད་པ་ལ་བརྟེན་ནས་ངོ་བོར་གཞན་དུ་སོང་ན་བསྒྱུར་ཞེས་འབྲི་དགོས།དུས་རབས་བཅོ་བརྒྱད་པ་ནས་བཟུང་། འདི་རིགས་ལ་སི་ཏུ་པཎ་ཆེན་གྱིས། བྱེད་འབྲེལ་ལས་ཚིག་གམ་བྱ་བྱེད་ཐ་དད་པའི་ལས་ཚིག་དང་། བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཅེས་པའི་ཐ་སྙད་སྦྱར་བར་མཛད་དེ། 《འགྲེལ་ཆེན་》ལས། དངོས་སུ་བྱེད་པོ་དང་བྱ་བ་ཐ་མི་དད་པའི་ལས་ཀྱི་ཚིག་རྣམས་ལ་ནི་ལས་དེ་དག་གང་རུང་སྟོན་པའི་ཚིག་ཡིན་པས་ཁྱབ་ཀྱང་། ངོ་བོ་གཅིག་པ་ལ་བདག་གཞན་གྱི་དབྱེ་བ་མི་རུང་བས་འདིར་བསྟན་བདག་གཞན་གྱི་སྒྲ་མི་འཇུག་པའི་ཕྱིར་རོ། །ཞེས་ཆུ་འཁྱིལ། མེ་འབར། འཁོར་བར་འཁྱམས། ལམ་ལ་འགྲོ་སོགས། བྱེད་པ་པོ་ལས་ངོ་བོ་ཐ་དད་པའི་བྱ་ཡུལ་མེད་པའི་བཤད་པ་གསར་བཏོད་པ་དེའི་རྗེས་སུ་འབྲངས་ནས། བརྡ་སྤྲོད་མཁན་པོ་ཕལ་མོ་ཆེས་ལད་ཟློས་བྱས། དེ་ནི་འཇིག་རྟེན་ཕལ་པའི་སྐད་བརྡ་རིག་པའི་ཐོག་ཕན་རླབས་ཆེས་ཆེ་ལྡན་པའི་གསར་གཏད་རང་བཞིན་ལྡན་པ་ཞིག་ཡིན་མོད། དམ་པའི་གསུང་རབ་དང་གཏན་ཚིག་རིག་པའི་སྒྲོས་དང་བསྟུན་ནས་བཤད་ན། བྱེད་པོ་ལས་དང་བྱ་བ་གཅིག་ཏུ་གྲུབ་པའི་རང་བཟོའི་བཤད་པ་ཡིན་ཚུལ། དགེ་བའི་བཤེས་གཉེན་ཆེན་པོ་ལམ་རིམ་པས། དོན་ཚན་བཅུ་བཞིའི་སྒོ་ནས་ནན་གྱིས་བཀག་པར་གཏན་ཚིགས་རིག་པའི་འགྲོས་དང་ལྡན་མཁན་ཞིག་ཡིན་ཕྱིན་ཆད་དགག་བཞག་འདི་ཚོ་ཁས་མི་ལེན་ཀ་མེད་ཡིན། མཚན་ཉིད་པ་ཚོས། སི་ཏུའི་རང་ལུགས་དེའི་ཚིག་མགོའི་”དངོས་སུ་”ཞེས་པའི་ཞྭ་མོ་དེ་དང་། ཚིག་གཞུག་ “འདི་བསྟན” ཞེས་པའི་ཆིམས་ལྷམ་དེ་གཉིས་ལ་ཚིག་འཇུ་བྱས་ན། དམ་བཅའ་སྐམ་པོ་ཞིག་ཟིན་འགྲོ་མདོག་ཁ་ཡང་། གསུང་རབ་ཀྱི་བརྡ་ཆད་དང་མཐུན་མིན་ནི། དགེ་བའི་བཤེས་གཉེན་ཆེན་པོ་ལམ་རིམ་པའི་གསུང་དེས་ཐག་ཆོད་ངེས། སྤྲོས་པ་དེ་དག་དོར་ནས་ཐད་ཀར་འགྲེལ་བརྗོད་ཞུས་ན། འགྱུར་བ་ནི་བྱ་བ་ཡིན། ར་སྒྲ་ནི་ལ་དོན་ཡིན།མེད་པ་ནི་ལ་དོན་གྱི་ཚིག་ཕྲད་སྦྱར་ས་དེ་ཡིན། དེས་ན་འགྱུར་བ་དེ་ཉིད་ཚིག་ཕྲད་སྦྱར་ས་དེའི་ངོ་བོ་ཉིད་དུ་གྲུབ་པ་བསྟན་པས། དེ་ཉིད་ཀྱི་དོན་ཁོ་ནར་ངེས། གཏན་ཚིགས་རིག་པ་ཤེས་མཁན་ཞིག་གི་ངོས་ནས་བལྟས་ན། འདི་ལ་དཀའ་ཚེགས་གང་ཡང་མེད།

   “ཕུང་པོར་བཅས།” སོགས་ཀྱི་འབྲུ་དོན་རགས་དཔྱད།
  “བཅས་”ཞེས་པ་འདི་ནི། ལེགས་སྦྱར་སྐད་དུ། सह སཧ།  “བཅས་པ” ཞེས་པ་ནི། सचक्रः སཅཀྲཿཞེས་པ་དེ་ཡིན། འདི་ཉིད་ཚིག་གྲོགས་ལ་བརྟེན་ནས་དོན་དུ་མར་འཇུག་པར་འགྱུར་ཏེ། ཅིག་ཅར་རམ་མཉམ་དུ།  ལྡན་པའམ་ཡོད་པ།  རྫོགས་པའམ་མ་ལུས་པ།  ཡོན་ཏན་ནམ་ཁྱད་ཆོས། ཚང་པའམ་འདུས་པ་སོགས། གོ་ས་མང་དུ་ཡོད་པ་དེ་དག་གི་དཔེ་མཚོན་རེ་གཉིས་ཞུ་ན། སྐྲ་དང་བཅས་ཏེ་མགོ་ནས་བཟུང་། ལྟ་བུ་མཉམ་དུའམ་ལྷན་ཅིག་པའི་དོན་ལ་འཇུག་པ་དང་། ལན་བུ་བཅས་པའི་གདོང་མཛེས་ལྡན། ལྟ་བུ་ལྡན་པའམ་ཡོད་པའི་དོན་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ལྟ་བུ་རྫོག་པའམ་མ་ལུས་པ། མགྲིན་དང་བཅས་པ་སྔོན་པོ་ཅན་ལྟ་བུ་ཁྱད་ཆོས་སམ་ཡོན་ཏན་ལ་འཇུག་པ། ལྷ་དང་བཅས་པ་ལྟ་བུ་ནི་ཚང་བའམ་འདུས་པའི་དོན་དུ་ཤེས་དགོས། དེ་དག་ལས་ཕྱི་མ་འདི་ནི། <<སྨྲ་སྒོ་མཚོན་ཆ་>>ལས།གལ་ཏེ་མིང་གཉིས་འདུས་པའམ། །
འོན་ཏེ་མང་པོ་འདུས་ཀྱང་རུང༌། །ཞེས་དང་དེའི་ཐད་ཀྱི་འགྲེལ་བ་ལས། རང་གི་ངོ་བོ་ནི་དེ་འདུས་པས་དོན་གྱི་ཁྱད་པར་བརྗོད་པའོ། །ཞེས་པ་ལྟར་བསྡུ་བའི་དོན་ཅན་ལ་འཇུག་པ་ཡིན་ནོ། དེས་ན། ཕུང་པོར་བཅས་ཞེས་པར། ཕུང་པོར་བཅས་པ་མྱ་ངན་འདས་ཞེས་བརྗོད་ན། ཕུང་པོ་དང་ལྷན་ཅིག་ཏུ་ཞེས་པའི་དོན་ཡིན། ཕུང་པོར་བཅས་པ་མི་རྟག་གོ་ཞེས་བརྗོད་ན། ཕུང་ཁམས་སྐྱེ་འཆེད་ཀུན་མི་རྟག་པའི་དོན་དུ་གོ། འདིའི་གནད་རག་ཙམ་མཁྱེན་པ་ལ་ཚིག་སྡུད་ཀྱི་སྐོར་ཕྱོགས་ཙམ་ཤེས་དགོས། <<ཚིག་བསྡུ་བ་ལའང་སྨྲ་སྒོ་>>ལས།
 འབྲུ་མང་པོ་དང་ཚིག་སྡུད་དང༌། །
 ཁྱད་པར་དག་དང་ཡན་ལག་དང༌། །
 གཞི་དང་གཞི་གཅིག་བསྡུ་བ་དང༌། །
 གཞི་མཐུན་པ་དང་དེའི་སྐྱེས་བུ། །
 ཟླས་དབྱེ་བ་དང་ཕྱོགས་ཙམ་མོ། །
  ཞེས་པ་ལྟར། བསྡུ་བ་བཅུ་གསུང་པའི་ནང་གི་འདི་ནི་བཞི་པ་ཡན་ལག་བསྡུ་བ་ཡིན། འདིའི་ཐད་ཀྱི་<<སྨྲ་སྒོ་རྩ་འགྲེལ་>>ལས།ད་ནི་ཡན་ལག་བསྡུ་བ་འཆད་དེ། དེའི་ཕྱིར།
 འབྲེལ་པ་དག་དང་གོ་རིམས་དང༌། །དོན་དང་གྲགས་པའི་ཡན་ལག་ནི། །བསྡུ་བ་བཞིའོ་་་་།ཞེས་སྨོས་ཏེ། འབྲེལ་པའི་ཡན་ལག་བསྡུ་བ་ནི་ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི་གཟུགས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུའོ། །དོན་གྱི་ཡན་ལག་བསྡུ་བ་ནི་འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ལྟ་བུའོ། །གྲགས་པའི་ཡན་ལག་བསྡུ་བ་ལ་ཡང་འཇིག་རྟེན་ལ་གྲགས་པ་དང༌། བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེའི་ཕྱིར་གྲགས་པ་ཡང༌། འཇིག་རྟེན་བསྟན་བཅོས་དག་ལ་གཉིས། །ཞེས་སྨོས་ཏེ། འཇིག་རྟེན་ལ་གྲགས་པ་ནི་ཀ་བ་བུམ་པ་ལ་སོགས་པའི་ཐ་སྙད་བྱས་པ་ལྟ་བུའོ།།བསྟན་བཅོས་ལ་གྲགས་པ་ནི་ལས་ལ་སོགས་པའི་བྱེད་པའི་ཚིག་བྱེད་པ་ལྟ་བུའོ། །ཞེས་གསུངས་པ་དང་ཁོག་འདྲ། འོ་ན་ར་ཡིག་དེ་ཉིད་མིང་གི་ཆ་ཤས་སམ་ཚིག་ཕྲད་གང་ཡིན་ཞེ་ན། ཚིག་ཕྲད་དེ། བཅས་པ་དེ་ཕུང་པོའི་ངོ་བོ་ལས་གཞན་དུ་ངོས་འཛིན་ཞུ་རྒྱུ་མེད་པས་དེ་ཉིད་ཀྱི་སྒྲ་ཁོ་ནར་ངེས་སོ།།
  སྨྲ་སྒོ་ནས་འབྱུང་བའི་བསྡུ་བ་མང་པོ་ཞིག བོད་སྐད་རྣལ་མ་ལ་མཁོ་བ་མེད་ཀྱང་། གསུང་རབ་ཀྱི་བརྡ་ཆད་བཀྲོལ་དུས། རང་རེའི་མེས་པོ་ཚོས། རང་ཤ་ལ་རིན་ཐང་མི་བརྩི་བར། ཤར་སྤྲིན་དང་ལྷོ་རླུང་ལ་དུངས་པའི་དར་ཆེན་མཐོན་པོར་སྒྲེངས་པའི་སྒྲ་རླབས་དེ་ཚོ་མི་རིགས་འདིའི་སྙིང་རྩ་ལ་སིམ་ཟིན་པས། ལེགས་སྦྱར་ལྷ་ཡི་སྐད་ལས་ཆད་པའི་བརྡ་ཆད་མང་དག་ཅིག་ལ་བློ་ཁ་མི་ཕྱོགས་ཐབས་མེད་ཡིན།

   “རྣམ་པར་ཐར་པ” སོགས་ལས་འཕྲོས་པའི་འབྲུ་དོན་རགས་དཔྱད།
  རྣམ་པར་ཐར་པ་ནི། ལེགས་སྦྱར་སྐད་། विशेष रूप से मुक्त  (विशेष रूपेन मुक्तः ཝིཤེཥ རུྰཔེན མུཀྟཿ )དམིགས་བསལ་གྱི་སྒོ་ནས་ཐར་བ་ལ་གོ། འདིའི་རྣམ་པ་ནི། ཉེ་བསྒྱུར་གྱི་སྒྲ་སྟེ། རང་ཉིད་གཅིག་པུས་གོ་བ་གང་ཡང་མི་བསྟན་པ་དང་། སྐབས་འགར་ཚིག་གྲོགས་གཞན་དང་འགྲོགས་པ་ལས་གོ་བ་འབྱུང་བ་ཙམ་གྱི་ཚིག་ཡིན། ལེགས་སྦྱར་སྐད་དུ་ཉེར་བསྒྱུར་གྱི་སྒྲ་བརྒྱ་དང་ཉེར་བརྒྱད་ཙམ་ཡོད། བོད་སྐད་ཐོག་མཚན་གཞི་འགའ་ཞིག་ནི་<<སྨྲ་སྒོའི་འགྲེལ་པ་>>ལས། ད་ནི་དོན་ལྷག་པར་སྟོན་པ་དང་མི་སྟོན་པའི་ཕྲད་བསྟན་པའི་ཕྱིར།
ཡང་དག་ཡོངས་སུ་ཀུན་དུ་སོགས། །
སྒྲ་བཞིན་དང་ནི་ཕྲད་དུའོ། །
ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ཞེའམ། ཡོངས་སུ་ཞེའམ། ཀུན་དུ་ཞེའམ། དེ་བཞིན་དུ་རབ་དང༌། རྣམ་པ་དང༌། ཉེ་བ་དང༌། ཤིན་ཏུ་ལྟ་བུ་སྐབས་སུ་སྒྲ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། །སྐབས་སུ་དོན་ལྷག་པར་སྟོན་པར་བྱེད་པ་མེད་དེ། ཚིག་གི་ཕྲད་དང་རྒྱན་ཙམ་མོ། །ཞེས་གསུངས་པ་ལྟར་ཡིན་ནོ། །འདིས་མཚོན་ནས། གསུང་རབ་ཀྱི་བརྡ་ཆད་རྣམས་སུ་ཡང་དག་དང་། ཡོངས་སུ། ཀུན་ཏུ། རབ་ཏུ། ཤིན་ཏུ། རྣམ་པ། མངོན་པ། ཉེ་བ་ལྟ་བུ་དུ་མར་འབྱུང་བ་དེ་དག་གིས། སྐབས་འགར་དོན་ལྷག་པ་སྟོན་ཅིང་། སྐབས་འགར་དོན་ལྷག་པ་གང་ཡང་མི་སྟོན་པ་ཅི་རིགས་པ་ཡོད་ཅིང་། སྐབས་སྟོབས་ཀྱི་བརྗོད་དོན་མི་སྟོན་པ་རྣམས་ནི་ཚིག་གི་ཕྲད་དང་ཚིག་རྒྱན་ཙམ་དུ་ཤེས་པར་བྱའོ།། དེ་དག་གི་དོན་བསྟན་པ་ནི། དཔེར་ན། ས་ཆེན་པོ་འདི་འགུལ། ཀུན་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྟ་བུ་ས་ཆེན་པོ་འདི་ཆུང་ཆུང་འགུལ་བ་དང་། འབྲིང་འབྲིང་འགུལ་བ། ཆེན་པོ་འགུལ་བའི་དོན་དུ་གོ་བས། དེ་འདྲའི་ཀུན་ཏུ་དང་། རབ་ཏུ། ཤིན་ཏུ་ལྟ་བུ་ནི་དོན་ལྷག་པ་བསྟན་པའི་ཚིག་ཕྲད་ཡིན། མེ་ཏོག་མངོན་པར་གཏོར། ལྟ་བུའི་མངོན་པར་ལ་བསྟན་བྱ་ལྷག་པོ་གཞན་གང་ཡང་མེད་པ་ཚིག་རྒྱན་ཙམ་ཡིན་ནོ།།
  དེས་ན། བཅོམ་ལྡན་འདས་ཀྱི་དྲུང་ན་ཉེ་བར་འཁོད་དོ།། ལྟ་བུ་ཡང་ཡང་འབྱུང་བའི་ཉེ་བར་ཞེས་པ་དེར་དམིག་བསལ་གོ་བ་གང་ཡང་མེད། དེ་བཞིན་དུ་མངོན་པར་རྟོགས། རྣམ་པར་མཁྱེན། ཀུན་ཏུ་དམར། ཡོངས་སུ་གྲུབ་ལྟ་བུའི་མངོན་པར་དང་། རྣམ་པར། ཀུན་ཏུ། ཡོངས་སུ་སོགས་ལའང་རིགས་འགྲེ་དགོས། བོད་སྐད་ཐོག ཚིག་ཕྲད་དང་རྣམ་དབྱེ། ཚིག་རྒྱན་ཐམས་ཅད་ཉེ་བསྒྱུར་གྱི་སྒྲ་ཡིན་ཏེ། རང་ཉིད་གཅིག་པོས་གོ་བ་གང་ཡང་མི་བསྟན་པའི་ཚིག་གི་ཆ་ཤས་ཙམ་ཡིན་པའི་ཕྱིར། ཉེ་བར་དང་།མངོན་པར། ཤིན་ཏུ། རབ་ཏུ་ལྟ་བུ་རྣམས་ཀྱང་ཚིག་རྒྱན་གྱི་ཉེ་བསྒྱུར་ཡིན་ཟེར་དགོས།
རབ་མཆོག་ལྷག་པར་ཡང་དག་ཕུལ།  །
རྗེས་སུ་བྲལ་བ་ངན་པ་དང།  །
རྣམ་པར་ལེགས་པར་ངེས་པར་དང།  །
སླར་དང་ཤིན་ཏུ་དག་པ་དང།  །
བདེ་བར་མངོན་པར་མཐོ་བ་དང།  །
སོ་སོར་ཡོངས་སུ་ཉེ་བ་སྣང།  །
ཉེ་བར་སྒྱུར་བ་ཉི་ཤུ་ཞེས།  །
ཙནྡྲ་གོ་མིའི་གཞུང་ལས་གསུངས།  །
  ཞེས་པ་ལྟར་ལ། ནང་གསེས་ཀྱིས་ཕྱེ་ན། ཉེར་སྒྱུར་ཉི་ཤུ་པ་ཞེས་བྱ་བའི་བསྟན་བཅོས་ལས།  རབ་ཅེས་པ་དོན་བཅོ་ལྔ་ལ་འཇུག་པ་ནས།  ཉེ་བར་ཞེས་པ་དོན་བཞི་ལ་འཇུག་པའི་བར་རྒྱས་པར་གསུངས་སོ།  །མདོར་བསྡུས་ཙམ་རེ་མཁྱེན་པར་འདོད་ན་དངུལ་ཆུ་དྷརྨ་བྷ་དྲའི་ཉེ་བསྒྱུར་ཉི་ཤུའི་བསྡུས་བཤད་ལ་གཟིགས་དགོས། འོ་ན།རྣམ་པར་ཐར་ཞེས་པའི་ར་སྒྲ་དེ་གང་ཡིན་ཞེ་ན། དེ་ཉིད་ཀྱི་ཚིག་ཕྲད་ཡིན་ཟེར་དགོས། ཚིག་གྲོགས་ཕྱི་མ་ཐར་པ་ཞེས་པ་དེ་ཚིག་ཕྲད་ར་སྒྲ་དེ་ཉིད་གང་ལ་སྦྱར་ས་དེའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར། མདོར་ན་ཉེ་བསྒྱུར་གྱི་མིང་ཚིག་ལ་སྦྱར་བའི་ལ་དོན་ཡིན་ན་དེ་ཉིད་ཀྱི་ཚིག་ཕྲད་ཡིན་པས་ཁྱབ་པར་སྨྲ་དགོས་པ་འདྲའོ།། དེས་ན་གཞུང་ཆེན་པོ་ལ་སློབ་གཉེར་གནང་མཁན་ཚོས། འཇིག་རྟེན་ཕལ་བའི་སྐད་ལ་བེད་སྤྱོད་དེ་ཙམ་མེད་ནའང་གཙུག་ལག་ཕལ་བའི་བརྡ་ཆད་འདི་རིགས་། བློ་གྲོས་ཀྱི་སྤྱན་ཞགས་ཅུང་ཟད་གཡོ་དགོས་པ་འདྲ་སྟེ། གྲོང་ཁྱེར་ཆེན་པོའི་ནང་དུ་གཏན་བཞུགས་གནང་མཁན་ཚོ་ཡང་གྲོང་གསེབ་ཀྱི་འོ་མ་མི་ཉོ་ཀ་མེད་ཡིན་པའི་ཕྱིར།

   “རྩོད་པ་སྤང། ཤ་ཟ། ཇ་འཐུང་།”སོགས་ཀྱི་བར་དུ་ལ་དོན་མི་འབྲི་བའི་དོན་གནད་རགས་དཔྱད།
  རྩོད་པ་སྤང། ཤ་ཟ། ཇ་འཐུང། རྟ་གསོད། ལྷ་བསྒྲུབས། རི་མོ་འབྲི་སོགས་ལ། ཤ་རུ་ཟ། ཇ་རུ་འཐུང་། ལྟ་བུ་ལ་དོན་སྦྱར་རུང་མིན་དང་། རུང་ན་ལྷོ་ན་འགྲོ་ལ་ལྷོར་འགྲོ་འབྲི་སྲོལ་བཞིན། ཇར་འཐུང་ལྟ་བུ་མི་འབྲི་བའི་དོན་གནད་ཐད། “ལ་དོན་”གྱི་ཐོབ་ཐང་སྐོར་ལ། ཤ་ཟ་སོགས་ཀྱི་དོན་ནི། ཞིབ་ཏུ་བརྟག་ན་བྱ་བའི་ཡུལ་ནི་ཤ་དང་། ཟ་བ་ནི་བྱ་བ་ཡིན་པས། བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་དོན་གྱིས་གྲུབ་པས་ལས་སུ་བྱ་བ་འཁྲུལ་མེད་ཡིན། འོ་ན་རྒྱུན་དུ། “ཤ་ཟ”ཟེར་བ་ལས་ “ཤ་ལ་ཟ” ཞེས་མི་བརྗོད་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། མིའི་བརྡ་ཆད་ནི་འགྲོ་བ་མིའི་སྤྱི་ཚོགས་ནང་། རྩོལ་མེད་རང་བྱུང་གིས་བརྡོལ་བའི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་ངག་གི་རང་བཞིན་གང་ཡིན་པ་དེར་རྩ་འཛིན་བྱས་ནས། བརྡ་སྤྲོད་པའི་གཞུང་ལུགས་རྩོམ་པ་མ་གཏོགས། དང་པོ་བརྡ་སྤྲོད་པའི་གཞུང་རྩོམ། དེ་ནས་འགྲོ་བ་རྣམས་ཀྱི་ཁ་ལ་ཁྲིམས་བཅས་ནས། གཞུང་དེ་དང་མཐུན་པའི་སྐད་ཆ་བཤད་དགོས་པའི་ཚ་དེད་ཇི་ཙམ་གཏོང་ནའང་། དེ་ནི་ལུང་མདོའི་གཙང་པོ་བྲག་ཐོག་ཏུ་འདྲེན་པའི་རེ་སྟོང་དང་མཚུངས་པས་ཕན་ཐོགས་གང་ཡང་མེད། ཡིན་ནའང་འདིའི་རིགས་ལ་བརྡ་སྤྲོད་སྨྲ་བ་ཚོས། གནས་ལུགས་དང་སྐད་གདངས་གཉིས་ཀར་ཚད་ཐིགས་བཞལ་ཏེ། སྔ་ས་ནས་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་བཟོས་ཟིན་པ་ཡིན་ཏེ། 《སྨྲ་སྒོ་མཚོན་ཆའི་འགྲེལ་པ་》ལས། ཚིག་སྡུད་བཅུ་བཤད་པའི་ནང་གི་གཉིས་པ་ཚིག་གི་བསྡུ་བའི་ནང་ཚན་བྱེད་པའི་ཚིག་གི་བསྡུ་བ་འཆད་པའི་སྐབས།གཉིས་པ་ལ་སོགས་བདུན་པའི་མཐའ།།བྱེད་པ་དྲུག་ཏུ་འདོད་པ་སྟེ། །ཚིག་སྡུད་ཙམ་དུ་ཤེས་པར་བྱ།།ཞེས་སྨོས་ཏེ།གཉིས་པ་ལས་ཀྱི་བསྡུ་བ་ནི་གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ལྟ་བུའོ། །གསུམ་པའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་ནི་མདས་བསྣུན་ལྟ་བུའོ། །བཞི་པའི་བསྡུ་བ་ནི་རྒྱན་ཆེད་ཀྱི་གསེར་ནི་རྒྱན་གསེར་ལྟ་བུའོ། །ལྔ་པའི་བསྡུ་བ་ནི་ཡུལ་ལས་འབྱུང་བ་ནི་ཡུལ་བྱུང་ལྟ་བུའོ། །དྲུག་པའི་བསྡུ་བ་ནི་ལྷ་སྦྱིན་གྱི་རྟ་ནི་ལྷ་སྦྱིན་རྟ་ལྟ་བུའོ། །བདུན་པའི་བསྡུ་བ་ནི་ཡུལ་ན་གནས་པ་ནི་ཡུལ་གནས་སྟ་བུ་སྟེ། དེ་དག་ལ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱའོ།།ཙམ་གྱི་དགག་པ་ནི་དོན་ཐམས་ཅད་དུ་ཐ་དད་པས་འགེགས་པར་བྱེད་དེ། ཚིག་བསྡུ་བ་ལྔ་པོ་འདི་ཚིག་བསྡུ་བ་གཞན་དོན་མཐུན་པ་ལ་ཉེས་པ་མེད་དོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེས་ན་གྲོང་ལ་འགྲོ་བ་གྲོང་འགྲོ། ཟས་ལ་ཟ་བ་ལ་ཟས་ཟ། གོས་ལ་གོན་པ་ལ་གོས་གྱོན། ཞེས་འབྲི་མི་རུང་བ་མིན་ཏེ། སྨྲ་སྒོའི་འགྲེལ་བ་ལས།
 ད་ནི་ལའི་དོན་བསྟན་པའི་ཕྱིར།
 ལ་ནི་གཉིས་པ་བཞི་པ་དང༌། །
 བདུན་པ་སྡུད་དང་སྦྱོར་བ་དང༌། །
 སྨོན་དང་ཆད་འཛིན་གཞི་དང་ནི། །
 ཚེ་སྐབས་དག་ཏུ་འདོད་པ་ཡིན༌། །
  ཞེས་སྨོས་པ་ཡིན་ཏེ། ལའི་དོན་གཉིས་པར་འགྱུར་བ་ནི་ཤིང་ལ་གཅོད་ཅེས་པ་ལྟ་བུའོ། །ཞེས་གསུངས་སོ། ། གསུང་རབ་རྒྱ་མཚོའི་《ལ་དོན་མཐའ་དཔྱད་》(ཕྲན་ལོ་༡༡་ཡན་མན་སྐབས་དེ་བ་ཞིག་ལ་ལྷོད་ལྷོད་མཇལ་མྱོང་།)དུའང་། རྣམ་དབྱེ་གཉིས་པ་བསྡུ་བར་ཤིང་ལ་གཅོད་ཅེས་པ་ཤིང་གཅོད། དེ་བཞིན། གོས་ལ་གྱོན། ཟས་ལ་ཟ་སོགས་ཀྱང་ཤེས་དགོས་པ་གསུང་ཡོད། མཁས་གྲུབ་ཆོས་རྗེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ལེགས་བཤད་ལི་ཤིའི་ཡལ་འདབས་ལ་ཟོས་པས།། ཞེས་གསུངས་པ་ཡང་འདི་ཚོ་ཁོག་གཅིག་པ་ཡིན་ནོ། །
  སྐབས་འདི་དང་བསྟུན་ནས་རང་རེ་རྒྱ་གར་བའི་གཞུང་ཆེན་པོ་ལ་སློབ་མཁན་ཚོས། ལེགས་སྦྱར་གྱི་གཞུང་ “ཀ་ལ་པའི་འགྲེལ་བ་” ལས་འབྱུང་ཞིང་། མདོ་བསྡུས་རེ་ནི་《སྨྲ་སྒོ་》དང་། 《གནས་བརྒྱད་རྩ་འགྲེལ་》ལས་ཀྱང་འབྱུང་ལ། བོད་སྐད་ལའང་སྐབས་འགར་ཕན་ཐོགས་ངེས་ཅན་ཡོད་པའི་ཚིག་སྡུད་ཀྱི་སྐོར་མི་ཉུང་བ་ཞིག་ཤེས་པར་བྱ་བ་ཡོད་པ་ལས། འདིར་རྣམ་དབྱེ་བསྡུ་བའི་དཔེ་མཚོན་ཙམ་ཞིག་ཞུ་བར་འདོད་དེ། རྣམ་དབྱེ་བསྡུ་བ་ལ་ལེགས་སྦྱར་སྐད་དུ་བྱེད་པའི་ཚིག་གི་བསྡུ་བ་ཞེས་བྱ་ལ། སྐྱེས་བུའི་བསྡུ་བ་ཞེས་ཀྱང་བྱའོ། །དེ་ལ་དབྱེ་ན་གཉིས་པ་བསྡུ་བ་ནས་བདུན་པ་བསྡུ་བའི་བར་དྲུག་ཡོད་དེ། དེ་དག་རིམ་པ་བཞིན། རྣམ་དབྱེ་གཉིས་པ་བསྡུ་བ་ནི། གནམ་ལ་འགྲོ་བའི་གྲུ་ལ་གནམ་གྲུ། ཀུན་ཏུ་འགྲོ་བ་ལ་ཀུན་འགྲོ། བྱ་བའི་ཡུལ་ཟས་ལ་ཟ་བའི་བྱ་བ་བྱེད་པ་བསྟན་པའི་གཉིས་པ་ལ་ཡིག་བསྡུས་ནས་ཟས་ཟ་ལྟ་བུ། དེས་མཚོན་ནས་གོས་ལ་གྱོན་པ་ལ་གོས་གྱོན། ཤིང་ལ་གཅོད་པ་ལ་ཤིང་གཅོད་ལྟ་བུ་རེ་རེ་ནས་ཞིབ་མོའི་ལུགས་སུ་བྱས་ན། དེ་དག་ལས་སུ་བྱ་བ་ཡིན་ཡང་རྒྱུན་ལྡན་གཉིས་པ་བསྡུས་ནས་འབྲི་བ་ཡིན་ནོ། །རྣམ་དབྱེ་གསུམ་པ་བསྡུ་བ་ནི། རྐང་པས་འཐུང་བ་ལ་རྐང་འཐུང་། ལག་པས་འགྲོ་བར་ལག་འགྲོ སྣུམ་གྱིས་འཁོར་བ་ལ་སྣུམ་འཁོར། ལྟ་བུ། བཞི་པ་བསྡུ་བ། བགེགས་ཀྱི་ཆེད་དུ་བྱས་པའི་གཏོར་མ་ལ་བགེགས་གཏོར། མགྲོན་པོའི་ཆེད་དུ་བྱས་པའི་ཁང་པ་ལ་མགྲོན་ཁང་། ལྔ་པ་བསྡུ་བ། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས། ཆུ་ལས་སྐྱེས་པའི་མེ་ཏོག་ལ་ཆུ་སྐྱེས། རླུང་གི་རྒྱུད་ནས་བྱུང་བའི་འཕྲིན་ལ་རླུང་འཕྲིན། དྲུག་པ་བསྡུ་བ་ནི། མི་ཡི་མགོ་ལ་མི་མགོ། གངས་ཀྱི་རི་བོ་ལ་གངས་རི། བདུན་པ་བསྡུ་བ་ནི། ཆུ་ལ་གནས་པའི་བྱ་ལ་ཆུ་བྱ། འབྲས་བུ་ལ་གནས་པའི་ཉན་ཐོས་ལ་འབྲས་གནས་ལྟ་བུས་མཚོན་ཏེ། འདི་དག་ཀྱང་རྟ་རྒྱུག་ཞོར་མེ་ཏོག་གི་དཔེ་ལྟར་ངེས་པར་མཛད་དགོས། འདི་དག་གི་དོན་བསྡུས་ཙམ་རེ་ནི་བསྟན་དར་ལྷ་རམས་པའི་ཡིག་བཤད་མཁས་པའི་ཁ་རྒྱན་དུ་གསལ་བས་དེར་གཟིགས་དགོས། རྒྱས་པར་ནི་སྨྲ་སྒོ་རྩ་འགྲེལ་དང་། གནས་བརྒྱད་རྩ་འགྲེལ་ལས་འབྱུང་བས་དེ་དག་ལའང་། ཆོས་མཚམས་ཀྱི་སྐབས་དང་བསྟུན་ནས་སྤྱན་རས་གཡོ་ཙམ་རེ་གནང་ན། སྐྲ་སེར་སེར་དང་མིག་སྔོ་སྔོའི་ཡུལ་ལྗོངས་མཐོང་བའི་རྒྱང་ཤེལ་ཁྱད་པ་ཞིག་མིན་ཡང་། སྐད་བརྡ་རིག་པ་དང་གཞུང་པོ་ཆེན་པོ་ལ་ལྟ་བའི་ཆེ་མཐོང་རྒྱང་ཤེས་ཕལ་བ་ཞིག་ནི་ཅིས་ཀྱང་ཡིན་པས་ཕན་ཐོགས་ངེས་ཅན་རེ་ཡོང་ངེས་སྙམ་ཏེ་རྟིང་སྐུལ་ཙམ་མོ། དེས་ན། རྩོད་པ་སྤང། ཤ་ཟ། ཇ་འཐུང། རྟ་གསོད། ལྷ་བསྒྲུབས། རི་མོ་འབྲི་སོགས་ལ།  ཤ་རུ་ཟ། ཇ་རུ་འཐུང། ལྟ་བུ་ལ་དོན་སྦྱར་རུང་མོད། སྦྱར་རུང་ཚད་སྦྱོར་ནས་ཇ་འཐུང་བ་ལ་ཇར་འཐུང་ལྟ་བུ་རྒྱུན་ལྡན་དུ་མི་འབྲི་བའི་གནད་ནི། རང་སྐད་གང་ལ་ཐག་ཉེ་བ་དེ་འབྲི་བར་འབད་ན། སྟབས་བདེ་ལ་གོ་སླ་བའི་ཁྱད་པར་ལྡན་པས་སོ། ། སྐད་གསར་བཅད་ཐེངས་གསུམ་བྱས་པའི་རྒྱུ་མཚན་ཡང་ཞར་ལ་ཤེས་དགོས་པ་ཞིག་ཡིན།
  འཕགས་བོད་མེས་པོའི་ཞལ་ཆབ་འཐོར་བའི་ཆུ།།
  ཐིགས་པའི་ཕྲེང་བ་སྒྲིག་པའི་ཚིག་ཐོ་འདིས།།
  མ་བསླབ་ཤེས་པའི་བག་ཆགས་འཐུང་བའི་བུར།།
  ཕན་རེ་སྟོང་པའི་འཇའ་ལ་འཆང་པ་མིན།།
  སྐྱེས་སྦྱངས་གོམས་པའི་འཇུག་ངོགས་འཚོལ་བའི་སྣེར།།
  གམ་སྟབས་འཁོར་ལོའི་ཟོལ་དུ་བསྒྱུར་བ་འགའ།།
  གལ་ཏེ་མཆིས་ན་དེ་ཡི་སེམས་ཀྱི་མཁར།།
  གསལ་བྱེད་ཟླུམ་པོའི་དཀྱིལ་འཁོར་ཟོལ་གྱིས་སྟེགས།།
  ཁ་བཤད་དོན་ཐོག་འཁེལ་བའི་ཕྱག་ལེན་དང་།།
  རིག་པ་དཔེ་ཐོག་འགོད་པའི་ལག་རྩལ་གཉིས།།
  ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་གསུམ།།
  ནམ་ཡང་མི་ནུབ་ཕན་ཚུན་འགྲན་གྱུར་ཅིག།
   ༢༠༡༢།༤།༡༥། ཤིན་ཏུ་བྲེལ་འཚུབ་དང་བཅས་ཝཱ་ཎ་མཐོ་སློབ་ཀྱི་རང་ཤག་ཏུ་རགས་བསྡུས་སུ་བྲིས་ཤིང་མེ་འཁོར་ནང་སྣོན་འཕྲི་གང་འོས་བྱས་པ་དགེ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བརྡ་སྤྲོད་རིག་པའི་གནད་དོན་འགའ་ཞིག་གི་ཚིག་ཐོ་རགས་བསྡུས།

2012-05-20 བེ་རི་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།