ཡེ་ཤུ་བོད་ཡུལ་དུ་ཕེབས་པའི་སྐོར་བཤད་པ།

ཚངས་དབང་དགེ་འདུན་བསྟན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-27

  སྤྱི་ལོ་1643ལོའི་ཡས་མས་ཤིག་ལ། ཧན་ཏིས་བཀྭང་གིས་མངགས་པའི་ཞིས་པཱན་ཡའི་ཡེ་ཤུ་ཆོས་སྤེལ་མཁན་ཚོས་བོད་ཡུལ་མངའ་རིས་སུ་སླེབས།གུ་གེ་རྒྱལ་པོ་ནང་འཁོར་དང་བཅས་མི་ཉུང་ངུ་ཞིག་གི་རྒྱབ་སྐྱོར་འོག་ཡེ་ཤུ་ཆོས་སྤེལ་མཁན་ཚོས་གུ་གེ་རུ་དུས་ཡུན་ཐུང་ཐུང་ཞིག་ལ་རྐང་ཚུགས་འཛིན་ཡང་། མཐར་འབངས་གྱེན་ལོག་བྱུང་བས་རྒྱལ་པོ་ཡང་རྒྱལ་ས་ཤོར་ནས་ཡུལ་གཞན་དུ་འཁྱམས་དགོས་པའི་གནས་ཚུལ་བྱུང་། ཞིས་པཱན་ཡའི་ཆོས་སྤེལ་མཁན་ཚོས་གུ་གེ་ནས་ཧན་ཏིས་བཀྭང་(梵蒂冈)ལ་བསྐུར་བའི་ཡི་གེ་ནང་དུ།བོད་ཀྱི་ཆོས་ནི་ཡེ་ཤུའི་ཆོས་ལུགས་རྩ་བ་ནས་ཉམས་སོང་བའི་ཤུལ་རོ་ཞིག་རེད་ལ།དེ་སྔོན་ཡེ་ཤུའི་བྱིན་རླབས་ཡུལ་འདིར་བརླབས་ཡོད་པའི་རྟགས་སུ་ང་ཚོའི་ཆོས་དཔོན་རྣམས་ཀྱིས་མནབས་པའི་སྐུ་བེར་ཡང་ཁོ་ཚོའི་བླ་མ་རྣམས་ཀྱིས་གྱོན་བཞིན་འདུག་ཅིང་། གྷི་རིགས་ཀྱི་དམག་མི་ཚོས་གྱོན་པའི་དམག་ཞྭ་ནི་འདིར་བླ་མ་ཚོས་མནབས་བཞིན་འདུག  ཁོ་ཚོས་ཚོགས་ཞྭ་ཟེར།ཨ་ཧོ་ཏ་བའི་སྔོན་གྱི་རྒྱལ་རྟགས་ཆོས་འབྱུང་བསྣོལ་མའི་དཔེ་རིས་དེ་ཡུལ་ཕྱོགས་འདི་ནས་གང་ས་གང་དུ་ཁྱབ་ཡོད།.  མདོར་ན་ཡེ་ཤུའི་ཆོས་ནང་གི་ཕྱག་ལེན་མང་པོ་ཞིག་བོད་ཀྱི་དགོན་པ་རུ་མཐོང་ཐུབ་བོ།།ཞེས་འཕྲིན་ཡིག་དུ་མ་ཞིག་བསྐུར་བ་རྣམས་ཧན་ཏིས་ཀྭང་གིས་ཤིན་ཏུ་གསང་རྒྱ་བྱས་ཀྱང་།དེའི་གྲས་ཀྱི་གནས་ཚུལ་ཁ་ཅིག་ཕྱི་ལ་འཁྱར་སོང་བའི་རྐྱེན་གྱིས་ཞིབ་འཇུག་པ་ལ་ལས་ཡེ་ཤུའི་ལོ་རྒྱུས་འཚོལ་དུ་མངའ་རིས་ཀྱི་གུ་གེ་དང་ལ་དྭགས་ཕྱོགས་སུ་ཐེངས་དུ་མར་གནས་སྐོར་བྱས་པ་རེད།.                      
  རྒྱ་གར་མཚན་ཉིད་རིག་པའི་མཁས་པ་ཆེན་པོ་ཨོ་བཞུགས་ལགས་ཀྱིས་བརྩམས་པའི་༼དཀོན་མཆོག་གི་ཞལ་སྒྲོས་སྟེང་གི་གླིང་བུ༽་ལས། ཡེ་ཤུ་ནི་རྒྱལ་ཁམས་པ་ཞིག་ཡིན་ལ།ཡུལ་གཅིག་ནས་ཡུལ་གཞན་ལ་འགྲིམས་པ་སོགས་ཀྱིས་དུས་འདའ་བར་བྱེད་ཅིང་།ཁོང་སྐུ་ཚེ་ཐུང་ངུ་ཞིག་ལས་མ་བཞུགས་ཏེ། བགྲོང་བའི་སྐབས་སུ་ཏག་ཏག་དགུང་ལོ་སོ་གསུམ་ལ་སོན་པའི་གཞོན་ནུ་ཞིག་ཡིན།ཁོང་འཚོ་བའི་དུས་ཡུན་དེར་སྐུ་ཉིད་ནས་རང་གི་བསམ་དོན་ལྟར་རིག་པས་འཚོལ་རྟོག་བྱེད་དེ།ཡོད་ཚད་ རང་གི་དགོངས་དོན་རླབས་པོ་ཆེ་བསྒྲུབ་པའི་དམིགས་འདུན་གྱི་ཆེད་དུ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ནས་ཨེ་ཇེབ་དང་།ཁ་ཆེ།དྲི་ཟའི་ཡུལ་སོགས་སུ་ཕེབས་མྱོང་ཞིང་།
  བཤད་ཚུལ་ལྟར་ན། ཡེ་ཤུ་ཁོང་ད་དུང་བོད་ཡུལ་དུའང་ཕེབས་ཞེས་ཟེར། སྐབས་དེར་བོད་ཡུལ་དུ་སངས་རྒྱས་ཆོས་ལུགས་དར་མེད་ཀྱང་།དེར་གདོད་མའི་ཆོས་ལུགས་(དོན་དུ་བོན་པོའི་ཆོས་ལ་བཤད་པར་སྣང་ཡང་མིང་དངོས་སུ་བཀོད་མེད)་ཏེ།སྙིང་རྗེའི་ཆོས་ལུགས་ཡོད་ཅིང་།ཕྱིས་སུ་སངས་རྒྱས་ཆོས་ལུགས་དར་ནས་ཆོས་ལུགས་དེ་ཉམས། ཡེ་ཤུ་བོད་ཡུལ་དུ་སྙིང་རྗེའི་ཆོས་སྦྱངས་ནས་ཕུལ་བྱུང་གི་སློབ་དཔོན་དུ་གྱུར་ནས།ལོ་༣༠ ལ་ཡུལ་སྐོར་དང་།རྟོག་ཞིབ་བགྱིས་པའི་མཐར་ལོ གསུམ་ལ ་ཆོས་བསྒྲུབས་པའི་ལག་ལེན་མཛད། དེའི་ཕྱིར།   ལོ་སུམ་ཅུའི་ཡར་སྔོན་གྱི་ཡེ་ཤུའི་ལོ་རྒྱུས་མི་གསལ་བས་རྒྱུ་མཚན་དེ་ཡིན་ལ།དེ་སྔོན་གྱི་ཡེ་ཤུའི་ལོ་སུམ་ཅུ་ནི། གསང་བའི་སྒོ་ནས་རིག་པས་བསྐོར་བར་བྱེད་པ་ཡིན་ཕྱིན། ཡེ་ཤུ་ཆོས་ལ་འབྲེལ་བ་མེད་ཟེར།། རྒྱུ་མཚན་དེའི་དབང་གིས་།  ཡེ་ཤུ་ཆོས་ལུགས་པས་ཡེ་ཤུའི་ལོ་༣༠ ཡར་སྔོན་དེ་དེ་འདྲ་མི་གླེང་ལ།ཕལ་ཆེར་ཡར་སྔོན་གྱི་ཡེ་ཤུ་དེ་བྱུང་མེད་པ་ཞིག་དང་མཚུངས་སོ།།  དོན་དུ་ཁོང་གི་སྐུ་ཚེ་སྟོད་ཀྱི་ལོ་སུམ་ཅུ་ནི་ཤིན་ཏུ་གལ་ཆེ་སྟེ། ཕྱིས་ཀྱི་ཡེ་ཤུའི་ཡོན་ཏན་ཡོད་ཚད་ཏག་ཏག་ཡར་སྔོན་གྱི་ལོ་སུམ་ཅུ་ལས་ཐོབ་པ་ནི་གོར་མ་ཆག་གོ།  ཞེས་གསལ། (དཔེ་ཆ་འདི་ནི་རྒྱ་ཡིག་ཡིན་ཞིང་། མིང་ལ་ ༼上帝唇边的长笛༽.ཟེར།东方出版中心ཤར་ཕྱོགས་དཔེ་སྐྲུན་ལྟེ་གནས་ཀྱིས་དཔར་བསྐྲུན་བྱས།)       
    ཡེ་ཤུ་མ་འཁྲུངས་སྔོན་གྱི་ཨ་ཧོ་ཏ་བའམ་ཡུའུ་ཐེ་ཆོས་ལུགས་པ་ཚོས་གཙོ་བོ་མའོ་ཤེས་ཀྱིས་གཏན་འབེབས་བྱས་པའི་ཆོས་སྤྱོད་བཅུའི་རྗེས་འཇུག་པ་ཡིན་ལ། བྱ་བ་ཅི་བྱེད་ཀྱང་ཆོས་སྤྱོད་བཅུ་དང་མཐུན་མི་མཐུན་གྱི་ལེགས་ཉེས་འབྱེད་པ་ལས། དོན་གྱི་གནས་ལུགས་ཐོག་ནས་བདེན་རྫུན་གྱི་དཀར་ནག་འབྱེད་པ་མེད་པས།    ཡེ་ཤུ་ལགས་ཀྱིས་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྙིང་རྗེ་ཆེན་པོ་བསྒྲུབས་ནས་འགྲོ་དོན་མཛད་པས། ཨ་ཧོ་ཏ་བའི་ཆོས་དཔོན་ཚོས་མ་དགའ་ནས་རྒྱལ་པོ་ལ་གཏུགས་ཏེ་ཡེ་ཤུ་གསལ་ཤིང་སྟེང་བཀྱིགས་ཏེ་རྐང་ལག་བཞིར་གཟེར་མས་བཏབ་ནས་བགྲོངས་སོ། ཡེ་ཤུ་ཁོང་གིས་སྙིང་རྗེའི་ཆོས་ལུགས་འདི་གནས་རི་སྟེ་གངས་རི་དཔལ དང་ལྡན་པ་ནས་རྙེད་ཅེས་པའི་གནས་རི་དེ་ནི་གངས་ཏི་སེར་གོ་དགོས་ཤིང་། ཡེ་ཤུ་གསལ་ཤིང་སྟེང་བཀྱིགས་ནས་རྐང་ལག་བཞིར་གཟེར་མས་བཏབ་ནའང་དེར་བསམ་ངན་མ་བཅངས་པར་གཞན་གྱི་སྡུག་བསྔལ་རང་སྟེང་དུ་བླངས་པར་བཤད་པའང་། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལས་གཞན་གྱི་སྡུག་བསྔལ་རང་གི་ལུས་སྟེང་དུ་ལེན་པའི་སྒྲུབ་ཐབས་ཀྱི་ནང་དོན་དང་ཧ་ཅང་མཚུངས་ སོ།། མ་ཎི་ཡིག་དྲུག་ནི་མུ་སྟེགས་པའི་རིག་སྔགས་རྣམས་ལས་ཀྱང་གསུངས་ཡོད་པས།  སྟོན་པའི་སྔོན་ནས་ཡོད་ཅེས་བཤད།   རྒྱ་གར་གཅེར་བུ་པའི་སྟོན་པ་ཁྱུ་མཆོག་ཀྱང་ཁོང་གི་ཆོས་ཀྱི་སྙིང་བོ་སྟེ་གཞན་ལ་འཚེ་བ་སྤང་བའི་ཆོས་ནི་གངས་ཏི་སེ་ནས་ཐོབ་ཅེས་བཤད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཐེག་ཆེན་པ་ཚོས་སྟོན་པ་ཤཱཀྱ་ཐུབ་པས་དོན་དུ་འོག་མིན་དུ་སངས་རྒྱས་སོ་ཞེས་པའི་འོག་མིན་ཡང་དབང་ཕྱུག་ཆེན་པོའི་གནས་སུ་ཡོད་ཚུལ་བུ་སྟོན་གྱིས་བཤད་པ་དང་། དབང་ཕྱུག་ཆེན་པོའི་གནས་གངས་ཏི་སེ་རུ་ཡོད་ཚུལ་བདེ་བྱེད་བདག་པོའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་དུ་གསལ་བ་སོགས་མདོར་ན་གཞན་ལ་འཚེ་བ་སྤང་བའི་ཆོས་ཏེ་སྙིང་རྗེ་བྱ་བ་དེའི་འབྱུང་ཁུངས་དངོས་ནི་གངས་ཏི་སེའི་ཕྱོགས་ལ་ཐུག་ཡོད་པས། ཨོ་བཞུགས་ཀྱིས། ཡེ་ཤུ་བོད་དུ་ཕེབས་ནས་སྙིང་རྗེའི་ཆོས་ལུགས་སྦྱངས་ཟེར་བ་དེར་བདེན་པའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྙམ། སྙིང་རྗེའི་ཆོས་ལུགས་སྦྱངས་ཟེར་བ་ནི། ཕྱི་གླིང་བའི་བཤད་ཕྱོགས་ཏེ། དེ་ལ་བོད་སྐད་དུ་འཕགས་པ་སྤྱན་རས་གཟིགས་དང་དབང་ཕྱུག་ཆེན་མོའི་སྐོར་ཡིན་ཟེར།  ཨོ་བཞུགས་ལགས་ཀྱིས་ཁུངས་གང་ལ་བརྟེན་ནས་བཤད་པ་ཡིན་ནམ་ཟེར་ན། ཨོ་བཞུགས་ཀྱི་སྔོན་ལ། ཡེ་ཤུ་བོད་ཡུལ་དུ་ཕེབས་ཟེར་བའི་བཤད་ཚུལ་མང་སྟེ། ཨུ་རུ་སུའི་ལྗོངས་རྒྱུ་གསར་འགོད་པ་ཉུས་ཀོའུ་ལ་སི་ནོ་ཐོ་ཝིས་སི་ལགས་སྤྱི་ལོ་1887ལོར། བོད་གངས་ཅན་གྱི་ཡུལ་ཁམས་སྟོད་མངའ་རིས་སྐོར་གསུམ་བྱ་བ་ལས་ནང་གསེས་ཀྱི་ལ་དྭགས་ཧེ་མིས་དགོན་ལ་རྟོག་ཞིབ་ཏུ་ སོང་། ཧེ་མིས་དགོན་ནི་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་སྤྱི་ལེ་ཉེར་ལྔའི་མཚམས་སུ་ཡོད་ཅིང་། ནོ་ཐི་ཝིས་སི་ལགས་སྟེས་དབང་གིས་དགོན་འདི་ནས་༼ཡེ་སར་ཀྱི་པུ་ཏི༽་བྱ་བ་དེ་མཐོང་ཞིང་། དེ་ནང་དུ་ཡེ་ཤུའམ་ཡེ་སར་གྱི་སྐོར་འཁོད་ཡོད་ལ། ཡེ་ཤུ་དགུང་ལོ་བཅུ་བཞི་ཡིན་དུས་ཁྱིམ་བདག་གི་རེ་བ་ལྟར་ཆང་ས་རྒྱག་དགོས་པ་ཐུག་བྱུང་བས། དེ་གཡོལ་ཐབས་སུ་ཚོང་པ་མང་པོ་དང་བསྡེབས་ནས་ཤར་བསྐྱོད་བྱས་པའི་མཐར་རྒྱ་གར་དུ་སླེབས།   དེར་བྲམ་ཟེའི་ཆོས་ལུགས་ལོ་དྲུག་ལ་སྦྱངས། དེ་ནས་ནང་ཆོས་ཀྱི་དགོན་པ་ཁག་ཏུ་ལྗོངས་རྒྱུ་བྱས་པའི་རྐྱེན་བྱས་ཏེ་ནང་བསྟན་ཆོས་ལུགས་སྦྱོང་བའི་བློ་ཁ་ཕྱོགས། སྟོན་པ་ཤཱཀྱ་མུ་ནེའི་འཁྲུངས་ཡུལ་ལུམ་བིའི་ཚལ་དུ་དགེ་འདུན་པའི་མདུན་ནས་པཱ་ལིས་ཡི་གེ་བསླབས་ནས་ནང་ཆོས་ཀྱི་རྨང་གཞི་བཏིང།     དེར་ལོ་དྲུག་བསྡད་དེ་ནེ་པ་ལ་བརྒྱུད་ནས་བོད་དུ་སོང་། (དོན་དུ་རྒྱ་གར་བའི་ཤན་ཤུགས་ཐེབས་ཏེ་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་ལ་གནས་སྐོར་དུ་ཕེབས།  གངས་ཏི་སེ་རུ་དབང་ཕྱུག་ཆེན་མོའི་ཞལ་མཇལ། འཚེ་མེད་ཞི་བའི་སྙིང་རྗེའི་ལམ་བསྟན་པས་བདེན་པའི་གནས་ལུགས་ཀྱི་རྟོགས་པ་བརྙེས་ནས་ཐར་བའི་གོ་འཕང་ཐོབ།  ཕྱིས་སུ་ཅིས་རྡོའུ་དཀོན་མཆོག་ཟེར།)  དེ་ནས་ཨུ་རྒྱན་དང་ཏ་ཟིག་བརྒྱུད་ཕྱིར་དབྱི་སི་ལན་དུ་ལོག  དེ་དུས་དགུང་ལོ་ཉེར་དགུ་ཡིན།  དེ་ནས་དབྱི་སི་ལན་གྱི་འབངས་མི་རྣམས་ལ་བྱམས་སྙིང་རྗེའི་ཆོས་སྤེལ་བས། ཨ་ཧོ་ཏ་བའི་ཆོས་ཁྲིམས་དང་འགལ། ཆོས་དཔོན་ཚོས་ལྐོག་ཏུ་རྒྱལ་པོ་ལ་རྔན་པ་བརྫངས་ནས་ཡེ་ཤུ་བགྲོང་དུ་བཅུག་ཀྱང་ཟེར། གང་ལྟར་ཡེ་ཤུ་གསལ་ཤིང་སྟེང་རྐང་ལག་བཞིར་གཟེར་མ་བཏབ་ཏེ་བཀྲོངས། དེ་ནས་ལོ་གསུམ་བཞིའི་རྗེས་སུ་ཡེ་ཤུའི་ལོ་རྒྱུས་སྐོར་པཱ་ལིས་ཡི་གེར་ཟིན་ཐོ་བཀོད་དེ་འཛམ་གླིང་ཡོངས་སུ་བསྒྲགས། ཕྱིས་སུ་ཧན་ཏིས་བཀྭང་གི་ཆོས་དཔོན་ཚོས་ཡིག་ཆ་དེའི་སྐོར་བསྲེགས་ནས་མེད་པར་བཏང་། དེའི་སྐོར་ཤེས་མཁན་རྣམས་ཀྱང་ལྐོག་ནས་མི་གསོད་མཁན་གྱི་ལག་དམར་མངགས་ཏེ་གསོད་དུ་བཅུག  སླར་ཁོ་ཚོའི་བློ་ངོ་དང་མཐུན་པའི་ཡེ་ཤུའི་ལོ་རྒྱུས་བཅོས་བསྒྱུར་བྱས་པའི་རྗེས་སུ་ད་ལྟའི་༼དམ་པའི་གསུང་རབ༽་ཅེས་པ་འདི་བྱུང་ངོ་།།       
  ཧིན་རྡུའི་རྒྱལ་ཁོངས་ཡིན་པའི་དབྱིན་ཇི་པ་ཧྲི་ཝན་མུས་ཨ་ཞེས་ཏ་ནན་ཏ་ཨ་ཧྲི་སྤྱི་ལོ་1921ལོར། ཨ་རུ་ནས་རྒྱ་གར་དུ་སོང་སྟེ། རྒྱ་གར་ལ་དྭགས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་ཧེ་མིས་དགོན་པར་ཕྱིན།  ཡེ་ཤུའི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་དག་ལ་རྟོག་ཞིབ་བྱས་ཤིང་།  གཙོ་བོ་ཁོས་ཨུ་རུ་སུའི་མཁས་པ་ནོ་ཧྲིའི་བཤད་རྒྱུན་དེ་བདེན་མིན་ཞིབ་འཇུག་བྱས། ཁོས་བྲིས་པའི་ཉིན་ཐོའི་ནང་དུ། ནོ་ཧྲིའི་བཤད་ཚུལ་དེ་ནི་ཧ་ཅང་བདེན་ལ་ཚད་མ་ཡིན་ཞེས་བཀོད་ཡོད། ཨ་ཧྲི་ལགས་ཀྱིས།  ལ་དྭགས་ཧེ་མིས་དགོན་དུ་ཉར་ཚགས་བྱས་ཡོད་པའི་༼ཡེ་སར་གྱི་པུ་ཏི༽་དེ་དབྱིན་ཡིག་ཏུ་བསྒྱུར།ཕྱིས་སུ་ཁོའི་བརྩམས་ཆོས་གལ་ཆེན་གྱི་གྲས་སུ་འཁོད་ཡོད་པ་རྣམས་ཀྱི་ནང་དོན་དག་ནི་ནོ་
ཧྲིའི་ལྟ་ཚུལ་དང་ཧ་ལམ་མཐུན་ཆོས་སུ་མཚུངས་སོ།།       
  ཨུ་རུ་སུའི་ལོ་ཧྲི་དང་ཡེས་ཙི་ཙོ་ཀྲི་སོགས་བསྡོམས་པས་མི་དགུ་ཡིས་སྤྱི་ལོ་1924ལོར།   བོད་ཡུལ་དང་།  ལ་དྭགས།   ཡུ་གུར། ཁ་ཆེ། འབྲས་ལྗོངས།   འབྲུག་པ་སོགས་སུ་ལྗོངས་རྒྱུ་བྱེད་ཅིང་། སྐབས་དེར་ལ་དྭགས་ཀྱི་ཧེ་མིས་དགོན་དུ་༼ཡེ་སར་གྱི་པུ་ཏི༽་དང་།   དམངས་སྲོལ་བཅས་ལ་རྒྱུས་ལོན་དང་རྟོག་ཞིབ་མཛད། ཁོའི་བརྩམས་ཆོས་༼ཡ་གླིང་གི་སྙིང་ཁོང་ས་གནས༽་བྱ་བ་རུ།  ཡེ་ཤུ་ལ་དྭགས་ཧེ་མིས་དགོན་དུ་ཕེབས་པའི་སྐོར་ད་རེས་ཐེངས་དང་པོར་ཐོས་སོན་བྱུང་བ་ཡིན་ལ།  དེ་ནས་ཅང་མ་འགོར་བར་།     བཤད་ཚུལ་འདིའི་རིགས་རྒྱ་གར་དང་། ལ་དྭགས། ཡ་གླིང་ལྟེ་དབུས་བཅས་སུ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་ཟེར།      ཡང་ལོ་ཧྲི་ལགས་ཀྱིས་སྤྲུལ་བའི་སྐུ་ཡེ་ཤུ་ལགས་ཀྱི་ལོ་རྒྱུས་ངག་རྒྱུན་རྣམས་ཁ་ཆེ་དང་། ལ་དྭགས། སོག་པོ། ཡུ་གུར་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བ་ཚོའི་ཁྲོད་དུ་ཤེས་མཁན་
རབ་ཅིག་མཆིས་ཤིང་།  ཁོ་ཚོས་ཐུན་མོང་གི་བཤད་ཕྱོགས་གཅིག་ནི་ཡེ་ཤུ་བོར་སོང་བའི་ལོ་ཟླ་དེ་དག་གི་སྐབས་སུ་དགོན་འདིར་བཞུགས་ཞེས་པ་ནི་ཀུན་གྱི་ཞལ་མཐུན་ནོ།།
   སྤྱི་ལོ་1939ལོའི་དབྱར་ཁར། ༼ཡེ་སར་གྱི་པུ་ཏི༽བྱ་བ་ཡང་བསྐྱར་འཛམ་གླིང་གིས་དོ་སྣང་བྱས་པ་རེད།   ལོ་དེར་ཏག་ཏག་སུའུ་སི་རྒྱལ་ཁབ་ཀྱི་རོལ་དབྱངས་པ་གྲགས་ཅན་ཁཱ་སི་པོ་ལིས་དང་ཁོང་གི་སྐུ་ལྕམ་གཉིས་ལ་དྭགས་ཧེ་མིས་དགོན་ལ་ཕྱིན་ཏེ། ༼ཡེ་སར་གྱི་པུ་ཏི༽་བྱ་བའི་དཔེ་ཆ་དེར་པར་བརྒྱབ་ཏེ་སིའུ་སི་ལ་འཁྱེར།  དགེ་རྒན་ཁཱ་ལགས་དགུང་ལོ་གྱ་ལྔར་སོན་སྐབས་སྔོན་གྱི་པར་རིས་དེ་དག་ཨ་རུའི་ཡེ་ཤུ་ཆོས་ལུགས་པ་བུད་མེད་རྩོམ་པ་པོ་ཞིག་ལ་སྤྲད་དེ་ཡོངས་སུ་ཁྱབ་སྤེལ་བྱེད་དུ་བཅུག་པས།  རྒྱལ་སྤྱིའི་མཁས་པ་ཚོས་གདེང་འཇོག་དང་བརྩི་འཇོག་ཆེན་མོར་མཛད་དོ།།
  སྤྱི་ལོ་1951ལོར། ཨ་རུའི་ཁྲིམས་རྩོད་པ་གྲགས་ཅན་ཝེས་ཅེམ་རྡོ་ཀི་ལེ་སི་ལགས་ལ་དྭགས་ཧེ་མིས་དགོན་དུ་རྟོག་ཞིབ་ཏུ་སོང་བའི་རྗེས་སུ་༼ཧི་མ་ལ་ཡའི་རི་རྒྱབ༽་ཞེས་པའི་དཔེ་ཆ་ཞིག་བརྩམས།  དེ་ནང་དུ་ཡེ་ཤུ་དེ་སྔོན་ལ་དྭགས་ཀྱི་ཧེ་མིས་དགོན་ལ་ཕེབས་མྱོང་བར་བཤད་ཅིང་། ལ་དྭགས་ཧེ་མིས་དགོན་ནི། ས་གནས་དེའི་ལྗོངས་རྒྱུ་ས་ཚུགས་ལྟེ་བ་ཞིག་ཡིན་ལ། དགོན་ཆེན་དེའི་ལོ་རྒྱུས་ནི་ཤིན་ཏུ་རིང་བས། ཁྱད་མཚར་གྱི་གཏམ་རྒྱུད་མང་། གཏམ་རྒྱུད་དེ་དག་ལས་གཅིག་ནི།  ཡེ་ཤུ་དགུང་ལོ་བཅུ་བཞིའི་སྟེང་དགོན་འདིར་ཕེབས་ཏེ། ལོ་ཉེར་བརྒྱད་སྟེང་སླར་རང་རྒྱལ་དུ་ལོག. ཡེ་ཤུ་ཧེ་མིས་དགོན་དུ་འོངས་སྐབས་ཁོང་གི་མཚན་ལ་ཡེ་སར་ཟེར་ཞེས་བཤད།.
   སྤྱི་ལོ1975་ལོར། ཨ་རུའི་ཅ་ཀྲིག་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པ་དགེ་རྒན་ལཱ་ཝེས་སི་ལགས་ཆེད་དུ་ལ་དྭགས་ཧེ་མིས་དགོན་དུ་བསྐྱོད་དེ།༼ཡེ་སར་གྱི་པུ་ཏི༽ ་བྱ་བའི་དཔེ་ཆ་དེ་སྐད་བསྒྱུར་བྱས་པའི་ནང་དོན་དག་ནི་སྐུ་ཞབས་ནོ་ལགས་ཀྱི་ནང་དོན་དང་ཧ་ལམ་གཅིག་གོ།།
  སྤྱི་ལོ་1984ལོར།  ཨ་རུའི་ས་རྒྱུས་རིག་པའི་མཁས་པ་སྐུ་ཞབས་ནཱ་ཡེ་ཁི་ལགས་ཀྱི་ཟིན་བྲིས་དཔེ་ཆ་༼ཡ་གླིང་མཐོ་སྒང་གི་འཁྱགས་རོམ་དང་འབྲོག་པའི་མི་རིགས་བར༽་བྱ་བ་དེ་ནང་དུ། ལ་དྭགས་ཧེ་མིས་དགོན་གྱི་གྲྭ་བ་རྣམས་ལ་༼ཡེ་སར་གྱི་པུ་ཏི༽་སྐོར་གྱི་དྲི་བ་བྱེད་པ་ན། དཔེ་ཆ་དེ་དངོས་གནས་དགོན་པའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱེད་ཡོད་ཅིང་།  དེ་ནང་དུ་ཡེ་ཤུ་དགོན་འདིར་ནང་ཆོས་སྦྱངས་པའི་སྐོར་གྱི་གནས་ཚུལ་འཁོད་འདུག སྐུ་ཞབས་ནཱ་ཡེ་ཁི་ནི། དབྱིན་ཇིའི་རྒྱལ་པོ་ཚང་གི་ས་རྒྱུས་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་། ཨ་རུ་ཅ་ཀྲིག་སློབ་ཆེན་གྱི་ཚན་རིག་ཚོགས་པའི་ཚོགས་མི་བཅས་ཡིན་པས།  མཚན་སྙན་ཤིན་ཏུ་ཆེ། དེ་སྔོན་སྤྱི་ལོ་1958ལོ་ནས་1984ལོའི་བར་ཁོ་དང་ཁོའི་སྐུ་ལྕམ་གཉིས་བོད་ལྗོངས་དང་། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ།  ལ་དྭགས། ཨུ་རྒྱན།  ཀྲུང་གོའི་ནུབ་བྱང་བཅས་སུ་ཐེངས་བཅོ་བརྒྱད་ཙམ་ལ་ཞིབ་འཇུག་དང་རྟོག་དཔྱོད་དུ་འགྲོ་མྱོང་ངོ་།།
  (༼耶稣到过印度༽作者: 侯格可斯登,另外一本是༼耶稣未被记载的岁月༽ ,作者:依丽沙白克)ཨོ་བཞུགས་ཀྱིས་མཛད་པའི་༼དཀོན་མཆོག་གི་ཞལ་སྒྲོས་སྟེང་གི་གླིང་བུ༽་བྱ་བ་ལས་གཞན་ད་དུང་ཧུག་ཀི་ཁུ་སི་ཏིན་གྱིས་བརྩམས་པའི་༼ཡེ་ཤུ་རྒྱ་གར་དུ་ཕེབས་པ༽་བྱ་བ་དང་།.     ཡེས་ལེས་ཧྲ་པེ་ཁུ་ལེའར་གྱིས་བརྩམས་པའི་༼ཡེ་ཤུ་ཟིན་ཐོར་མ་བཀོད་པའི་ལོ་ཟླ༽་དང་། རེ་མོན་ཧན་ཉི་ཁས་བརྩམས་པའི་༼ཧིན་རྡུ་ཆོས་ལས་མ་རྟོགས་པའི་ཡེ་ཤུ༽(印度教中未知的基督:雷蒙•潘尼卡著;王知成. 思竹 译)ཞེས་པ་བཅས་སུའང་ཡེ་ཤུ་བོད་ཡུལ་དུ་ཕེབས་པའི་སྐོར་མང་དུ་འཁོད་ཡོད་པས།ཞིབ་ཏུ་བལྟ་འདོད་ན་དེ་རྣམས་ལ་གཟིགས་པར་ཞུ།
  རྒྱའི་མཁས་པ་ལ་ལས་ཡེ་ཤུ་བོད་དུ་ཕེབས་ནས་སངས་རྒྱས་ཆོས་ལུགས་སྦྱངས་ཟེར་བ་ནི།བོད་ཀྱི་ལོ་རྒྱུས་མ་ཤེས་པའི་རྟགས་ཏེ།བོད་དུ་སངས་རྒྱས་ཆོས་ལུགས་ནི་རྒྱ་བཟའ་ཀོང་ཇོ་བོད་ལ་སོང་བ་ནས་ད་གཟོད་མགོ་བརྩམས་པ་ཡིན་པས་འདི་ཙམ་ཡང་མ་ཤེས་ནས་ལོ་རྒྱུས་དེ་འདྲ་བཤད་པ་ནི་སྙིང་རྗེ་ཞེས་ཟུར་ཟ་བྱེད་འདུག།    ངས་བལྟས་ན་དེ་ཡང་བརྙད་བཏགས་པ་ཞིག་རེད་དེ། ཡེ་ཤུ་བོད་དུ་ཕེབས་ནས་ནང་བསྟན་སྦྱངས་ཟེར་བའི་ཡུལ་ནི།  སྲོང་བཙན་གྱིས་བོད་ཡུལ་གཅིག་གྱུར་མ་བྱས་གོང་གི་ཞང་ཞུང་གི་ཡུལ་ཡིན་པས། ཞང་ཞུང་ཡུལ་དུ་སྲོང་བཙན་སྔོན་དུ་བན་བོན་གཉིས་ཀ་རྒྱ་ཁྱབ་ཏུ་དར་ཡོད་པ་ལོ་རྒྱུས་དང་ཆོས་འབྱུང་ཁག་ལས་ཤིན་ཏུ་གསལ་ཞིང་། རྒྱུད་སྡེའི་ལོ་རྒྱུས་རྣམས་སུ་འཁོད་པའི་ནང་དོན་ལ་གཞིགས་ནའང་། སྔགས་དར་བའི་ཡུལ་ནི་དེང་གི་མངའ་རིས་དང་། ཁ་ཆེའི་ཡུལ།    ཨུ་རྒྱན་བཅས་ཀྱི་ཡུལ་ཡིན་ལ། སྒོས་སུ་གངས་ཏི་སེ་ལྟེ་བ་བྱས་ནས་མཐའ་སྐོར་གྱི་རྒྱལ་ཕྲན་ཁག་གཙོ་བོ་ཡིན་པ་དུས་འཁོར་དང་བདེ་མཆོག་སོགས་བྱུང་ཚུལ་གྱི་ཆོས་འབྱུང་ཁག་ལ་དཔྱད་ན་ཤེས་ནུས་པ་མ་ཟད།  སངས་རྒྱས་ཤཱཀྱ་ཐུབ་པའང་སྐུ་དངོས་སུ་མངའ་རིས་ལ་ཕེབས་ནས་ལང་གཤེགས་དང་། མ་དྲོས་པས་ཞུས་པའི་མདོ།  དུས་འཁོར། གདུགས་དཀར་སོགས་མདོ་སྔགས་མང་པོ་ཞིག་
ཡུལ་འདིར་གསུངས་པ་ཡིན་ནོ། དེར་མ་ཟད་ཏཱ་ར་ནཱ་ཐའི་༼རྒྱ་གར་ཆོས་འབྱུང་༽དུ། རྒྱལ་པོ་མྱ་ངན་མེད་ཀྱིས་བོད་ཡུལ་གངས་ཅན་ལ་སོགས་དབང་བསྒྱུར་བྱས་ཏེ་མཆོད་རྟེན་མང་དུ་བཞེངས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་པར་བཤད་ལ། གནས་བཅུའི་ཆོ་ག་རྣམས་སུའང་།གངས་རི་ཆེན་པོ་ཏི་སེ་ན།། འཕགས་པ་གནས་བརྟན་ཡན་ལག་འབྱུང་།  །ཞེས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་ནས་བཟུང་སྟེ་གངས་ཏི་སེའི་ཡུལ་དུ་ཐེག་ཆེན་གྱི་གང་ཟག་བཞུགས་པ་ཤིན་ཏུ་གསལ་ཞིང་། དེ་དག་གི་རྒྱུད་ལ་སངས་རྒྱས་ཆོས་ལུགས་མི་བཞུགས་ཞེས་སུས་བཤད་ཕོད་དམ། འདི་འདྲའི་ལོ་རྒྱུས་ཀྱི་བདེན་ལུགས་མཐའ་ཡས་པ་ཞིག་མཆིས་ཀྱང་།  དགོས་དབང་གིས་སྲོང་བཙན་ལ་མཆོད་བརྗོད་དང་དེའི་རྒྱུད་པ་བོད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་བྱས་པའི་ལོ་རྒྱུས་འདི་གཙོ་བོར་བཟུང་ནས་གཞན་དག་གྱི་ནར་དོར་བའི་རྐྱེན་གྱིས་སྲོང་བཙན་ནས་བོད་དུ་སངས་རྒྱས་ཆོས་ལུགས་དར་ཞེས་པའི་བཤད་ཡམས་དེ་ཡོངས་སུ་ཁྱབ་པ་རེད། ད་དུང་དེང་གི་ཨ་མདོའི་ཡུལ་ལ་སྲོང་བཙན་གྱིས་བོད་ཡུལ་གཅིག་གྱུར་མ་བྱས་གོང་ལ་འ་ཞའི་ཡུལ་ཟེར་ཞིང་། ས་གནས་དེ་དག་ནས་ཐོན་པའི་གནའ་རྫས་དངོས་པོ་དང་ཡིག་ཚང་ཁག་ལ་དཔྱད་ན། འ་ཞའི་ཡུལ་དུ་སྲོང་བཙན་སྒམ་པོས་གཅིག་གྱུར་མ་བྱས་སྔོན་ནས་སངས་

རྒྱས་ཆོས་ལུགས་དར་ཡོད་པར་གསལ་ལོ།།
  དེ་བཞིན་དུ་ལ་དྭགས་སོགས་བོད་ཀྱི་མངའ་རིས་ཡུལ་དུའང་སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་ནས་བཟུང་སངས་རྒྱས་ཆོས་ལུགས་དར་ཡོད་པས། ཡེ་ཤུ་སངས་རྒྱས་ཆོས་ལུགས་བོད་དུ་སྦྱངས་ཞེས་པའི་རྒྱུ་མཚན་དེ་ཡིན་ལ།  འདི་ནི་གཙོ་བོ་གནའ་དཔྱོད་རིག་པའི་ལྟ་སྟངས་ཀྱི་ཆ་ནས་བཤད་པ་ཞིག་ཡིན་པ་ལས། ཡོངས་གྲགས་ཀྱི་ལོ་རྒྱུས་བཤད་ཚུལ་ལྟར་མ་ཡིན་ནོ།།། དེའི་ཕྱིར་ཐོག་མར་གཞི་གང་ལ་བརྟེན་ནས་དེ་ལྟར་དུ་བཤད་པ་རྒྱུས་ལོན་བྱས་རྗེས་ད་གཟོད་རང་གི་ལྟ་བ་བཤད་ཆོག་ཀྱང་།ཐོས་མ་ཐོས་དང་ཤེས་མ་ཤེས་ཀྱི་ངང་ནས་གཞན་ལ་ཟུར་ཟ་བྱེད་པ་ནི། རང་ཉིད་ཅོལ་ཆུང་ཡིན་པའི་རྟགས་བསྟན་པ་ལས་གཞན་བདེན་པའི་རྒྱུ་མཚན་ཅི་ཡང་མ་ཡིན་ཕྱིན་ཕྱིས་སུ་ཤེས་ཚོད་འཛིན་པར་ཞུའོ།།
  མདོར་ན་ཡེ་ཤུ་བོད་ཡུལ་དུ་ཕེབས་ཡོད་མེད་ཀྱི་གནད་དོན་འདི་ཤིན་ཏུ་གལ་ཆེ་བས། དབྱིན་ཡིག་དང་། རྒྱ་ཡིག་གི་དཔེ་ཆ་ཁག་ཏུ་འདིའི་སྐོར་གྱི་དཔྱད་རྩོམ་འཁོད་ཡོད་པ་མང་ཡང་། བོད་ཡིག་ཏུ་ཧ་ལམ་ད་ཆར་མཐོང་དཀོན། དེ་ནི་ང་ཚོས་ཞིབ་འཇུག་གིས་མ་འདང་བ་ཞིག་རེད་བསམ་གིན་ཡོད།ཡེ་ཤུ་བོད་དུ་ཕེབས་པ་གལ་སྲིད་བདེན་ན་ཡེ་ཤུའི་ཆོས་ལུགས་ཀྱི་ཆུ་མགོ་བོད་ལ་ཐུག་ཡོད་པས།དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་ཕྱིན་བོད་ཀྱི་ན་གཞོན་མཁས་པ་ཚོས་ཕྱིས་སུ་འདིའི་སྐོར་ལ་དོ་སྣང་དང་གཙིགས་འཛིན་བྱས་ནས་མུ་མཐུད་དུ་ཞིབ་འཇུག་བྱེད་རྒྱུ་རེ་བ་ཞུའོ།།     
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡེ་ཤུ་བོད་ཡུལ་དུ་ཕེབས་པའི་སྐོར་བཤད་པ།

2012-02-27 ཚངས་དབང་དགེ་འདུན་བསྟན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།