དགེ་ཆོས་ཞིབ་འཇུག་པ་རྡོ་རྗེ་རྒྱལ་ལ་སྨྲས་པ།

བྱང་ཁུ་ལོ།(རེབ་ཀོང) 琼迈文学网 2023-03-10

  རྡོ་རྗེ་རྒྱལ་ནི་ཞོ་འོང་ནས་ཡིན་ཅིང་། དགེ་ཆོས་ཀྱི་ལོ་རྒྱུས་དང་དེབ་དཀར་གྱི་ཞབས་བཏགས་བྲིས་པ་དང་། གསར་རྙེད་གསུང་རྩོམ་བསྡུ་སྒྲིག གསེར་ཐང་གི་མ་ཡིག་ཟོལ་མ་དཔར་སྐྲུན་སོགས་བྱས་ཡོད། ཡིན་ནའང་། མཁས་པས་ཐུགས་མཉམ་མ་བཞག་ས་དང་།འོལ་ཚོད་ཀྱིས་སྨྲས་པ།མགོ་སྐོར་བ་ལྟ་བུའི་གཏམ་མང་པོ་ཞིག་བརྗོད་འདུག་པས།ཞིབ་ཏུ་དཔྱད་པའི་ངལ་བ་དང་དུ་ལེན་དཀའ་ཡང་།ཉུང་ཙམ་ཞིག་བརྗོད་པའི་དགོས་པ་ཆེའོ་སྙམ།

  དང་པོ། དགེ་ཆོས་ཀྱི་མི་ཚེའི་སྡོམ་ཚིག་གི་སྐོར།

  དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་གསོལ་འདེབས་སམ་མི་ཚེའི་སྡོམ་ཚིག་སྟེ།གདུང་བཙུན་བཙུན་པའི་རིགས་དང་ཕལ་བའི་ཚུལ།།མཁོ་རྒུ་ཚང་བའི་དུས་དང་སྤྲང་བོའི་དུས།།བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས།།སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས།།ཞེས་ཀུན་ལ་གྲགས་ཡོད།སྡོམ་ཚིག་ཤོ་ལོ་ཀ་འདི་རེབ་གོང་བ་རྡོ་རྗེ་རྒྱལ་གྱིས་ལག་སོན་བྱུང་བར་བཤད་དེ།རྣམ་ཐར་གསོལ་འདེབས་འདི་ཁམས་ཉག་རོང་གི་སྤྲུལ་པའི་སྐུ་མཆོག་ཟླ་བ་བཟང་བོས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ཁྲིད་གསན་པའི་ཚེ།དབུ་མའི་སློབ་དཔོན་དགེ་ཆོས་རིན་པོ་ཆེ་ཁྱེད་ལ་བརྟེན་པའི་བདག་ཅག་ལྟོས་བཅས་གདུལ་བྱ་རྣམས་ཀྱི་ངོར་རྣམ་ཐར་གསོལ་འདེབས་ཤིག་གསུངས་དགོས་དོན་ཞུས་པར།ཁོང་གིས་ཡི་གེ་མ་བཀོད་པར་གསང་རྒྱའི་ཚུལ་དུ་ཐུགས་ཐོག་ནས་རང་རྣམ་འདི་གསུངས་པ་ཡིན།ཕྱིས་སུ་ཉག་རོང་སྤྲུལ་སྐུ་ལས་ཁོང་གི་ཐུགས་སྲས་བུ་སློབ་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ལུང་ཁྲིད་གསན་པའི་རེ་ཞིག་གི་ཚེ་གསང་ཐབས་སུ་རྣམ་ཐར་གསོལ་འདེབས་འདིའི་ལྗགས་ལུང་ཐུགས་ཐོག་ནས་གསུངས།སྤྱི་ལོ2002ལོར་ཁོ་བོ་དབུས་གཙང་དུ་གནས་མཇལ་དུ་ཕྱིན་ཅིང་ཧོར་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་མཁས་དབང་བྱམས་པ་འཕྲིན་ལས་ལགས་ཀྱི་གཟིམ་ཤག་ནས་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་གྱི་གླེང་མོལ་ཆུ་ཚོད་གཅིག་དང་ཕྱེད་ཀར་གནང་སྐབས།ད་ནི་མཁས་དབང་དགེ་ཆོས་རིན་པོ་ཆེར་གསང་བའི་རྣམ་ཐར་གསོལ་འདེབས་ཤིག་ཡོད་པ་ཁྱེད་ལ་འབུལ་བའི་དུས་ལ་བབས་སོ་ཞེས་གསུང་གིས་དབུགས་དབྱུང་མཛད་དེ་བདག་ལ་ལུང་ཁྲིད་ཀྱི་ཚུལ་དུ་གསུངས་པའི་མུར།ཡིག་ཐོག་ཏུ་བཀོད་ནས་གནང་དགོས་ཚུལ་ནན་ཏན་གྱིས་ཞུས་པ་ན།ཕྱི་ཉིན་ལྷ་ས་སྨན་རྩིས་ཁང་གི་མཁས་དབང་མཁྱེན་རབ་ནོར་བུའི་བཞུགས་ཤག་ཏུ་ཐམ་གས་མནན་པའི་ཕྱག་ཡིག་ཞལ་གདམས་དང་བཅས་ཏེ་བདག་ལ་དགྱེས་བཞིན་གནང་བ་ལགས་ཞེས་རྡོ་རྗེ་རྒྱལ་གྱིས་བརྗོད།དེ་ནས་རེབ་གོང་བ་རྡོ་རྗེ་རྒྱལ་གྱིས2003ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་བསྡུས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྗེས་དྲན་བགྲོ་གླེང་སྟེང་ཀུན་གྱི་མདུན་སར་བསྒྲགས་པས།ཐོག་མར་ཕྱི་ལ་གྱར་སྟངས་དེ་འདྲ་ཞིག་ཡིན་པ་དང་།རྡ་ནེ་རྡི་ལོ་ཕེ་ཚི་ཡིས་དགེ་ཆོས་ཀྱི་སྙན་ངག་ཕྱོགས་བསྒྲིགས་སུའང་སྐབས་དེ་དུས་ལག་སོན་བྱུང་བའི་གསལ་བྱེད་བྱས་འདུག ཡིན་ནའང་།ཁོ་བོར་དོགས་པའི་བློ་ཞིག་དབང་མེད་དུ་སྐྱེས་ཤིང་འགོག་མེད་དུ་འཆར་འོངས་པས།སྐད་ཆ་ཉུང་ངུ་ཞིག་མི་བརྗོད་ཀ་མེད་བྱུང་།

  གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས།།མཐོང་རྒུ་འབྱོར་བའི་ཚེ་དང་སྤྲང་པོའི་ཚེ།།བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས།།སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེ།།ཞེས་གོང་གི་རྣམ་ཐར་གསོལ་འདེབས་དང་འདྲ་བའི་ཤོ་ལོ་ཀ་འདི1988ལོའི་སི་ཁྲོན་པར་མ་དང1990ལོའི་བོད་ལྗོངས་པར་མའི་དགེ་ཆོས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་སོགས་སུ་བཀོད་ཡོད་ཅིང་།ཤོ་ལོ་ཀ་འདི་གཉིས་ཀྱི་ཚིག་རྐང་དང་པོ་མ་གཏོགས་ཕལ་ཆེར་གཅིག་འདྲ་ཡིན་པས།དགེ་ཆོས་ཀྱིས་ཀྱང་ཤོ་ལོ་ཀ་གཉིས་ཀྱི་ཚུལ་དུ་མཛད་པ་ཞིག་མིན་ངེས་ཏེ།དེ་གཉིས་ཅུང་མི་འདྲ་བ་ནི་རྡོ་རྗེ་རྒྱལ་གྱིས་ལག་སོན་བྱུང་བར་བསྙད་པའི་ཤོ་ལོ་ཀ་དེ་བློ་ངོ་བརྒྱུད་པ་དང་།ཤོ་ལོ་ཀ་གཞན་པ་དེ་ཡིག་ཐོག་བརྒྱུད་པའི་ཁྱད་ཙམ་གྱིས་ཡིན་ངེས།ཡིག་ཐོག་དང་ངག་ཐོག་ལ་འདི་ཙམ་གྱི་ཁྱད་འབྱུང་བ་ནི་སུས་ཀྱང་ཐེ་ཚོམ་པར་མི་བྱེད།དེས་ན་ཤོ་ལོ་ཀ་དེ་གཉིས་ལས་གང་ཞིག་ཡང་དག་གམ་ཞེ་ན།ཡིག་ཐོག་བརྒྱུད་པའི་ཤོ་ལོ་ཀ་དེ་དགེ་ཆོས་ཀྱི་གསུང་བསླད་མེད་ཡིན་ངེས།གདུང་བཙུན་བཙུན་པའི་རིགས་དང་ཕལ་བའི་ཚུལ་ཞེས་པ་དང་།གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས་ཞེས་པ་གཉིས་ཅུང་ཙམ་བསྡུར་ན།གདུང་བཙུན་བཙུན་པའི་རིགས་ཞེས་པའི་གདུང་རྒྱུད་བཙུན་པ་ནི་སྐྱེ་བ་གཅིག་ལ་ཡང་བསྐྱར་བརྗེ་བའི་སྐབས་མེད་དེ།དེ་ནི་མིའི་རྒྱུད་པ་ལ་ཟེར་བས་ཚེ་གཅིག་ལ་སྐབས་རེར་སྤྲང་བའི་དུས་དང་ལན་རེར་འབྱོར་བའི་དུས་ཡོད་ཀྱང་།སྐབས་རེར་གདུང་རྒྱུད་བཙུན་པ་དང་ལན་རེར་གདུང་རྒྱུད་ངན་པར་འགྱུར་མི་སྲིད་པས།ཞིབ་ཏུ་དཔྱད་ན་ཚིག་ལ་འགལ་བ་ཞིག་ཐོན་ཡོད།དགེ་ཆོས་ཀྱིས་སྐབས་རེར་ང་ནི་འབྱོར་ལྡན་དང་ལན་རེར་སྤྲང་བོ།མཚམས་རེར་བཙུན་པ་བཟང་པོ་དང་བར་རེ་ཁྱིམ་པ་སྡུག་ཐུག་ཅིག་བྱས་ཏེ།སྐྱེ་བ་གཅིག་ལ་ལུས་རྟེན་མང་པོ་བརྗེ་བ་ལྟ་བུ་བྱུང་ཞེས་གསུངས་པ་རེད།ལན་རེར་གདུང་རྒྱུད་བཙུན་པ་ཡིན་ཟེར་སྲོལ་མེད་དེ།གདུང་རྒྱུད་བཙུན་མི་བཙུན་ནི་རྗེས་བྱུང་གི་རྒྱུ་རྐྱེན་སོགས་ལ་འབྲེལ་བ་མེད།ཡང་གཅིག་བཤད་ན།དགེ་ཆོས་ནི་གདུང་བརྒྱུད་བཙུན་པ་ཡིན་ཞེས་གཞན་ལ་ངོམ་སོ་བྱེད་པའི་རིགས་མིན་ཏེ།དགེ་ཆོས་ཀྱི་གདུང་བརྒྱུད་བཙུན་པ་བདེན་ངེས་ཀྱང་།གདུང་བརྒྱུད་བཙུན་ནོ་ཞེས་གསུང་གཞན་ལས་རྙེད་དཀའ་བས།དགེ་ཆོས་བརྗོད་མི་མཉེས་པའི་སྐད་ཆ་འདི་བཙན་གྱིས་མགོ་ལ་མ་འཇོག་ཅིག གོང་སྡོད་རྗེ་ཡི་གཟུགས་དང་གཡོག་གི་ལུས་ཞེས་པ་ཡང་དག་པར་འདོད་དེ།སྐབས་ཤིག་ལ་སྐུ་དྲག་མི་དྲག་དག་ལ་དཔེ་ཁྲིད་སོགས་བྱས་པས་རྗེ་ཡི་རྗེ་ལྟ་བུར་བཀུར་བ་དང་།ལན་རེར་རཱ་ཧུ་ལའི་ངག་བཞིན་དཀར་ཆག་བསྒྲིགས་པ་དང་རོལ་རིག་ལ་དེབ་སྔོན་བསྒྱུར་རོགས་མཛད་ཀྱང་ཡོན་མ་རག་པས་གཡོག་ལས་ལྟ་བུ་གྱུར་བ་སོགས་ལ་འགྲེལ་ཆོག དོན་གྱིས་ཤོ་ལོ་ཀ་དེ་ནི་གསང་རྒྱ་ཅན་ཞིག་དང་སྙན་ནས་སྙན་བརྒྱུད་པའི་ཤིན་ཏུ་རྩ་ཆེ་བ་ཞིག་ཡིན་མི་སྲིད་དེ།གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས།།རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས།།ཞེས་པའི་དགེ་ཆོས་ཀྱིས་གླུ་དབྱངས་ལྟ་བུ་ཞིག་ཡིན་ངེས་ཀྱང་།སྟབས་ལེགས་ན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཕེབས་ཏེ་མཁས་མང་དབུས་སུ་མགྲིན་པ་བཏེགས་ནས་བརྗོད་ཀྱང་གསང་མི་བརྟོལ་ལོ།།

  གོང་སྡོད་རྗེའི་གཟུགས་ཞེས་པའི་ཤོ་ལོ་ཀ་འདི་སྔོན་ནས་ཡི་གེར་བཀོད་ཡོད་པས།མ་མཐའ་ཡང་ངག་བརྒྱུད་ལས་ཡི་གེ་དག་པའི་གཏན་ཚིགས་ཁས་ལེན་དགོས།གལ་ཏེ།སྔོན་མ་ནས་དེབ་ཏུ་བཀོད་ཟིན་པའི་གོང་སྡོད་རྗེའི་གཟུགས་ཞེས་པའི་ཤོ་ལོ་ཀ་འདི་ལ་དོ་སྣང་འདྲ་ཡོད་ཚེ།རྡོ་རྗེ་རྒྱལ་གྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་ངོ་ཚ་ཆེན་པོ་ཞིག་ཉོ་བ་ལས།བདེན་བདེན་འགྲིག་འགྲིག་གི་མགོ་བོ་ནང་དུ་འགུག་མཁན་ཞིག་ཡོད་མི་སྲིད་ཀྱང་།ད་ནི་རྫུན་གཏམ་མམ་རྨོངས་གཏམ་འདི་ཉིད་ལམ་ལྷོང་བྱུང་སྟེ།མི་དག་པ་དག་པར་འདོད་ཅིང་།དག་པ་ཉིད་མི་དག་པར་སེམས་པའི་མི་ཁྱུ་ཞིག་བསྐྱེད་ཡོད་དོ།།

  གཉིས་པ། འཛམ་གླིང་རྒྱས་བཤད་ཀྱི་སྐོར།

  འཛམ་གླིང་རྒྱས་བཤད་ནི2002ལོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་ཞེས་པ་དཔར་སྐྲུན་བགྱིས་པའི་ཁྲོད་བསྡུས་ཡོད།དེབ་འདི་རྡོ་རྗེ་རྒྱལ་གྱིས་བསྡུ་བསྒྲིགས་བྱས་པ་རེད།ཧོར་ཁང་བྱམས་པ་བསྟན་དར་གྱིས་གཡུང་དྲུང་རྒྱལ་ལ་འཛམ་གླིང་རྒྱས་བཤད་དགེ་ཆོས་ཀྱི་གསུང་ཡིན་མིན་བརྟག་དཔྱད་བྱེད་དགོས་པའི་སྐུལ་བ་གནང་ཡོད་ཀྱང་།རྡོ་རྗེ་རྒྱལ་གྱིས་མི་ཤེས་ཤེས་ཁུལ་གྱིས་དཔྱད་པ་ཏིལ་ཙམ་མ་བྱས་པར་དགེ་ཆོས་ཀྱི་གསུང་ཡིན་པར་ཐག་བཅད་སོང་།མ་ཟད།1945ལོར་བརྩམས་པའི་ཡིད་ཚོད་ཀྱང་བྱས་འདུག སྤྱིར་འཛམ་གླིང་རྒྱས་བཤད་ལ་ནན་གྱིས་ལྟ་ཀློག་ཙམ་བྱས་ཚེ།དགེ་ཆོས་ཀྱི་གསུང་མིན་པའི་བདེན་དཔང་ཁ་ཤས་རྙེད་སྲིད།མ་མཐའ་ཡང་།ཆེས་ཐོག་མའི་ཚིག་ཕྲེང་དང་པོ་ལ་བསམ་གཞིག་ཅིག་མཛད་ཡོད་ན།ཁྱེད་མཁས་པ་རྣམས་ཕར་ཟད།བླུན་པོ་ཨུ་ཚུགས་ལ་དགའ་བ་རྣམས་ཀྱང་དོགས་པ་ཞིག་སྐྱེས་སྲིད།ནོར་འཁྲུལ་གཅིག་ལན་གཅིག་ལ་བཟོ་སྲིད་ཀྱང་།ཡང་འཛམ་གླིང་དུང་ཟླ་དཀར་པོར།ཉེ་ཆར་ངེད་ཅག་གི་ལག་ཏུ་སོན་པའི་འཛམ་གླིང་རྒྱས་བཤད་སོགས་སྤེལ་བ་ལ་བརྟེན་ནས་ཁོང་ལ་ས་རྒྱུས་སྨྲ་བའི་ཆོ་ལོ་སྦྱར་ནའང་འོས་ཤིང་འཚམ་མོ་ཞེས་བྲིས་ཡོད།དེ་མིན་ཚངས་དབང་བས་བསམ་དཀར་གྱིས་གསལ་བཤད་བྱས་ཀྱང་མི་ཉན།གཞན་ཡང་།དོགས་པ་ཞིག་ཡོད་པ་ནི།འཛམ་གླིང་རྒྱས་བཤད་ཀྱི་མཇུག་ཏུ།རྨའི་མིང་ཅན་གྱིས་ཞེས་བྲིས་འདུག དྷརྨའི་མིང་ཅན་ཞེས་འབྲི་འདོད་ཀྱང་ཡི་གེ་ཆད་སོང་བར་སྙམ།འཛམ་གླིང་རྒྱས་བཤད་དགེ་ཆོས་ཀྱི་གསུང་མིན་པའི་བདེན་དཔང་ཤིན་ཏུ་གསལ་བས།མ་ཡིག་རང་གི་མཇུག་ཏུ་རྨའི་མིང་ཅན་གྱིས་ཞེས་བྲིས་ཡོད་དམ།ཡང་ན་རྡོ་རྗེ་རྒྱལ་གྱིས་སྙིང་ཁམས་ཆེན་པོས་གསར་སྣོན་ཡིན་པ་མ་ངེས་ཀྱང་།ཞོ་འོང་ལ་བསྐུར་བའི་མ་ཡིག་ལ་ལན་གཅིག་མཇལ་འདོད་ཆེན་པོ་བྱུང་།གལ་ཏེ།རྨའི་མིང་ཅན་གྱིས་ཞེས་པ་མ་ཡིག་རང་དུ་བྱུང་ཡོད་ན།ཁོ་བོས་ཉེས་ལྟུང་ཆེན་པོ་ཞིག་བསགས་ཡོད་པ་དང་།མ་ཡིག་རང་དུ་ཇི་བཞིན་མེད་ན། རྡོ་རྗེ་རྒྱལ་གྱིས་ཀློག་པ་པོར་མགོ་སྐོར་བ་དང་བདེན་པ་རྫུན་བཟོའི་ཉེས་པ་ཁོ་བོ་ལས་ལྡབ་འགྱུར་གྱིས་ཆེན་པོ་ཞིག་བཟོས་པར་ངོས་བཟུང་ཆོག་གོ།

  གསུམ་པ། དགེ་ཆོས་ཀྱི་སྐྱེས་ཕྲེང་གི་སྐོར།

  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ་ཞེས་པའི་གླེང་གཞི་རུ།རྡོ་བྲག་སྐུ་ཕྲེང་བརྒྱད་པ་སྐལ་བཟང་པདྨ་དབང་རྒྱལ་གྱི་རྣམ་སྤྲུལ་རྡོ་བྲག་དགེ་འདུན་ཆོས་འཕེལ་ཞེས་གསལ་བོར་བྲིས་ཡོད།ཚིག་འདིས་དགེ་ཆོས་ལ་ཞིབ་འཇུག་བགྱིས་པའི་ཆུ་ཚད་ཤིན་ཏུ་དམན་ཞིང་།ཁ་ན་དགེ་ཆོས་ལ་མོས་མོས་དང་ཁོག་ན་དགེ་ཆོས་མུག་མུག་ཏུ་ཡོད་པའི་སྣང་ཚུལ་ཞིག་མཐོང་།ཁྱེད་དགེ་ཆོས་ཞིབ་འཇུག་པ་ཕར་ཟད།ཁོ་བོ་ལྟ་བུས་ཀྱང་ཚིག་འདི་འདྲ་སྨྲ་མི་སྲིད་ལ།སྨྲས་ཀྱང་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པ་ཚེ་གང་ལ་མི་བརྗེད་པ་ཞིག་བྱ་ངེས།འོན་ཀྱང་།ཁྱེད་ཀྱིས་ད་དུང་ནོར་བའི་ངོས་ཟིན་ཡོད་མེད་ཅི་ཆ།ཞིབ་འཇུག་པ་དང་མོས་པ་ཅན་རྣམས་ཀྱིས་འབད་པས་དཔྱད་པ་གཏོང་སྐབས།ཁྱེད་ཀྱིས་དཀའ་ངལ་ཅི་ཡང་མེད་པར་འདི་ལྟར་ཐག་བཅད་པ་གཟི་བརྗིད་ཅིག་ཏུ་འདོད་དམ།ཡང་ན་མཁས་པའི་ལུགས་ཤིག་ཟིན་སོང་སྙམ།དགེ་ཆོས་ནི་རྡོ་བྲག་སྐུ་ཕྲེང་བརྒྱད་པ་སྐལ་བཟང་པདྨ་དབང་རྒྱལ་གྱི་རྣམ་སྤྲུལ་ཡིན་མི་སྲིད་དེ།གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱི་སྤྲུལ་བ་རིག་འཛིན་ལེགས་ལྡན་རྡོ་རྗེ་དང་།དེའི་སྤྲུལ་བ་རིག་འཛིན་ངག་གི་དབང་བོ་ཡིན།འདིས་ཐུབ་བསྟན་རྡོ་རྗེ་བྲག་ཕྱག་བཏབ།དེའི་སྤྲུལ་བ་རིག་འཛིན་པདྨ་འཕྲིན་ལས་ཡིན།འདི་རྒྱལ་དབང་ལྔ་པའི་དངོས་སློབ་ཡིན་ལ་རྙིང་ཆོས་ལ་ཤིན་ཏུ་མཁས།དེའི་སྤྲུལ་བ་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ཡིན།དེའི་སྤྲུལ་བ་རིག་འཛིན་ཁམས་གསུམ་ཟིལ་གནོན་ཡིན།དེའི་སྤྲུལ་བ་ངག་དབང་འཇམ་དཔལ་ཡིན།དེའི་སྤྲུལ་བ་རྡོ་རྗེ་རྒྱལ་གྱིས་བཤད་པའི་སྐུ་ཕྲེང་བརྒྱད་པ་རིག་འཛིན་པདྨ་དབང་རྒྱལ་འདི་ཡིན་ལ།1848ལོར་འཁྲུངས་ཤིང་དགུང་ལོ་སོ་གསུམ་པར(1880)ཞི་བར་གཤེགས།དེའི་སྤྲུལ་བ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་ཡིན།འདི1886ལོར་འཁྲུངས་ཤིང་ཆུ་བྱ་ལོར(1933)གཤེགས།ལོ་ཚིགས་ལ་བལྟས་ནའང་།སྒྲུབ་བྱེད་གཞན་འཚོལ་མི་དགོས་པར་རྫུན་རྐུབ་བརྟོལ་སླ་བ་རེད།རྫུན་འདི་ནི་ཕལ་ཆེར་ཧི་ཐུར་གྱི་དེབ་ལས་བརྐུས་པ་ཡིན་ངེས་པས།རང་མིའི་ལོ་རྒྱུས་གཞན་གྱི་ངག་ལས་བརྐུས་ནས་རྫུན་ལབ་པའི་ལས་འདི་ཤིན་ཏུ་སྐྱོ།དགེ་ཆོས་ཀྱི་སྐྱེ་ཕྲེང་གསལ་བོར་རྟོགས་འདོད་ན།ཞབས་དཀར་སྐུ་ཕྲེང་གཉིས་པའི་རྣམ་ཐར་ལ་བལྟས་ནས་ཞིབ་ཏུ་དཔྱོད་དང་།མ་མཐའ་ཡང་།འདི་ལྟ་བུའི་རྫུན་ལབ་དགོས་ལ་ཐུག་པ་མི་ཡོང་ངོ་སྙམ།འདིའི་སྐོར་ཁོ་བོས་རྩོམ་ཞིག་བྲིས་ཡོད་པས།ནམ་ཞིག་ཁྱེད་ཅག་གི་གཟིགས་ལམ་དུ་འབུལ་ངེས་ན།འདིར་ཞིབ་ཏུ་དཔྱད་པའི་ངལ་བ་མི་བྱ།གལ་ཏེ།རྒྱུས་མེད་པའི་གཏམ་འདི་རྡོ་རྗེ་བྲག་དགོན་མཐའི་སྤྲང་བོ་ཞིག་གིས་ཐོས་ཀྱང་།ཧ་ཧ་ཞེས་གད་མོ་ཐག་གེར་བཞད་ཅིང་།ཧོ་ཧོ་ཞེས་འཕྱ་ཟློས་སྙིང་དུ་ཟུག་པ་ཞིག་བྱ་ངེས།

  གཞན་ཡང་།ཞེན་ཁོག་ཁོ་ནས་བསྟོད་པའི་ཕྱོགས་ལ་ཤི་འཐམ་རོ་འཐམ་བྱས་པས།དོན་དངོས་ཀྱི་གནས་ལུགས་བསྒྲིབས་པའི་ཆ་དང་།དཔྱད་པ་ཞིབ་ཏུ་མ་བྱས་པའི་འོལ་ཚོད་ཀྱི་ཕྱོགས་མང་པོ་མཐོང་བས།ཞིབ་ཏུ་རེ་རེ་བཞིན་འགོད་པའི་བརྩོན་པ་མ་བྱས།དྲང་མོར་བཤད་ན།ཞིབ་འཇུག་འདི་ཞེན་ཁོག་གིས་མི་འཁྱོངས་ཤིང་།མཁས་ཚུགས་ཀྱིས་ནུས་པ་ཞིག་མ་རེད།དེ་བས་ཀྱང་།དགེ་ཆོས་དང་ཕ་ཡུལ་གཅིག་ཡིན་སྙམ་པའི་སྣང་བ་འདིས་ཀྱང་ཅང་མི་ནུས་ཏེ།སྐབས་འགར་འདི་ནི་བཀག་རྡོ་ཆེན་པོ་ཞིག་ཡིན་སྲིད་དོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དགེ་ཆོས་ཞིབ་འཇུག་པ་རྡོ་རྗེ་རྒྱལ་ལ་སྨྲས་པ།

2023-03-10 བྱང་ཁུ་ལོ།(རེབ་ཀོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།