བར་ཐག དགའ་སྐྱོ།


ཀ་ར་དང་ཁ་ཚ་འདྲེས་མ་ལྟ་བུའི།།
བྲོ་བ་དེ་ལྗགས་ཀྱི་འགྲམས་ནས་རེག་ན།།
མྱོང་པ་དེ་ཚྭ་མེད་ཐུག་རྐྱང་བཞིན་ལས།།
ལྟོ་བའི་ཁོག་སྟོང་བ་མིན་ཙམ་ཙམ་པོ།།
 
སེམས་པ་དང་རྒྱང་གི་སེམས་པ་དེ་ལ།།
རི་ཆུ་དང་རི་ཆུས་བར་ཐག་མི་ཆོད།།
ཅེས་པའི་ཚིགས་ཇི་འདྲའི་རྣ་ལ་སྙན་ཡང་།།
འཕྲད་འདོད་ཀྱི་སྡུག་བསྔལ་གང་ལའང་མི་ཤོངས།།
 
དྲན་གི་ཅེས་ཨ་སྔོན་དབྱིངས་སུ་ཀི་བཏབས།།
མནར་གི་ཅེས་མིག་ཆུས་དོག་མོ་ས་བརླན།།
བོས་བོས་ཀྱི་བོས་མཐར་ཕྱིར་སླེབས་མེད་ན།།
སྡང་གི་ཅེས་འཁང་རའི་འཁྲུགས་ཆེན་རྒྱག་སྲིད།།
                     འཇུག་བསྡུ།
མེ་ཏོག་དེ་སྦྲང་མར་མ་དུངས་མིན་ཏེ།།
སྦྲང་མས་ཀྱང་མེ་ཏོག་བློས་ཐོངས་མིན་ཏེ།།
དུས་ཚུགས་དེ་བཙན་པོས་སོར་སོར་བཏང་པས།།
སང་ནང་མོ་དབྱར་ཟླ་ཚེས་དུས་འཕྲད་སྲིད།།
           ༢༠༡༢.༡.༣༠ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་ཐག དགའ་སྐྱོ།

2012-06-04 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།


ཀ་ར་དང་ཁ་ཚ་འདྲེས་མ་ལྟ་བུའི།།
བྲོ་བ་དེ་ལྗགས་ཀྱི་འགྲམས་ནས་རེག་ན།།
མྱོང་པ་དེ་ཚྭ་མེད་ཐུག་རྐྱང་བཞིན་ལས།།
ལྟོ་བའི་ཁོག་སྟོང་བ་མིན་ཙམ་ཙམ་པོ།།
 
སེམས་པ་དང་རྒྱང་གི་སེམས་པ་དེ་ལ།།
རི་ཆུ་དང་རི་ཆུས་བར་ཐག་མི་ཆོད།།
ཅེས་པའི་ཚིགས་ཇི་འདྲའི་རྣ་ལ་སྙན་ཡང་།།
འཕྲད་འདོད་ཀྱི་སྡུག་བསྔལ་གང་ལའང་མི་ཤོངས།།
 
དྲན་གི་ཅེས་ཨ་སྔོན་དབྱིངས་སུ་ཀི་བཏབས།།
མནར་གི་ཅེས་མིག་ཆུས་དོག་མོ་ས་བརླན།།
བོས་བོས་ཀྱི་བོས་མཐར་ཕྱིར་སླེབས་མེད་ན།།
སྡང་གི་ཅེས་འཁང་རའི་འཁྲུགས་ཆེན་རྒྱག་སྲིད།།
                     འཇུག་བསྡུ།
མེ་ཏོག་དེ་སྦྲང་མར་མ་དུངས་མིན་ཏེ།།
སྦྲང་མས་ཀྱང་མེ་ཏོག་བློས་ཐོངས་མིན་ཏེ།།
དུས་ཚུགས་དེ་བཙན་པོས་སོར་སོར་བཏང་པས།།
སང་ནང་མོ་དབྱར་ཟླ་ཚེས་དུས་འཕྲད་སྲིད།།
           ༢༠༡༢.༡.༣༠ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།