རང་མཚང་གསོང་བོར་བརྗོད་པར་ངོ་ཚ་ཅི།


དུས་དང་བསྐལ་བའི་འདུ་འགོད་སྟུག་པོའི་ཡ་མེད་རྩོད་པའི་བར་གསེང་ནས།།
གྲོགས་པོའི་ཚོགས་ཀྱིས་རྒྱལ་ཁའི་ཟས་སྐལ་ཞིམ་པོ་མངར་མོ་རུམ་དུ་བཅུག།
དགའ་བ་སྤྲོ་བ་ཁོག་ཏུ་མ་ཆུག་སྤྲོ་བའི་འཛུམ་མདངས་ཤིག་ཤིག་རྒྱས།།
སྟོན་གྱི་འབྲས་བུས་ཁུར་གྱིས་དུད་པས་རེ་བཞག་དྲོན་མོ་སྙིང་ལ་སྐྱེས།།

མི་བརྒྱའི་གྲས་ནས་རང་སྐལ་ཆད་ཅིང་རྟ་བརྒྱའི་གྲས་ནས་བང་རྩལ་ཤོར།།
མི་དང་མི་རྣམ་གཞག་འདྲ་ཞིང་ཤ་དང་རུས་པ་མཉམ་ན་ཡང་།།
གཅིག་དང་གཉིས་ཀྱི་ཕམ་ཁ་སྡུག་པོ་སྤྱི་རྒྱ་སྟོང་གིས་ལྕི་བར་མནན།།
ལག་སྟོང་མཆན་དང་ཅན་སྟོང་རུམ་གྱིས་མི་གྲལ་སྙེགས་པ་སྤྲང་པོའི་ལས།།

ཁ་ཕོ་འབྲུག་གི་སྟོང་སྒྲ་ཙམ་ལས་དོན་དམ་འབྲས་བུ་འཇའ་ཡི་གཟུགས།།
ཆེ་བ་གནམ་མཐའི་རྒྱ་ཁྱོན་གླེང་ཡང་རང་གི་ལྡོག་ལམ་མི་མཐོང་བ།།
གཞན་སྐྱོན་ཤིག་གི་སུག་རྗེས་འཚོལ་ཡང་རང་སྐྱོན་གཡག་རྒན་མི་ཚོར་བ།།
བསམ་ཞིང་བསམ་ན་སྐྱོ་ཞིང་གནོང་ལ་ཁྲོ་བའི་ཁུ་ཚུར་རང་ལ་གཞུ།།

ཐོབ་དང་གོ་སའི་ཐེམ་སྐས་མ་བསྙེག་ཤེས་ལྡན་སྨྲ་བའི་རྟུལ་ཞུགས་བཟུང་།།
རྒྱུ་དང་འབྱོར་བའི་འདུར་ལ་མ་བསྲེས་རྣལ་མའི་མི་ཡི་སྤྱོད་པ་བསྐྱངས།།
རླབས་ཆེན་བྱ་བར་དགའ་མདོག་སྟོན་བཞིན་གདུལ་བྱའི་ཚོགས་རྣམས་ཆུ་ལ་འཕངས།།
མི་ཐུབ་སྡོམ་པ་ཁུར་དུ་ལེན་པའི་ལམ་འདིར་གདོན་གྱིས་དེད་དམ་ཅི།།

མི་ཤེས་ཤེས་མདོག་སྤངས་པར་གྱིས་ལ་མགོ་འཕང་སྨད་དེ་བག་ཡོད་བྱོས།།
མི་ཆེ་ཆེ་རབས་ཆུང་དུ་ཐོངས་ལ་གཉོམ་ཆུང་ཚུལ་མཐུན་དང་དུ་ལོངས།།
མི་འཁྱོངས་འཁྱོངས་མདོག་ཤུན་ལྤགས་བཤུས་ཏེ་དྲང་པོའི་ལམ་ལ་ལེགས་པར་ཞུགས།།
མི་འབྱོན་འབྱོན་ཁུལ་མི་རབས་མ་རྫོད་རིན་ཆེན་འདུག་སྟེགས་གཞན་ལ་སྤྲོད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་མཚང་གསོང་བོར་བརྗོད་པར་ངོ་ཚ་ཅི།

2012-06-03 རྫས་ལུང་ཚེ་དར། ཀློག་གྲངས། མཆན ཡོད།


དུས་དང་བསྐལ་བའི་འདུ་འགོད་སྟུག་པོའི་ཡ་མེད་རྩོད་པའི་བར་གསེང་ནས།།
གྲོགས་པོའི་ཚོགས་ཀྱིས་རྒྱལ་ཁའི་ཟས་སྐལ་ཞིམ་པོ་མངར་མོ་རུམ་དུ་བཅུག།
དགའ་བ་སྤྲོ་བ་ཁོག་ཏུ་མ་ཆུག་སྤྲོ་བའི་འཛུམ་མདངས་ཤིག་ཤིག་རྒྱས།།
སྟོན་གྱི་འབྲས་བུས་ཁུར་གྱིས་དུད་པས་རེ་བཞག་དྲོན་མོ་སྙིང་ལ་སྐྱེས།།

མི་བརྒྱའི་གྲས་ནས་རང་སྐལ་ཆད་ཅིང་རྟ་བརྒྱའི་གྲས་ནས་བང་རྩལ་ཤོར།།
མི་དང་མི་རྣམ་གཞག་འདྲ་ཞིང་ཤ་དང་རུས་པ་མཉམ་ན་ཡང་།།
གཅིག་དང་གཉིས་ཀྱི་ཕམ་ཁ་སྡུག་པོ་སྤྱི་རྒྱ་སྟོང་གིས་ལྕི་བར་མནན།།
ལག་སྟོང་མཆན་དང་ཅན་སྟོང་རུམ་གྱིས་མི་གྲལ་སྙེགས་པ་སྤྲང་པོའི་ལས།།

ཁ་ཕོ་འབྲུག་གི་སྟོང་སྒྲ་ཙམ་ལས་དོན་དམ་འབྲས་བུ་འཇའ་ཡི་གཟུགས།།
ཆེ་བ་གནམ་མཐའི་རྒྱ་ཁྱོན་གླེང་ཡང་རང་གི་ལྡོག་ལམ་མི་མཐོང་བ།།
གཞན་སྐྱོན་ཤིག་གི་སུག་རྗེས་འཚོལ་ཡང་རང་སྐྱོན་གཡག་རྒན་མི་ཚོར་བ།།
བསམ་ཞིང་བསམ་ན་སྐྱོ་ཞིང་གནོང་ལ་ཁྲོ་བའི་ཁུ་ཚུར་རང་ལ་གཞུ།།

ཐོབ་དང་གོ་སའི་ཐེམ་སྐས་མ་བསྙེག་ཤེས་ལྡན་སྨྲ་བའི་རྟུལ་ཞུགས་བཟུང་།།
རྒྱུ་དང་འབྱོར་བའི་འདུར་ལ་མ་བསྲེས་རྣལ་མའི་མི་ཡི་སྤྱོད་པ་བསྐྱངས།།
རླབས་ཆེན་བྱ་བར་དགའ་མདོག་སྟོན་བཞིན་གདུལ་བྱའི་ཚོགས་རྣམས་ཆུ་ལ་འཕངས།།
མི་ཐུབ་སྡོམ་པ་ཁུར་དུ་ལེན་པའི་ལམ་འདིར་གདོན་གྱིས་དེད་དམ་ཅི།།

མི་ཤེས་ཤེས་མདོག་སྤངས་པར་གྱིས་ལ་མགོ་འཕང་སྨད་དེ་བག་ཡོད་བྱོས།།
མི་ཆེ་ཆེ་རབས་ཆུང་དུ་ཐོངས་ལ་གཉོམ་ཆུང་ཚུལ་མཐུན་དང་དུ་ལོངས།།
མི་འཁྱོངས་འཁྱོངས་མདོག་ཤུན་ལྤགས་བཤུས་ཏེ་དྲང་པོའི་ལམ་ལ་ལེགས་པར་ཞུགས།།
མི་འབྱོན་འབྱོན་ཁུལ་མི་རབས་མ་རྫོད་རིན་ཆེན་འདུག་སྟེགས་གཞན་ལ་སྤྲོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།