འབྲོག་མོར་ཕུལ་བའི་སྙན་ངག

   __སེང་རྡོར་གྱི་སྙན་ངག་ཅིག་ལ་ལད་ཟློས་བྱས་པ།
 

ཉི་ཟེར་གྱི་བརྩེ་བ་སྣུམ་པོ་རི་ལ་བརྒྱབ།།
རི་སྒང་གི་དྲི་མ་ཞིམ་པོ་སྣ་ལ་ཕོག།
རི་གཞས་ཀྱི་ངག་གླུ་གྱེར་བའི་རྫི་མོ་ཚོ།།
རི་ལུང་གི་རྣམ་ཤེས་དཀྲོག་པའི་སྔ་མ་ཡིན།།
 
ཁ་ཆར་གྱི་རྔམ་ཤའི་ཁྲོད་ན་འགུལ་བ་དང་།།
རླུང་ནག་གི་འཚུབ་སྐོར་བྱས་ཀྱང་མི་སྣོག་པའི།།
ཆར་ཤུལ་གྱི་འཇའ་ཚོན་འདྲ་བའི་འབྲོག་མོ་ཚོ།།
སུ་ཡིན་ཡང་རྩེད་གྲོགས་བྱས་ན་བློ་བ་ཉེ།།
 
སློབ་ཆུང་གི་སྒོ་ཐེམ་རྡོག་པས་མ་མནན་ཞིང་།།
དབྱངས་གསལ་གྱི་གླུ་གཞས་ངག་ལ་མ་གྱེར་བའི།།
ལྷན་སྐྱེས་ཀྱི་གཤིས་ཀ་འཇམ་པའི་འབྲོག་མོ་ཚོ།།
ཚེ་གཅིག་གི་རྐྱ་ཡ་ཡིན་ན་འགྲིག་ནས་འདུག།
 
དབྱར་གཞུང་གི་ཚ་བའི་སྒང་ལ་མི་ཁོམ་པའི།།
རྐང་རྗེན་དུ་བེའུ་འཚོ་བའི་འབྲོག་ས་ན།།
རྨི་ལམ་གྱི་མཇུག་མ་མེད་པའི་འབྲོག་མོ་ཚོ།།
བློ་ངོགས་ནས་བརྗེད་དུ་མ་ཕངས་འབྲོག་ཕྲུག་ཚོ།།
 
གྲྭ་བ་ཚོའི་དམ་ཚིག་འཕྲོག་པའི་གཤེད་མ་དང་།།
སྔགས་པ་ཚོའི་ཆོས་ལམ་དཀྱོག་པའི་ལམ་རྡོ་རུ།།
བསམ་བཞིན་དུ་ཁོ་ཚོ་ལངས་ནས་མི་འདུག་ཀྱང་།།
ཕ་རོལ་དག་སྤུ་བཞིན་འབྱར་ན་སུ་ཡིས་གཟུར།།
 
རི་ངོས་ན་དབྱར་རྩྭ་དགུན་འབུ་བརྐོ་བ་དང་།།
ས་ནག་ཁྲོད་གྲོ་མ་གཅིག་འཐུ་བྱེད་པ་སོགས།།
དུས་བཞི་ལ་ཁོམ་ལོང་མེད་པའི་འབྲོག་མོ་ཚོ།།
གློ་མཆིན་གྱི་བརྩེ་བའི་ཁུག་ནས་མ་འབོར་རོགས།།
 
ལས་དབང་གི་སྣེ་མོ་རང་ལ་མི་དབང་ཞིང་།།
བརྩེ་དུང་གི་མདུད་པ་མོ་བས་གྲོལ་ཆོག་པའི།།
ཕ་མ་ཡི་བཀའ་ལ་ཉན་པའི་འབྲོག་མོ་ཚོས།།
མི་ཉིད་ཀྱི་ཁེ་དབང་ཟེར་བ་གོ་ཐོས་མེད།།
 
སྦྲ་ནག་གི་སྒོ་མཚམས་བར་ན་རླུང་ལྟར་གཡོ།།
ནོར་ལྷས་ཀྱི་ལྕི་འདམ་ཁྲོད་ན་གླ་ལྟར་ལྡིང་།།
འཚབ་འཚུབ་ཀྱིས་ལས་ལ་བརྩོན་པའི་འབྲོག་མོ་ཚོ།།
བསམ་བཞིན་དུ་རྔན་པ་བྱིན་ཏེ་ཉོས་པ་འདྲ།།
 
བྱམས་པ་ལ་བརྩེ་བ་གླེང་ན་ཤབ་ཤུབ་དང་།།
གྲོགས་མོ་ལ་གསང་བ་མོལ་ཡང་ཤབ་ཤུབ་བཤད།།
ཤབ་ཤུབ་ཀྱི་གཏམ་ལ་མོས་པའི་འབྲོག་མོ་ཚོ།།
ནམ་ཞིག་ལ་ལྐུགས་པར་གྱུར་ན་ཅི་ཞིག་བྱེད།།
 
ཁྱིམ་ནང་གི་ཇ་མ་ཡིན་པའི་མི་ཚད་པར།།
རི་ལུང་ན་ཕྱུགས་རྗེས་སྙེག་པའི་ལས་ཀ་སོགས།།
འཁོར་བ་ཡི་གཟུང་ཐག་ཡིན་པའི་འབྲོག་མོ་ཚོ།།
ལོ་ཟླ་ཡི་འཁོར་འགྲོས་ཀློང་ན་རྒས་ཤིང་འཁོགས།།
        2012.4.26་ལ་རེབ་གོང་ནས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་མོར་ཕུལ་བའི་སྙན་ངག

2012-05-21 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།

   __སེང་རྡོར་གྱི་སྙན་ངག་ཅིག་ལ་ལད་ཟློས་བྱས་པ།
 

ཉི་ཟེར་གྱི་བརྩེ་བ་སྣུམ་པོ་རི་ལ་བརྒྱབ།།
རི་སྒང་གི་དྲི་མ་ཞིམ་པོ་སྣ་ལ་ཕོག།
རི་གཞས་ཀྱི་ངག་གླུ་གྱེར་བའི་རྫི་མོ་ཚོ།།
རི་ལུང་གི་རྣམ་ཤེས་དཀྲོག་པའི་སྔ་མ་ཡིན།།
 
ཁ་ཆར་གྱི་རྔམ་ཤའི་ཁྲོད་ན་འགུལ་བ་དང་།།
རླུང་ནག་གི་འཚུབ་སྐོར་བྱས་ཀྱང་མི་སྣོག་པའི།།
ཆར་ཤུལ་གྱི་འཇའ་ཚོན་འདྲ་བའི་འབྲོག་མོ་ཚོ།།
སུ་ཡིན་ཡང་རྩེད་གྲོགས་བྱས་ན་བློ་བ་ཉེ།།
 
སློབ་ཆུང་གི་སྒོ་ཐེམ་རྡོག་པས་མ་མནན་ཞིང་།།
དབྱངས་གསལ་གྱི་གླུ་གཞས་ངག་ལ་མ་གྱེར་བའི།།
ལྷན་སྐྱེས་ཀྱི་གཤིས་ཀ་འཇམ་པའི་འབྲོག་མོ་ཚོ།།
ཚེ་གཅིག་གི་རྐྱ་ཡ་ཡིན་ན་འགྲིག་ནས་འདུག།
 
དབྱར་གཞུང་གི་ཚ་བའི་སྒང་ལ་མི་ཁོམ་པའི།།
རྐང་རྗེན་དུ་བེའུ་འཚོ་བའི་འབྲོག་ས་ན།།
རྨི་ལམ་གྱི་མཇུག་མ་མེད་པའི་འབྲོག་མོ་ཚོ།།
བློ་ངོགས་ནས་བརྗེད་དུ་མ་ཕངས་འབྲོག་ཕྲུག་ཚོ།།
 
གྲྭ་བ་ཚོའི་དམ་ཚིག་འཕྲོག་པའི་གཤེད་མ་དང་།།
སྔགས་པ་ཚོའི་ཆོས་ལམ་དཀྱོག་པའི་ལམ་རྡོ་རུ།།
བསམ་བཞིན་དུ་ཁོ་ཚོ་ལངས་ནས་མི་འདུག་ཀྱང་།།
ཕ་རོལ་དག་སྤུ་བཞིན་འབྱར་ན་སུ་ཡིས་གཟུར།།
 
རི་ངོས་ན་དབྱར་རྩྭ་དགུན་འབུ་བརྐོ་བ་དང་།།
ས་ནག་ཁྲོད་གྲོ་མ་གཅིག་འཐུ་བྱེད་པ་སོགས།།
དུས་བཞི་ལ་ཁོམ་ལོང་མེད་པའི་འབྲོག་མོ་ཚོ།།
གློ་མཆིན་གྱི་བརྩེ་བའི་ཁུག་ནས་མ་འབོར་རོགས།།
 
ལས་དབང་གི་སྣེ་མོ་རང་ལ་མི་དབང་ཞིང་།།
བརྩེ་དུང་གི་མདུད་པ་མོ་བས་གྲོལ་ཆོག་པའི།།
ཕ་མ་ཡི་བཀའ་ལ་ཉན་པའི་འབྲོག་མོ་ཚོས།།
མི་ཉིད་ཀྱི་ཁེ་དབང་ཟེར་བ་གོ་ཐོས་མེད།།
 
སྦྲ་ནག་གི་སྒོ་མཚམས་བར་ན་རླུང་ལྟར་གཡོ།།
ནོར་ལྷས་ཀྱི་ལྕི་འདམ་ཁྲོད་ན་གླ་ལྟར་ལྡིང་།།
འཚབ་འཚུབ་ཀྱིས་ལས་ལ་བརྩོན་པའི་འབྲོག་མོ་ཚོ།།
བསམ་བཞིན་དུ་རྔན་པ་བྱིན་ཏེ་ཉོས་པ་འདྲ།།
 
བྱམས་པ་ལ་བརྩེ་བ་གླེང་ན་ཤབ་ཤུབ་དང་།།
གྲོགས་མོ་ལ་གསང་བ་མོལ་ཡང་ཤབ་ཤུབ་བཤད།།
ཤབ་ཤུབ་ཀྱི་གཏམ་ལ་མོས་པའི་འབྲོག་མོ་ཚོ།།
ནམ་ཞིག་ལ་ལྐུགས་པར་གྱུར་ན་ཅི་ཞིག་བྱེད།།
 
ཁྱིམ་ནང་གི་ཇ་མ་ཡིན་པའི་མི་ཚད་པར།།
རི་ལུང་ན་ཕྱུགས་རྗེས་སྙེག་པའི་ལས་ཀ་སོགས།།
འཁོར་བ་ཡི་གཟུང་ཐག་ཡིན་པའི་འབྲོག་མོ་ཚོ།།
ལོ་ཟླ་ཡི་འཁོར་འགྲོས་ཀློང་ན་རྒས་ཤིང་འཁོགས།།
        2012.4.26་ལ་རེབ་གོང་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།