གླག་གི་ངོ་གདོང་།

རི་ཕྱོར་སྟོབས་ལྡན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-08

         __ན་གཞོན་རྩོམ་པ་པོ་གླག་ལགས་ལ།

གླག་ནི་ཨ་སྔོན་མཐོན་པོའི་དབྱིངས་ནས་གཤོག་སྣེ་སྤྲིན་ལ་སྡེབ་མཁན་ཞིག།
གླག་ནི་མཐའ་ཡས་རྒྱ་མཚོའི་གཏིང་ལ་མགྲིན་པ་དྲང་བོར་བསྲིངས་མཁན་ཞིག།
གླག་ནི་གནམ་སའི་དབྱེ་མཚམས་ཁྲོད་ནས་སྡེར་སྣེ་བྲག་ལ་བརྡར་མཁན་ཞིག།
གླག་ནི་རླུང་དང་རྡུལ་འཚུབ་བར་ནས་སྒྲོ་སྤུ་ཕྱི་རུ་ངོམ་མཁན་ཞིག།
གླག་གིས་རྫུབས་པའི་རྫ་ན་གནས་པའི་འབྲོང་ཁྱུའི་རྨིག་རྗེས་བསུབས་ནས་སོང་།།
གླག་གིས་བདེ་བའི་གཉིད་ལ་ཡུར་བའི་ལུག་ཁྱུ་རྨང་ནས་དཀྲོགས་ནས་སོང་།།
གླག་གིས་ལ་དང་ལུང་མདོར་ཁྱབ་པའི་སྒོ་ཁྱིའི་ཟུག་སྐད་འཕྲོག་ནས་སོང་།།
གླག་གིས་ཕུག་དང་ཡིབ་ན་རྒྱུ་བའི་ཝ་མོའི་གཡོ་འཕྲུལ་བཅོམས་ཏེ་སོང་།།
གླག་ནི་ཁ་བའི་འདབ་མའི་ཁྲོད་ལ་སྡེར་མོས་རི་མོ་ཕབ་མཁན་ཞིག།
གླག་ནི་རི་ཞོལ་སྨུག་པའི་ཁྲོད་དུ་མིག་འབྲས་རླུང་ལ་སྐུར་མཁན་ཞིག།
གླག་ནི་འོད་ལྔའི་འཇའ་ཚོན་སྟེང་ལ་སྒྲོ་ཡིས་ཁ་ཚར་འདོགས་མཁན་ཞིག།
གླག་ནི་ཆུ་ཡི་རླབས་རིས་ཁྲོད་ལ་རྔ་སྒྲོས་གུར་ཁང་ཕབ་མཁན་ཞིག།
གླག་གིས་འདུ་ཁང་གསེར་ཏོག་སྟེང་གི་ས་རྡུལ་མཁའ་ལ་ཕྱར་ནས་སོང་།།
གླག་གིས་བཙན་པོས་གཏེར་ལ་ཉར་བའི་མཛོད་ཁང་གཏིངས་ནས་དཀྲིགས་ནས་སོང་།།
གླག་གིས་གསེར་དང་དངུལ་གྱིས་ཤན་པའི་བཞུགས་ཁྲི་རྡོག་པའི་མཇལ་ཏེ་སོང་།།
གླག་གིས་གྲོང་ན་སྡེ་ན་མཆེད་པའི་རྔ་སྒྲ་འུར་གྱིས་མནན་ཏེ་སོང་།།
གླག་ནི་རྒྱུ་འབྲས་འོད་དུ་འཚེར་བའི་འཕྲང་ལམ་དོག་མོ་བརྒལ་མཁན་ཞིག།
གླག་ནི་གནས་ལུགས་ཟབ་མོའི་སྟེང་ལ་ལག་པ་དམ་པོར་འཇུ་མཁན་ཞིག།
གླག་ནི་རང་གཤིས་རྣལ་མའི་སྟེང་ནས་སྒལ་ཚིགས་དྲང་བོར་བསྲིང་མཁན་ཞིག།
གླག་ནི་རང་ཚུགས་འོབ་ཀློང་ཁྲོད་དུ་རང་ལུས་མེ་རུ་སྒྲོན་མཁན་ཞིག།
གླག་གིས་དཔོན་པོའི་རྩིས་ཐོའི་སྟེང་ལ་སྨྱུ་གུ་དམར་པོ་བསྐོར་ནས་སོང་།།
གླག་གིས་ཉེན་རྟོག་རྡུང་ཆས་ཁ་རུ་རྒོལ་ལན་མདུང་ཁ་གཏད་དེ་སོང་།།
གླག་གིས་ལྐོག་ན་ཉིག་གེར་བརྗོད་པའི་རྫུན་གཏམ་མིག་གིས་བསེད་དེ་སོང་།།
གླག་གིས་མདུན་ན་ཅིག་གེར་གནས་པའི་གནད་དོན་བློ་ཡིས་དཔྱད་དེ་སོང་།།
གླག་ནི་མི་སེར་རྒྱབ་ན་འགྲེང་བའི་གོམ་ཁ་ལམ་ཏུ་གཏད་མཁན་ཞིག།
གླག་ནི་དཔྱད་དང་འཚོལ་ལ་དགའ་བའི་ཀླད་ཤུགས་ཕྱི་རུ་ངོམ་མཁན་ཞིག།
གླག་ནི་ཐབས་དང་བསྡུར་ལ་མོས་པའི་རང་ལུས་གཅེར་བུ་སྟོན་མཁན་ཞིག།
གླག་ནི་ལུང་དང་རིག་པར་ཞེན་པའི་དོགས་གཞི་དུམ་བུར་གཏུབ་མཁན་ཞིག།
གླག་གིས་སྟོད་སྨད་བར་ལ་ང་རོའི་ཀུ་ཞིག་བཏབ་སྟེ་ཁྱབ།།
གླག་གིས་འདི་ཕྱི་གཉིས་ལ་སྤོབས་པས་ལུང་ཞིག་བསྒྲགས་ཏེ་མཆེད།།
གླག་གིས་སེར་སྐྱ་ཕོ་མོར་དོགས་པའི་འདྲོགས་ཤིག་བསླངས་ཤིང་བཙལ།།
གླག་གིས་སྒམ་ཞིང་དཀྱེལ་བའི་རྐང་བའི་རྗེས་ཤིག་ཕབ་ཏེ་སོང་།།
གླག་ནི་ལྕེ་ཡི་རྩེ་ནས་གཏམ་གྱི་རྒྱ་མཚོ་བསྐྱིལ་མཁན་ཞིག།
གླག་ནི་མིག་འབྲས་དབར་ནས་འཛམ་གླིང་བློ་ཡིས་མཇལ་མཁན་ཞིག།
གླག་ནི་སྨྱུ་གུའི་དབར་ནས་ཐ་སྙད་ཕྱོགས་སུ་གཏོར་མཁན་ཞིག།
གླག་ནི་མགྲིན་པ་བསྟད་ནས་བདེ་སྡུག་གླུ་རུ་ལེན་མཁན་ཞིག།
གླག་གི་མིག་ལ་སྤྱི་ཚོགས་ཟུར་གྱི་གནད་དོན་གང་དེ་འཁྲུངས་ཤིང་བབས།།
གླག་གི་རྣ་བར་དཀའ་སྡུག་གཉིས་ཀྱི་འབྲས་བུ་གང་དེ་མཆེད་ཅིང་ཐོན།།
གླག་གི་སྣ་ཡིས་ཕྱི་ནང་ཀུན་གྱི་ལྐོག་གཡོའི་དྲི་ངན་འབྱེད་ཅིང་ཚོར།།
གླག་གི་བློ་ཡིས་བདེན་རྫུན་གཉིས་ཀྱི་རྨོངས་བ་ཏུམ་སེར་བཅད་ཅིང་གཏུབ།།
གླག་གི་གཤོག་རྩལ་བསྐྱི་བསེར་རླུང་ལྟར་ཤིག་གེར་རྒྱས་བར་ཤོག །
གླག་གི་ལྡེམ་མྱུར་གསེར་མིག་ཉ་བཞིན་འཁྱུག་གེར་ངོམ་པར་ཤོག།
གླག་གི་སྡེར་བཞི་རལ་གྲིའི་ངར་ལྟར་ཉིག་གེར་བསེད་པར་ཤོག །
གླག་གི་མིག་རིལ་ཕྲ་མཐོང་ཤེལ་བཞིན་གསལ་ལེར་མངོན་པར་ཤོག།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླག་གི་ངོ་གདོང་།

2012-05-08 རི་ཕྱོར་སྟོབས་ལྡན་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།