མིག་མདུན་གྱི་སྲིད་པ།


ཆར་རྗེས་ནག་བུན་སྣུམ་ཤིག་གེར།།
ཉི་མའི་ཟོལ་གྱིས་གཏོར་ཟིན་པས།།
གནམ་ས་བར་གྱི་སྣོད་བཅུད་དག།།
མགོ་བོའི་རལ་པ་གཞོམ་ལ་དུད།།
 
ཐོལ་རླུང་གཅིག་ལྡང་གཉིས་འཚུབ་སེ།།
རྣ་གཤོག་ཆག་སྒྲས་སེམས་པ་རྡེག།།
སྐྲ་རྩེ་བཀན་པོར་གས་ཁ་ཤིག།།
ཚོར་མེད་ཀློང་ནས་བབས་ནས་འདུག།།
 
མཛེས་མའི་རྐང་ལག་འཁྱུག་ཅིང་འཕྱུར།།
མིག་ཟུང་ཡུད་ཀྱིས་མཚེར་བ་བྱེད།།
ལུས་དང་སེམས་ཀྱི་བར་ཐག་ནི།།
རྗེས་དཔག་ཚད་མས་ཤེས་ཐབས་བྲལ།།
 
མི་ཚོགས་ཁ་ཕྱོགས་ངེས་མེད་བཞུར།།
རྡོག་སྒྲ་ཤོ་སྦགས་གཏོར་དང་འདྲ།།
ཁེར་བོའི་ཡིད་སེམས་རྒྱང་དུ་གཏད།།
རྡོག་སྒྲ་སྲ་མོར་རྣ་བ་གླན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་མདུན་གྱི་སྲིད་པ།

2012-05-08 དམིགས་རྩེ། ཀློག་གྲངས། མཆན ཡོད།


ཆར་རྗེས་ནག་བུན་སྣུམ་ཤིག་གེར།།
ཉི་མའི་ཟོལ་གྱིས་གཏོར་ཟིན་པས།།
གནམ་ས་བར་གྱི་སྣོད་བཅུད་དག།།
མགོ་བོའི་རལ་པ་གཞོམ་ལ་དུད།།
 
ཐོལ་རླུང་གཅིག་ལྡང་གཉིས་འཚུབ་སེ།།
རྣ་གཤོག་ཆག་སྒྲས་སེམས་པ་རྡེག།།
སྐྲ་རྩེ་བཀན་པོར་གས་ཁ་ཤིག།།
ཚོར་མེད་ཀློང་ནས་བབས་ནས་འདུག།།
 
མཛེས་མའི་རྐང་ལག་འཁྱུག་ཅིང་འཕྱུར།།
མིག་ཟུང་ཡུད་ཀྱིས་མཚེར་བ་བྱེད།།
ལུས་དང་སེམས་ཀྱི་བར་ཐག་ནི།།
རྗེས་དཔག་ཚད་མས་ཤེས་ཐབས་བྲལ།།
 
མི་ཚོགས་ཁ་ཕྱོགས་ངེས་མེད་བཞུར།།
རྡོག་སྒྲ་ཤོ་སྦགས་གཏོར་དང་འདྲ།།
ཁེར་བོའི་ཡིད་སེམས་རྒྱང་དུ་གཏད།།
རྡོག་སྒྲ་སྲ་མོར་རྣ་བ་གླན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།