སྟག་ཤར་སྙིང་ཤ་ཅན་གྱི་རང་ཚུགས།


སྐྱིད་དུས་འབྱོར་བས་ཕོངས་ཀྱང་སེམས་རྩ་དྲོ།།
སྡུག་དུས་མི་ཤ་ཟོས་ཀྱང་ཕན་པ་མེད།།
ལས་ཀྱི་རང་གཤིས་གྱོང་བའི་ལམ་མདོ་ནས།།
རྫུན་གཟུགས་ཐོད་དུ་བཟུང་ནས་བཟོད་བསྲན་བྱས།།
མི་ཡུལ་ལོང་བ་འགྲིམས་ནས་ལྟོ་བ་བགྲང་།།
ཕྱི་ཡི་པགས་པ་ཚ་བས་ཟེར་གྱི་གས།།
ལོ་ཟླའི་མཇུག་མ་དྲུད་པའི་མཐའ་མར་དེར།།
ལག་སྟོང་མཆན་དུ་བཅུག་ནས་སྡོད་ཐབས་བྲལ།།
སྐྱོར་འཐེན་མགོ་འདྲེན་བྱེད་པའི་རྒྱབ་དཔུང་མེད།།
བདག་མེད་ས་མཐར་འཁྱམས་པའི་སྤྲང་ཕྲུག་ངའི།།
དྲན་རྟེན་སོར་གདུབ་ཁུར་ནས་ཁྱོད་རང་བཙལ།།
ཁྱོད་ཀྱི་བརྩེ་བ་ཁུག་པའི་ལས་དབང་ཡོད།།
བཟང་འབྲེལ་ངན་འབྲེལ་ཟེར་བའི་རྣམ་རྟོགས་མེད།།
གཡོ་དང་སྒྱུ་མའི་བཟོས་པའི་ཁ་ཕོ་མེད།།
ཅིང་མེད་རི་ལ་འཁྱམས་པའི་ལམ་བར་ནས།།
བརྩེ་བའི་བྲང་ཤ་རློན་པ་ཁྱོད་དང་སྦྱར།།
ལྷན་འགྲོག་འཚོ་བའི་རྨང་གཞི་ཡུན་མ་རིང་།།
བྲལ་ཁའི་མཆི་མར་སྟེར་བའི་ལན་མ་རྙེད།།
གཏན་གྲོགས་འདུན་མ་དགོས་ཞེས་ཞུ་མ་ཕོད།།
དམར་ཆུང་སྙིང་གི་གསེབ་ནས་ཁྲག་དམར་འཛགས།།
ང་ལ་གཏན་སྡོད་བྱེད་སའི་ཡུལ་ཞིག་མེད།།
ཁྱོད་རང་བསུ་མ་བྱེད་པའི་ཐོབ་ཐང་དམན།།
སྙིང་གཏམ་ལག་པས་སྐྱོར་བའི་དུས་སྐབས་དེར།།
ཡིད་ཀྱི་རྒྱ་མཚོ་སྐྱོམས་པའི་གྲང་བ་འཕྱུར།།
བྲལ་བའི་དུས་ཚོད་སྐད་ཅིག་ཙམ་གྱིས་སླེབས།།
སྐྱིད་ཀྱི་འཚོ་བར་སྡུག་གི་སྔ་མ་སྐྱེས།།
ཁྱོད་ཀྱིས་སྤྲོ་ཉམས་བཏོད་པའི་ངང་ཚུལ་དེ།།
བདག་སེམས་མཆི་མས་བསྣོལ་བའི་ས་བོན་ཡིན།།
དེ་རིང་ངེད་གཉིས་བྲལ་བའི་དུས་ལ་བསླེབས།།
ཕན་ཚུན་འཁྲེང་ནས་མཆི་མ་སེམས་ལ་ལྷུང་།།
བརྩེ་བའི་འདམ་དུ་བྱིངས་པའི་མི་སེམས་གཉིས།།
ཡང་ཡང་ཐུགས་པའི་སྨོན་པ་ཤུགས་དྲག་བཅང་།།
ཚ་བའི་རྒྱ་མཚོ་འཕྱུར་བའི་རྒྱ་གར་ཡུལ།།
གར་སོང་རང་དབང་ཅན་གྱི་རྒྱལ་ཁབ་ཤིག།
ཁྱོད་ཀྱིས་མིག་ཆུས་བརླན་པའི་བདག་གི་སེམས།།
གར་སོང་རང་དབང་མེད་པའི་འདར་སིག་སིག།
ཕུ་ནུ་གཉེན་ཉེ་བཞག་ནས་རྒྱང་བཞུད་བྱས།།
དམར་པོའི་ལྟ་གྲུབ་འོག་ནས་གསང་བྲོས་བྱས།།
སྟག་ཤར་སྙིང་ཤ་ཅན་གྱི་རང་ཚུགས་དེ།།
ཁྱོད་དང་བྲལ་ཉིན་སྟར་མའི་ཁུང་བུར་འཛུལ།།
འདུས་མཐར་བྲལ་བའི་ཁྲིམས་ལ་གཡོལ་ཐབས་མེད།།
བྲལ་བའི་ཐ་མར་འཛོམས་པ་རྨི་ལམ་ཙམ།།
སྨོན་པ་བརྒྱ་ཕྲག་སྟོང་ལ་བསྐུར་ནའང་།།
བརྩེ་བའི་གཅོང་ནད་སེལ་བའི་སྐུ་རིམ་ཙམ།།
གཞན་ཡུལ་ལུང་བའི་འཚོ་བར་སྐྱོ་གར་ཞིག།
མྱ་ངན་ལྕི་མོ་སྡོང་ལོ་འཐོར་འཐོར་བྱེད།།
ལང་ཚོའི་དུས་ཚིགས་རྫོགས་པའི་ཧྲག་བར་ནས།།
ལས་འདི་ཕར་ལ་གཡུགས་ཀྱང་ཚུར་ལ་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་ཤར་སྙིང་ཤ་ཅན་གྱི་རང་ཚུགས།

2012-10-05 ཁྲ་གངས་ཚེར། ཀློག་གྲངས། མཆན ཡོད།


སྐྱིད་དུས་འབྱོར་བས་ཕོངས་ཀྱང་སེམས་རྩ་དྲོ།།
སྡུག་དུས་མི་ཤ་ཟོས་ཀྱང་ཕན་པ་མེད།།
ལས་ཀྱི་རང་གཤིས་གྱོང་བའི་ལམ་མདོ་ནས།།
རྫུན་གཟུགས་ཐོད་དུ་བཟུང་ནས་བཟོད་བསྲན་བྱས།།
མི་ཡུལ་ལོང་བ་འགྲིམས་ནས་ལྟོ་བ་བགྲང་།།
ཕྱི་ཡི་པགས་པ་ཚ་བས་ཟེར་གྱི་གས།།
ལོ་ཟླའི་མཇུག་མ་དྲུད་པའི་མཐའ་མར་དེར།།
ལག་སྟོང་མཆན་དུ་བཅུག་ནས་སྡོད་ཐབས་བྲལ།།
སྐྱོར་འཐེན་མགོ་འདྲེན་བྱེད་པའི་རྒྱབ་དཔུང་མེད།།
བདག་མེད་ས་མཐར་འཁྱམས་པའི་སྤྲང་ཕྲུག་ངའི།།
དྲན་རྟེན་སོར་གདུབ་ཁུར་ནས་ཁྱོད་རང་བཙལ།།
ཁྱོད་ཀྱི་བརྩེ་བ་ཁུག་པའི་ལས་དབང་ཡོད།།
བཟང་འབྲེལ་ངན་འབྲེལ་ཟེར་བའི་རྣམ་རྟོགས་མེད།།
གཡོ་དང་སྒྱུ་མའི་བཟོས་པའི་ཁ་ཕོ་མེད།།
ཅིང་མེད་རི་ལ་འཁྱམས་པའི་ལམ་བར་ནས།།
བརྩེ་བའི་བྲང་ཤ་རློན་པ་ཁྱོད་དང་སྦྱར།།
ལྷན་འགྲོག་འཚོ་བའི་རྨང་གཞི་ཡུན་མ་རིང་།།
བྲལ་ཁའི་མཆི་མར་སྟེར་བའི་ལན་མ་རྙེད།།
གཏན་གྲོགས་འདུན་མ་དགོས་ཞེས་ཞུ་མ་ཕོད།།
དམར་ཆུང་སྙིང་གི་གསེབ་ནས་ཁྲག་དམར་འཛགས།།
ང་ལ་གཏན་སྡོད་བྱེད་སའི་ཡུལ་ཞིག་མེད།།
ཁྱོད་རང་བསུ་མ་བྱེད་པའི་ཐོབ་ཐང་དམན།།
སྙིང་གཏམ་ལག་པས་སྐྱོར་བའི་དུས་སྐབས་དེར།།
ཡིད་ཀྱི་རྒྱ་མཚོ་སྐྱོམས་པའི་གྲང་བ་འཕྱུར།།
བྲལ་བའི་དུས་ཚོད་སྐད་ཅིག་ཙམ་གྱིས་སླེབས།།
སྐྱིད་ཀྱི་འཚོ་བར་སྡུག་གི་སྔ་མ་སྐྱེས།།
ཁྱོད་ཀྱིས་སྤྲོ་ཉམས་བཏོད་པའི་ངང་ཚུལ་དེ།།
བདག་སེམས་མཆི་མས་བསྣོལ་བའི་ས་བོན་ཡིན།།
དེ་རིང་ངེད་གཉིས་བྲལ་བའི་དུས་ལ་བསླེབས།།
ཕན་ཚུན་འཁྲེང་ནས་མཆི་མ་སེམས་ལ་ལྷུང་།།
བརྩེ་བའི་འདམ་དུ་བྱིངས་པའི་མི་སེམས་གཉིས།།
ཡང་ཡང་ཐུགས་པའི་སྨོན་པ་ཤུགས་དྲག་བཅང་།།
ཚ་བའི་རྒྱ་མཚོ་འཕྱུར་བའི་རྒྱ་གར་ཡུལ།།
གར་སོང་རང་དབང་ཅན་གྱི་རྒྱལ་ཁབ་ཤིག།
ཁྱོད་ཀྱིས་མིག་ཆུས་བརླན་པའི་བདག་གི་སེམས།།
གར་སོང་རང་དབང་མེད་པའི་འདར་སིག་སིག།
ཕུ་ནུ་གཉེན་ཉེ་བཞག་ནས་རྒྱང་བཞུད་བྱས།།
དམར་པོའི་ལྟ་གྲུབ་འོག་ནས་གསང་བྲོས་བྱས།།
སྟག་ཤར་སྙིང་ཤ་ཅན་གྱི་རང་ཚུགས་དེ།།
ཁྱོད་དང་བྲལ་ཉིན་སྟར་མའི་ཁུང་བུར་འཛུལ།།
འདུས་མཐར་བྲལ་བའི་ཁྲིམས་ལ་གཡོལ་ཐབས་མེད།།
བྲལ་བའི་ཐ་མར་འཛོམས་པ་རྨི་ལམ་ཙམ།།
སྨོན་པ་བརྒྱ་ཕྲག་སྟོང་ལ་བསྐུར་ནའང་།།
བརྩེ་བའི་གཅོང་ནད་སེལ་བའི་སྐུ་རིམ་ཙམ།།
གཞན་ཡུལ་ལུང་བའི་འཚོ་བར་སྐྱོ་གར་ཞིག།
མྱ་ངན་ལྕི་མོ་སྡོང་ལོ་འཐོར་འཐོར་བྱེད།།
ལང་ཚོའི་དུས་ཚིགས་རྫོགས་པའི་ཧྲག་བར་ནས།།
ལས་འདི་ཕར་ལ་གཡུགས་ཀྱང་ཚུར་ལ་ཡོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།