སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།

      ___ཐར་ས་མེད་ཀྱི་ཁག་དང་པོ།
ཨ་མའི་ནུ་མ་སོ་ཡིས་བལྡད།།
དཀར་ཡོལ་འབྲུག་མ་བྲུན་གྱིས་བྱབས།།
འཕོ་དང་མིན་ནས་ཁ་མཆུ་བསྐྱུགས།།
ཕྱིར་ལམ་ཕྲ་མོ་ཁྲག་གིས་བྲན།།
ང་དང་བྲག་གི་སྒོམ་ཆེན་པ།།
སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།།
དགུང་གི་ལྷ་དང་ལྷ་མོ་ཚོགས།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
ཤོག་ངོས་ཕར་སློགས་ཚུར་སློགས་ཀྱིས།།
པོད་ཏིའི་བྲག་རི་སྤྲིན་ལ་འདྲེས།།
ཤེས་བྱའི་བུ་ཆུང་མངལ་ནས་འགུལ།།
ནངས་དགོང་བར་ནས་གོམ་ཁ་འཁྱོར།།
ང་དང་སྨྱུག་འཆང་ཤེས་ལྡན་པ།།
སྤྲང་ཀི་སྤྲང་ཀི་སྟོད་ལ་འགྲོ།།
སྟོད་ཀྱི་ལྷ་ཆེན་ཚངས་བ་ཡང་།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
ནང་ལ་བསྡུས་བའི་སེམས་སེམས་བྱུང་།།
སྐར་ཆ་གཅིག་གི་སྲུབས་ནས་ཤོར།།
མི་བསྲུན་མི་ཐུབ་སྤྱོད་པའི་དུག །
ལག་པའི་སྟེང་ལ་ཆུ་བུར་བརྡོལ།།
ང་དང་ཁྲི་ཁའི་རྔམས་ཆེན་དཔོན།།
སྤྲང་ཀི་སྤྲང་ཀི་སྨད་ལ་་འགྲོ །
སྨད་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
འཆད་པའི་མེ་ལྕེ་རླུང་ལ་སྐུར།།
ཁུ་ཚུར་སྣེ་མོ་འདམ་གྱིས་བྱིངས། །
སྒོར་བྲོ་གཅིག་དང་སྒོར་བྲོ་གཉིས།།
ཕྱི་ནང་གཉིས་ཀྱི་བར་ནས་འཁྲབ།།
ང་དང་ཁྲོམ་གྱི་སྟོང་བརྒྱ་འབུམ།།
སྤྲང་ཀི་སྤྲང་ཀི་བོད་ལ་འགྲོ།།
བདུད་རྩིར་རོལ་བའི་བག་ཡངས་་པ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
དྲིན་ལྡན་ཁུ་བས་དཀྲེ་མགོ་བརྡར།།
མཆོད་ཁང་ནང་དུ་གཉིས་གཉིས་བཤོས།།
ལགས་འཆང་བལྟོ་བའི་མ་ཚིམས་པར།།
སྡུག་བསྔལ་ཕ་ལོང་སེམས་ལ་ལྷུང་།།
ང་དང་རིགས་མཐུན་སྲས་སྲས་མོ།།
སྤྲང་ཀི་སྤྲང་ཀི་སྲང་ལ་འགྲོ།།
སྲང་གི་ངེས་ལྡན་སྤྲང་བོ་ཚོ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
དེ་རིང་གནམ་ན་འོད་དྲོད་མེད།།
དེ་རིང་ས་ན་ཁྱིམ་གཞིས་མེད།།
དེ་རིང་བར་ན་རླུང་བུ་མེད་།།
དེ་རིང་སྤྲང་བོ་གང་ལ་འགྲོ།།
འདོད་ཡོན་སྒྱེ་མོ་བྱོ་བས་ལན།། 
སྡུག་བསྔལ་མདུང་གིས་ཕྱིར་དེད་པའི།།
གཟུགས་ཅན་གཟུགས་མེད་སྤྲང་བོ་ཚོ།།
སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།།
    ༢༠༡༠  ༩   ༡༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།

2012-09-19 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

      ___ཐར་ས་མེད་ཀྱི་ཁག་དང་པོ།
ཨ་མའི་ནུ་མ་སོ་ཡིས་བལྡད།།
དཀར་ཡོལ་འབྲུག་མ་བྲུན་གྱིས་བྱབས།།
འཕོ་དང་མིན་ནས་ཁ་མཆུ་བསྐྱུགས།།
ཕྱིར་ལམ་ཕྲ་མོ་ཁྲག་གིས་བྲན།།
ང་དང་བྲག་གི་སྒོམ་ཆེན་པ།།
སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།།
དགུང་གི་ལྷ་དང་ལྷ་མོ་ཚོགས།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
ཤོག་ངོས་ཕར་སློགས་ཚུར་སློགས་ཀྱིས།།
པོད་ཏིའི་བྲག་རི་སྤྲིན་ལ་འདྲེས།།
ཤེས་བྱའི་བུ་ཆུང་མངལ་ནས་འགུལ།།
ནངས་དགོང་བར་ནས་གོམ་ཁ་འཁྱོར།།
ང་དང་སྨྱུག་འཆང་ཤེས་ལྡན་པ།།
སྤྲང་ཀི་སྤྲང་ཀི་སྟོད་ལ་འགྲོ།།
སྟོད་ཀྱི་ལྷ་ཆེན་ཚངས་བ་ཡང་།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
ནང་ལ་བསྡུས་བའི་སེམས་སེམས་བྱུང་།།
སྐར་ཆ་གཅིག་གི་སྲུབས་ནས་ཤོར།།
མི་བསྲུན་མི་ཐུབ་སྤྱོད་པའི་དུག །
ལག་པའི་སྟེང་ལ་ཆུ་བུར་བརྡོལ།།
ང་དང་ཁྲི་ཁའི་རྔམས་ཆེན་དཔོན།།
སྤྲང་ཀི་སྤྲང་ཀི་སྨད་ལ་་འགྲོ །
སྨད་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
འཆད་པའི་མེ་ལྕེ་རླུང་ལ་སྐུར།།
ཁུ་ཚུར་སྣེ་མོ་འདམ་གྱིས་བྱིངས། །
སྒོར་བྲོ་གཅིག་དང་སྒོར་བྲོ་གཉིས།།
ཕྱི་ནང་གཉིས་ཀྱི་བར་ནས་འཁྲབ།།
ང་དང་ཁྲོམ་གྱི་སྟོང་བརྒྱ་འབུམ།།
སྤྲང་ཀི་སྤྲང་ཀི་བོད་ལ་འགྲོ།།
བདུད་རྩིར་རོལ་བའི་བག་ཡངས་་པ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
དྲིན་ལྡན་ཁུ་བས་དཀྲེ་མགོ་བརྡར།།
མཆོད་ཁང་ནང་དུ་གཉིས་གཉིས་བཤོས།།
ལགས་འཆང་བལྟོ་བའི་མ་ཚིམས་པར།།
སྡུག་བསྔལ་ཕ་ལོང་སེམས་ལ་ལྷུང་།།
ང་དང་རིགས་མཐུན་སྲས་སྲས་མོ།།
སྤྲང་ཀི་སྤྲང་ཀི་སྲང་ལ་འགྲོ།།
སྲང་གི་ངེས་ལྡན་སྤྲང་བོ་ཚོ།།
སྤྲང་དགོས་ང་དང་མཉམ་དུ་འགྲོ།།
 
 
དེ་རིང་གནམ་ན་འོད་དྲོད་མེད།།
དེ་རིང་ས་ན་ཁྱིམ་གཞིས་མེད།།
དེ་རིང་བར་ན་རླུང་བུ་མེད་།།
དེ་རིང་སྤྲང་བོ་གང་ལ་འགྲོ།།
འདོད་ཡོན་སྒྱེ་མོ་བྱོ་བས་ལན།། 
སྡུག་བསྔལ་མདུང་གིས་ཕྱིར་དེད་པའི།།
གཟུགས་ཅན་གཟུགས་མེད་སྤྲང་བོ་ཚོ།།
སྤྲང་ཀི་སྤྲང་ཀི་དགུང་ལ་འགྲོ།།
    ༢༠༡༠  ༩   ༡༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།