ཐུ་བྷོད་སྙིང་སྟོབས།

སུས་ཀྱང་གཏན་དུ་དཔོག་པར་མི་འགྱུར་སྔར་སོང་ལང་ཚོའི་ཟུབ་ཤུལ་ན།།
ཇི་ལྟར་བརྟགས་ཀྱང་རྟོགས་པར་འགྱུར་མིན་ངམ་ནག་གསང་བའི་བཞིན་རས་གང་།།
བདེན་ནམ་རྫུན་པའི་ངག་རྒྱུན་འཁྱམས་པོས་ནོག་པར་བཏང་བའི་བསྟན་བཤིག་འདིས།།
སྲིད་ཞིའི་མཛེས་པ་བཅུད་དུ་བཙེར་བའི་འཕྱོར་ཉམས་གང་ཡང་ལྐུགས་པར་གཏོང་།།
ཞུམ་མེད་སྙིང་སྟོབས་ཞུགས་ལྕེ་དམར་པོའི་གར་སྟབས་ཧྲགས་པོ་རབ་བསྒྱུར་བས།།
བཟོད་མེད་བསྲན་བྲལ་ཡིད་ཁམས་འདར་བྱེད་གྲང་རེག་རྣོན་པོའི་དབལ་ཁ་གང་།།
ཕྱེ་མར་འཐག་ཅིང་ཁུ་བར་བཞུས་པའི་རླབས་ཆེན་རྡོག་པའི་སྤོས་ཤུལ་ན།།
འཕྱོར་སྒེག་ལང་ཚོའི་དཔལ་གྱིས་རབ་མྱོས་མེ་ཏོག་གངས་ལྷའི་མྱུ་གུ་བུས།།
 
མཐའ་ཡི་རྒྱ་མཚོ་ཧུབ་ཀྱིས་སྐེམ་ཡང་དོག་པར་སྲིད་མིན་བློ་ཡི་དཀྱེལ།།
སྲིན་པོའི་དུག་མདའ་དཔྲལ་བར་གཟས་ཀྱང་བཞིན་མདངས་མི་འགྱུར་བརླིང་བའི་ཚུགས།།
དམ་ཚིག་རྡོ་རྗེའི་མདུད་པ་བསྡམས་གྱུར་གནམ་ལྕགས་ཐོག་གིས་འཇིག་ནུས་མིན།།
ཕབ་པའི་དགྲ་ལ་བུ་ལྟར་བྱམས་པ་སྙིང་སྟོབས་བཞུན་པོའི་ཞགས་ཚི་ཡིན།།
རྔམ་ཟིལ་དཔུང་པ་དགུང་དུ་བསྒྲེངས་ཤིང་ཤ་རྒོད་ཧྲགས་པོ་ལྡིང་བའི་འགྲོས།།
ལྷུན་བརྗིད་རྡོག་པ་ས་རུ་ཚུགས་ཤིང་ཐལ་རྡུལ་སྐྱ་བོ་འཁྱུག་པའི་གར།།
གངས་ཀྱི་རི་ཡང་མཚོ་རུ་བསྐྱིལ་བའི་གདེང་དང་སྤོབས་པའི་འཛུམ་ཀོང་གང་།།
ཐུ་བྷོད་དཔའ་བོ་སྲིད་རྩེར་འགྲེང་བའི་རྐང་རྟེན་གསེར་གྱི་ས་གཞི་ཡིན།།
 
ཤ་འདོད་རྐན་སྒྲ་རང་དགར་མི་སྒྲོག་བསྒྲགས་གྱུར་སེམས་ཅན་གསོན་པོར་བཟའ།།
རྫུ་འདོད་ཟོལ་གཏམ་རང་དགར་མི་སྨྲ་སྨྲས་གྱུར་རིག་པའི་ལྷ་ཡང་བསླུ།།
ཧམ་འདོད་སྤོབས་སྙེམས་རང་དགར་མི་ངོམ་ངོམས་གྱུར་གཤེན་རྗེའི་དཔུང་ཡང་འཇིགས།།
འཇོན་འདོད་དོན་བྱ་ལག་པར་མི་ལེན་བླངས་གྱུར་སྲིད་པའི་མཐའ་རུ་སྐྱེལ།།
འཕྱོར་འདོད་རྒྱན་ཆ་རང་དགར་མི་འདོགས་བཏགས་གྱུར་གནམ་མཁའི་ལྷ་ཡང་སྐྱེངས།།
སྐྱིད་འདོད་བག་མེད་རང་དགར་མི་སྤྱོད་སྤྱད་གྱུར་འོག་གི་ཀླུ་ཡང་སྨོན།།
ངར་འདོད་དཔུང་བ་རང་དགར་མི་འཕྱར་ཕྱར་གྱུར་བར་གྱི་བཙན་ཡང་འབྲོས།།
ཐུ་བྷོད་དཔའ་བོ་སྲིད་ན་གྲགས་པའི་དཔའ་སྙིང་དཔུང་བའི་འགྲོ་རོགས་ཡིན།།
 
གནམ་ལྕགས་མདའ་མོ་མཐེབ་ཀྱིས་མི་འཕེན་རྣམ་དཔྱོད་རིག་པའི་རྩལ་གྱིས་འཕེན།།
སྲོག་གཅོད་རལ་གྲི་ལག་པས་མི་གཡུག་ཞུམ་མེད་སྤོབས་པའི་སྟོབས་ཀྱིས་གཡུག།
རྣོ་དབལ་དུག་མདུང་ཕྱག་གིས་མི་བསྣུན་དཔའ་སྟོབས་དྲགས་པོའི་ཟིལ་གྱིས་བསྣུན།།
མང་སྣེ་ཉུང་ངུས་བརྟན་པས་ཅི་ཚད་ཕས་རྒོལ་འདྲེ་ལག་ཐལ་བར་བསྲེགས།།
ཁྲོས་ན་སྤུ་གྲིའི་རྔོ་ལ་འཇུ་ཞིང་ངར་ན་མདའ་མོ་གདོང་གིས་ལེན།།
འཁོན་ན་དྲག་པོའི་དཔུང་གིས་མནོན་ཞིང་འདྲིས་ན་དམར་པོའི་སྲོག་གིས་སྲུང་།།
སྨུག་ནག་བཞིན་གྱི་མཐའ་རུ་བསྲིང་བའི་མྱུར་མགྱོགས་རླུང་གི་བང་ཆེན་དེ།།
ཐུ་བྷོད་དཔའ་བོ་ཕྱོགས་ལས་རྒྱལ་བའི་སྟོབས་ཤུགས་ཁྲག་གི་རྒྱ་མཚོ་ཡིན།།
 
འཛམ་གླིང་ཡང་རྩེ་ཆིབས་སུ་བཅིབས་པའི་དཔའ་སྟོབས་གླང་པོ་མྱོས་པའི་མཐུས།།
གཏན་ནས་གཏན་དུ་ཞུམ་པར་མི་སྲིད་ངམ་ནག་སྲིན་པོའི་དཔུང་གི་ཚོགས།།
ཕྱོགས་དང་ཕྱོགས་ནས་དུས་དང་དུས་སུ་འཛེམས་མེད་ཕས་ཀྱིས་རྒོལ་བ་ལས།།
ཟླུམ་གཟུགས་གོ་ལ་ཕྱེད་བགོས་བཏང་བའི་སྔར་སོང་གཏམ་གྱི་རོ་བཅུད་འཕེལ།།
བསམ་ཚད་མི་ཤོད་བཤད་ཚད་བསྒྲུབ་ཕོད་དཔའ་བའི་ཚོད་དང་ཚད་གཞི་ཡིན།།
བཟས་ཚད་འཇུ་ཡང་ཡོད་ཚད་མི་བཟའ་མཛངས་པའི་རྟགས་དང་མཚན་མ་ཡིན།།
དཔའ་མཛངས་ལང་ཚོའི་དབྱངས་འགྲོས་རན་པོ་གདངས་སུ་གྱེར་བའི་འགྱུར་ཁུགས་འདི།།
ཐུ་བྷོད་དཔའ་བོས་དགྲ་རྒུ་ཐུབ་པའི་ཡང་གནད་བཅུད་ཀྱི་ནོར་བུ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐུ་བྷོད་སྙིང་སྟོབས།

2012-09-06 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།